བྱ་རྔ་མོང་བཟའ་ཚང་།

    གནའ་སྔ་མོར་ས་ཆ་ཞིག་ན་བྱ་རྔ་མོང་བཟའ་ཚང་གཅིག་ཡོད་པ་དང་། བྱ་རྔ་མོང་དེ་གཉིས་ལ་ཕྲུ་གུ་གཅིག་ཀྱང་མེད། རྒྱུ་མཚན་ནི་ཁོ་གཉིས་ཀྱིས་རྒྱུན་པར་སྒོ་ང་རུམ་པའི་སྐབས་སུ། རང་ཉིད་ཀྱིས་ལུས་ཕུང་ལྗིད་དྲགས་པའི་རྐྱེན་གྱིས་སྒོ་ང་ཆག་འགྲོ་བའི་སྟབས་ཀྱིས་སེམས་སྡུག་གིས་ཁེངས་ཡོད།

    ཡང་དང་ཡང་དུ་ཕམ་ཁ་མྱངས་པས་ཁོ་གཉིས་ཀྱང་རང་གིས་སྒོ་ང་རུམ་ནས་བྱ་ཕྲུག་གས་པར་ཡིད་ཆེས་མེད་པར་གྱུར། དེ་བས་ཁོ་གཉིས་ཀྱིས་བྱེ་ཐང་གི་ཕྱོགས་གཞན་ཞིག་ན་དེ་སྔ་བྱ་རྔ་མོང་གི་ཕྲུ་གུ་རུམ་མྱོང་བའི་བྱ་རྔ་མོང་ཞིག་ཡོད་པ་དེའི་གམ་དུ་ཕྱིན་ནས་ཉམས་མྱོང་དང་བྱེད་ཐབས་བསླབ་ན་བསམས།

    ཁོ་གཉིས་ཀྱིས་དཀའ་བ་ཁྱད་དུ་བསད་དེ་ཉིན་མཚན་མེད་པར་འགྲུལ་བཞུད་བྱས་མཐར་བྱ་རྔ་མོང་ཨ་མ་དེའི་ཁྱིམ་དུ་སླེབས།

    ཁོ་གཉིས་ཀྱིས་སྐད་གདངས་དམའ་མོས“ལྕམ་མོ་ཁྱེད་ཀྱིས་ངེད་གཉིས་ལ་ཐུགས་རྗེས་གཟིགས་ནས། སྒོ་ང་རུམ་པའི་ཉམས་མྱོང་དག་མི་གསང་མ་སྦས་པར་ངེད་གཉིས་ལ་བཤད་རོགས་གནང་། ངེད་གཉིས་ཀྱིས་ད་བར་དུ་ཐབས་ཤེས་གང་འདྲ་སྤྱད་ཀྱང་སྒོ་ང་གཅིག་ཀྱང་གས་རྒྱུ་མ་བྱུང་། ངེད་གཉིས་ཀྱིས་ཕྲུ་གུ་ཞིག་ཡོད་པར་རེ་བ་ཆེན་པོ་བཅངས་ཡོད”ཅེས་ལྷག་བསམ་ཟོལ་མེད་ཀྱིས་ཞུས།

    བྱ་རྔ་མོང་རྒན་མོ་དེས་ལྷག་བསམ་ཟོལ་མེད་ཀྱི་གཏམ་དེ་དག་ལ་གསན་རྗེས། “དོན་འདི་སླ་བ་ཞིག་གཏན་ནས་མ་རེད། རང་གི་རེ་བ་དང་འབད་པ་ཁོ་ནས་སྒྲུབ་ཐབས་མེད་པར། ད་དུང་ཆ་རྐྱེན་དངོས་པོ་གཞན་དགོས”ཞེས་བཤད་མ་ཐག ལོ་ན་གཞོན་པའི་བྱ་རྔ་མོང་བཟའ་ཟླ་གཉིས་ཀྱིས་འཚབ་འཚུབ་ངང“དངོས་པོ་དེ་ཅི་ཞིག་རེད། ངེད་གཉིས་ཀྱིས་ངེས་པར་འགྲུབ་ཐབས་བྱ་རྒྱུ་ཡིན”ཟེར།

    “ཆོག་གི ཁྱོད་གཉིས་ལ་དེ་འདྲའི་རེ་བ་ཆེན་པོ་ཞིག་ཡོད་ན།གསལ་བོར་ཉོན་དང་ངས་བཤད།ཆེས་གལ་ཆེ་བ་ནི་ཁྱོད་གཉིས་ཀྱི་སེམས་གཏིང་ནས་ཐོན་པའི་བརྩེ་སེམས་ཟབ་མོ་དེ་དགོས། ལྷག་བསམ་རྣམ་དག་གི་བརྩེ་སེམས་ཀྱིས་སྒོ་ང་རུམ་པ་དང་དུས་ཚོད་སྐར་ཆ་ཙམ་ལའང་འཛམ་གླིང་སྟེང་ཆེས་རྩ་ཆེ་བའི་རིན་པོ་ཆེ་ལ་བདག་སྐྱོང་བྱེད་པ་ནང་བཞིན་བདག་སྐྱོང་བྱེད་དགོས་པ་དང་། སེམས་གཏིང་ནས་བྱུང་བའི་སྤྲོ་སེམས་ཀྱིས་སྒོ་ང་རུམ་ན་ད་གཟོད་སྒོ་ང་འདིར་ཚེ་སྲོག་གི་འབྲས་བུ་སྨིན་ཐུབ”ཟེར།

    བྱ་རྔ་མོང་བཟའ་ཟླ་གཉིས་ཀྱིས་བཀའ་སློབ་དེ་དག་ལ་གསན་རྗེས། སེམས་ཀྱི་གཏིང་ནས་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་ཡོད། དེ་ནས་ཁོ་གཉིས་བྱ་རྔ་མོང་རྒན་མོ་དང་ཁ་གྱེས་ཏེ། ཡིད་ཆེས་རྒྱ་འགྱུར་གྱིས་རང་སར་ལོག

    དུས་དེ་ནས་བཟུང་། བྱ་རྔ་མོང་བཟའ་ཟླ་གཉིས་ཀྱིས་ཉིན་མཚན་ལྟོས་མེད་དུ་སྒོ་ང་རུམ་པ་དང་།བརྩེ་སེམས་དང་བྱམས་བརྩེའི་ངང་སྒོ་ང་རུམ་ལ།དེ་ལྟར་རུམ་ནས་ཉིན་ཞག་མང་པོ་ཞིག་འགོར་སོང་།

    ཁོ་བཟའ་ཟླ་གཉིས་ཀྱིས་ཉིན་མཚན་དབྱེར་མེད་དུ་སེམས་ཤུགས་ཡོད་ཚད་ཀྱིས་སྒོ་ང་རུམ་པས། ངལ་དུབ་ཀྱིས་མནར་ནས་ལངས་ཡང་མི་ཐུབ་པར་གྱུར། ཡིན་ནའང་ཁོ་གཉིས་ཀྱི་སེམས་སུ་ཚད་མེད་པའི་བརྩེ་བ་དང་རེ་བ། ཡིད་ཆེས་ཀྱིས་ཁེངས་ལ།རང་ཉིད་ཀྱི་མ་འོངས་པའི་བུ་ཕྲུག་ལ་བརྩེ་དུང་ཟབ་མོ་བཅངས་ཡོད་པས། དུས་ཡུན་རིང་པོ་ཞིག་ལ་སྡུག་རུས་དང་འབད་བརྩོན་ལྷོད་མེད་བྱས་པས།མཇུག་མཐར་རེ་བའི་འབྲས་བུ་སྨིན་བྱུང་།

    ཉིན་ཞིག ཁོ་གཉིས་ཀྱིས་སྒོ་ངའི་ནང་ནས་འགུལ་ཙམ་འགུལ་ཙམ་བྱས་པ་ཚོར་བ་དང་། དེ་ནས་ཡང་དལ་གྱིས“ཙག་སྒྲ་དང་བཅས”སྒོང་ཤུན་ཆག་པའི་སྒྲ་ཐོས། དེ་རྗེས་སྒོང་ཤུན་དཀྱིལ་ནས་སྤུ་སོབ་སོབ་ཀྱི་བྱ་རྔ་མོང་ཆུང་ཆུང་ཞིག་གི་མགོ་བོ་ཐོན་བྱུང་ངོ་།

    ཐང་དཀར་རྒོད་པོ་དང་བྱ་ཁྱུང་ཆུང་ཆུང་།

    གནའ་སྔ་མོར་ས་ཆ་ཞིག་ན་བྱ་རྒོད་ཅིག་ཡོད། ཉིན་ཞིག་བྱ་རྒོད་དེ་རྒུན་འཐུ་རུ་སོང་ནས་ཕྱིར་ཕྱིན་པ་ན། བྱ་ཁྱུང་ཆུང་ཆུང་གཉིས་ད་དུང་བྱ་སྤུ་ཡང་སྐྱེས་མེད་པའི་ཁོའི་ཕུ་གུར་གླན་ནས་བྱ་ཚང་ནང་དུ་བསྡད་ཡོད་པས་ཁོ་རང་ཧ་ལས་སོང་།

    སྐབས་དེར་བྱ་རྒོད་ཀྱི་སེམས་དེ་འདྲའི་སྐྱིད་པོ་ཞིག་མ་རེད། རྒྱུ་མཚན་ནི་ཉིན་དེ་དག་གི་རིང་ཕྱི་རུ་ཆར་བ་བབས་ནས་སྨུག་པ་འཐིབས་འདུག་པས། རི་དྭགས་རྔོན་པར་སྟབས་བདེ་བོ་མིན། གནམ་ངོ་དྭངས་ནས་ཁྲི་གདུགས་ཉི་མའི་འོད་ཟེར་ས་གཞི་ཀུན་ལ་འཕྲོ་དུས་ནི་ཐང་དཀར་རྒོད་པོས་གཤོག་རྩལ་ངོམ་ཞིང་ས་སྟེང་གི་རི་དྭགས་རྔོན་པའི་དུས་བཟང་ཞིག་ཡིན་པ་ང་ཚོས་ཀྱང་ཤེས། ཡིན་ནའང་ཉིན་དེ་དག་གི་རིང་ཕྱི་རོལ་ནས་ཤི་ནས་ཉིན་འགའ་ཤས་འགོར་བའི་རི་དྭགས་ཆུང་ཆུང་གི་རོ་ལས་མེད་ལ། བྱ་རྒོད་ནི་ལྟོགས་ནས་འཆི་དགོས་རུང་ཤ་རུལ་བ་མི་བཟའ་བ་རེད།

    བྱ་རྒོད་དེས་མ་བོས་མགྲོན་པོ་ཆུང་ཆུང་དེ་གཉིས་ལ་ལྟ་བཞིན། སེམས་སུ་ཉིན་དེ་དག་རིང་སེམས་མ་སྐྱིད་པའི་ཁོང་ཁྲོ་ཚང་མ་དེ་གཉིས་ཀྱི་ལུས་ཐོག་ཏུ་བཀོལ་ནས་དུམ་བུར་གཤགས་ན་བསམས།

    འོན་ཀྱང་། ཅུང་མ་འགོར་བར་ཁོའི་བསམ་ངན་དེ་དེ་མ་ཐག་ཏུ་ཞི་བར་གྱུར། རྒྱུ་མཚན་ནི་བྱ་རྒོད་ནི་བྱ་རྒོད་རང་རེད། རང་ཉིད་ཁོང་ཁྲོ་དང་ང་རྒྱལ་ཇི་ཙམ་ཆེ་ནའང་། ཉམས་ཆུང་སྲོག་ཆགས་ཀྱི་ལུས་ཐོག་ཏུ་འདོན་མི་སྲིད་པ་ཞིག་རེད། གལ་ཏེ་ཁོང་ཁྲོ་ཇི་ཡོད་རང་སྲུང་གི་ནུས་པ་ཅི་ཡང་མེད་པའི་ཉམས་ཆུང་སྲོག་ཆགས་དེ་གཉིས་ཀྱི་ལུས་སྟེང་དུ་འདོན་ན་ནི། ཐང་དཀར་རྒོད་པོའི་མིང་ཙམ་ཡང་ཐོབ་མི་སྲིད། བྱེད་སྟངས་འདི་འདྲ་ཁོ་ཚོའི་གཤིས་ཀ་དང་ཡང་མི་འཚམ་པ་ཞིག་རེད།

    “འོ་ན། ཁྱོད་གཉིས་འདིར་ཇི་ལྟར་ཡོང་བ་ཡིན།”ཁོས་དེ་ལྟར་སྐད་འགྲགས་པོས་དྲིས།

    “ཨོ…… རེད……རེད……ཉེ་ཆར་ཕྱི་ནས་ཆར་བ་རྒྱུན་ཆད་མེད་པར་བབས་པས། ངེད་གཉིས་ནགས་ཚལ་ཁྲོད་ལམ་ནོར་སོང་བ་ཡིན”ཞེས་བྱ་ཕྲུག་ཆུང་ཆུང་གཅིག་གིས་དེ་ལྟར་སྐད་གདངས་དམའ་མོས་ལན་བཏབ།

    བཀྲེས་སྐོམ་གྱིས་མནར་བའི་བྱ་རྒོད་ཀྱིས། མིག་གཉིས་འབུར་ཚུགས་ཀྱིས་བྱིའུ་ཕྲུག་ཆུང་ཆུང་དེ་གཉིས་ལ་བལྟས་པས། བྱིའུ་ཕྲུག་དེ་གཉིས་ནི་སྐྲག་ནས་ལུས་པོ་འདར་སིག་སིག་བྱེད་བཞིན་དབུགས་ཀྱང་འབྱིན་མི་ཐུབ་པ་ལྟར་རུབ་རུབ་བྱས་ཏེ་བསྡད། བྱིའུ་ཕྲུག་དེ་གཉིས་ནི་རྒྱག་རིལ་རིལ་སྙིང་རྗེ་བོ་ཞིག་ཡོད་རུང་། ਍ཟླ8པའི་ཚེས14ཉིན་གྱི་པར་ངོས20དང21པ།

    བྱ་རྔ་མོང་དང་རྒོད་ཐང་དཀར། གྲོག་མ་བཅས་ཀྱི་གཏམ་རྒྱུད།

    དྷ་ཧྥུན་ཆི་ཡིས་བརྩམས། ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།

    བྱ་རྔ་མོང་བཟའ་ཚང་།

    གནའ་སྔ་མོར་ས་ཆ་ཞིག་ན་བྱ་རྔ་མོང་བཟའ་ཚང་གཅིག་ཡོད་པ་དང་། བྱ་རྔ་མོང་དེ་གཉིས་ལ་ཕྲུ་གུ་གཅིག་ཀྱང་མེད། རྒྱུ་མཚན་ནི་ཁོ་གཉིས་ཀྱིས་རྒྱུན་པར་སྒོ་ང་རིམ་པའི་སྐབས་སུ། རང་ཉིད་ཀྱིས་ལུས་ཕུང་ལྗིད་དྲག་པའི་རྐྱེན་གྱིས་སྒོ་ང་ཆག་འགྲོ་བའི་སྟབས་ཀྱིས་སེམས་སྡུག་གིས་ཁེངས་ཡོད།

    ཡང་དང་ཡང་དུ་ཕམ་ཁ་མྱངས་པས་ཁོ་གཉིས་ཀྱང་རང་གིས་སྒོང་ང་རུམ་ནས་བྱ་ཕྲུག་གས་པར་ཡིད་ཆེས་མེད་པར་གྱུར།དེ་བས་ཁོ་གཉིས་ཀྱིས་བྱེ་ཐང་གི་ཕྱོགས་གཞན་ཞིག་ན་དེ་སྔ་བྱ་རྔ་མོང་གི་ཕྲུ་གུ་རུམ་མྱོང་བའི་བྱ་རྔ་མོང་ཞིག་ཡོད་པ་དེའི་གམ་དུ་ཕྱིན་ནས་ཉམས་མྱོང་དང་བྱེད་ཐབས་བསླབ་ན་བསམས།

    ཁོ་གཉིས་ཀྱིས་དཀའ་བ་ཁྱད་དུ་བསད་དེ་ཉིན་མཚན་མེད་མར་འགྲུལ་བཞུད་བྱས་མཐར་བྱ་རྔ་མོང་ཨ་མ་དེའི་ཁྱིམ་དུ་སླེབས།

    ཁོ་གཉིས་ཀྱིས་སྐད་མདངས་དམའ་མོས “ལྕམ་མོ་ཁྱེད་ཀྱིས་ངེད་གཉིས་ལ་ཐུགས་རྗེས་གཟིགས་ནས། སྒོ་ང་རུམ་པའི་ཉམས་མྱོང་དག་མི་གསང་མི་སྦས་བར་ངེད་གཉིས་ལ་བཤད་རོགས་གནང་། ངེད་གཉིས་ཀྱིས་ད་བར་དུ་ཐབས་ཤེས་གང་འདྲ་སྤྱད་ཀྱང་སྒོ་ང་གཅིག་ཀྱང་གས་རྒྱུ་མ་བྱུང་། ངེད་གཉིས་ཀྱིས་ཕྲུ་གུ་ཞིག་ཡོད་པར་རེ་བ་ཆེན་པོ་བཅངས་ཡོད”ཅེས་ལྷག་བསམ་ཟོལ་མེད་ཀྱིས་ཞུས།

    བྱ་རྔ་མོང་རྒན་མོ་དེས་ལྷག་བསམ་ཟོལ་མེད་ཀྱི་གཏམ་དེ་དག་ལ་གསན་རྗེས། “དོན་འདི་སླ་ཞིག་གཏན་ནས་མ་རེད། རང་གི་རེ་བ་དང་འབད་པ་ཁོ་ནས་སྒྲུབ་ཐབས་མེད་པར། ད་དུང་ཆ་རྐྱེན་དངོས་པོ་གཞན་དགོས”ཅེས་བཤད་མ་ཐག ལོ་ན་གཞོན་པའི་བྱ་རྔ་མོང་བཟའ་ཟླ་གཉིས་ཀྱིས་འཚབ་འཚུབ་ངང“ དངོས་པོ་དེ་ཅི་ཞིག་རེད། ངེད་གཉིས་ཀྱིས་ངེས་པར་དུ་འགྲུབ་ཐབས་བྱ་རྒྱུ་ཡིན”ཟེར།

    “ ཆོག་གི ཁྱོད་གཉིས་ལ་དེ་འདྲའི་རེ་བ་ཆེན་པོ་ཞིག་ཡོད་ན།གསལ་བོར་ཉོན་དང་ངས་བཤད། ཆེས་གལ་ཆེ་བ་ནི་ཁྱོད་གཉིསཀྱི་སེམས་གཏིང་ནས་ཐོན་པའི་བརྩེ་སེམས་ཟབ་མོ་དེ་དགོས།ལྷག་བསམ་རྣམ་དག་གི་བརྩེ་སེམས་ཀྱིས་སྒོ་ང་རུམ་པ་དང་དུས་ཚོད་སྐར་ཆ་ཙམ་ལའང་འཛམ་གླིང་སྟེང་ཆེས་རྩ་ཆེ་བའི་རིན་པོ་ཆེ་ལ་བདག་སྐྱོང་བྱེད་པ་ནང་བཞིན་བདག་སྐྱོང་བྱེད་དགོས་པ་དང་། སེམས་གཏིང་ནས་བྱུང་བའི་སྤྲོ་སེམས་ཀྱིས་སྒོ་ང་རུམ་ན་ད་གཟོད་ད་གཟོད་སྒོ་ང་འདིར་ཚེ་སྲོག་གི་འབྲས་བུ་སྨིན་ཐུབ”ཟེར།

    བྱ་རྔ་མོང་བཟའ་ཟླ་གཉིས་ཀྱིས་བཀའ་སློབ་དེ་དག་ལ་གསན་རྗེས། སེམས་ནས་གཏིང་ནས་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་ཡོད། དེ་ནས་ཁོ་གཉིས་བྱ་རྔ་མོང་རྒན་མོ་དང་ཁ་གྱེས་ཏེ། ཡིད་ཆེས་རྒྱ་འགྱུར་གྱིས་རང་སར་ལོག

    དུས་དེ་ནས་བཟུང་། བྱ་རྔ་མོང་བཟའ་ཟླ་གཉིས་ཀྱིས་ཉིན་མཚན་ལྟོས་མེད་དུ་སྒོ་ང་རུམ་པ་དང་།བརྩེ་སེམས་དང་བྱམས་བརྩེའི་ངང་སྒོ་རུམ་ལ།དེ་ལྟར་རུམ་ནས་ཉིན་ཞག་མང་པོ་ཞིག་འགོར་སོང་།

    ཁོ་བཟའ་ཟླ་གཉིས་ཀྱིས་ཉིན་མཚན་དབྱེར་མེད་དུ་སེམས་ཤུགས་ཡོད་ཚད་ཀྱིས་སྒོ་ང་རུམ་པས། ངལ་དུབ་ཀྱིས་མནར་ནས་ལངས་ཡང་མི་ཐུབ་པར་གྱུར། ཡིན་ནའང་ཁོ་གཉིས་ཀྱི་སེམས་སུ་ཚད་མེད་པའི་བརྩེ་བ་དང་རེ་བ། ཡིད་ཆེས་ཀྱིས་ཁེངས་ལ།རང་ཉིད་ཀྱི་མ་འོངས་པའི་བུ་ཕྲུག་ལ་བརྩེ་དུང་ཟབ་མོ་བཅངས་ཡོད་པས། དུས་ཡུན་རིང་པོ་ཞིག་ལ་སྡུག་རུས་དང་འབད་བརྩོན་ལྷོད་མེད་བྱས་པས།མཇུག་མཐར་རེ་འབྲས་དོན་སྨིན་བྱུང་།

    ཉིན་ཞིག ཁོ་གཉིས་ཀྱིས་སྒོ་ངའི་ནང་ནས་འགུལ་ཙམ་འགུལ་ཙམ་བྱས་པ་ཚོར་བ་དང་། དེ་ནས་ཡང་དལ་གྱིས “ཙག་སྒྲ་དང་བཅས” སྒོང་ཤུན་ཆག་པའི་སྒྲ་ཐོས། དེ་རྗེས་སྒོང་ཤུན་དཀྱིལ་ནས་སྤུ་སོབ་སོབ་ཀྱི་བྱ་རྔ་མོང་ཆུང་ཆུང་ཞིག་གི་མགོ་བོ་ཐོན་བྱུང་ངོ་།

    ཐང་དཀར་རྒོད་པོ་དང་བྱ་ཁྱུང་ཆུང་ཆུང་།

    གནའ་སྔ་མོར་ས་ཆ་ཞིག་ན་བྱ་རྒོད་ཅིག་ཡོད། ཉིན་ཞིག་བྱ་རྒོད་དེ་རྒུན་འཐུ་རུ་སོང་ནས་ཕྱིར་ཐོན་པ་ན།བྱ་ཁྱུང་ཆུང་ཆུང་གཉིས་ད་དུང་བྱ་སྤུ་ཡང་སྐྱེས་མེད་པའི་ཁོའི་ཕུ་གུར་གླན་ནས་བྱ་ཚང་ནང་དུ་བསྡད་ཡོད་པས་ཁོ་རང་ཧ་ལས་སོང་།

    སྐབས་དེར་བྱ་རྒོད་ཀྱི་སེམས་དེ་འདྲའི་སྐྱིད་པོ་ཞིག་མ་རེད། རྒྱུ་མཚན་ནི་ཉིན་དེ་དག་གི་རིང་ཕྱི་རུ་ཆར་བ་བབས་ནས་སྨུག་པ་འཐིབས་འདུག་པས། རི་དྭགས་རྔོན་པར་སྟབས་བདེ་པོ་མིན། གནམ་ངོ་དྭངས་ནས་ཁྲི་གདུགས་ཉི་མའི་འོད་ཟེར་ས་གཞི་ཀུན་ལ་འཕྲོ་དུས་ནི་ཐང་དཀར་རྒོད་པོས་གཤོག་རྩལ་ངོམས་ཤིང་ས་སྟེང་གི་རི་དྭགས་རྔོན་བའི་དུས་བཟང་ཞིག་ཡིན་པ་ང་ཚོས་ཀྱང་ཤེས། ཡིན་ནའང་ཉིན་དེ་དག་གི་རིང་ཕྱི་རོལ་ནས་ཤི་ནས་ཉིན་འགའ་ཤས་འགོར་བའི་རི་དྭགས་ཆུང་ཆུང་གི་རོ་ལས་མེད་ལ། བྱ་རྒོད་ནི་ལྟོགས་ནས་འཆི་དགོས་རུང་ཤ་རུལ་བ་མི་བཟའ་བ་རེད།

    བྱ་རྒོད་དེས་མ་བོས་མགྲོན་པོ་ཆུང་ཆུང་དེ་གཉིས་ལ་བལྟ་བཞིན། སེམས་སུ་ཉིན་དེ་དག་རིང་སེམས་མ་སྐྱིད་པའི་ཁོང་ཁྲོ་ཚང་མ་དེ་གཉིས་ཀྱི་ལུས་ཐོག་ཏུ་བཀོལ་དུམ་བུར་གཤགས་ན་བསམས།

    འོན་ཀྱང་། ཅུང་མ་འགོར་བར་ཁོའི་བསམ་ངན་དེ་དེ་མ་ཐག་ཏུ་ཞི་བར་གྱུར། རྒྱུ་མཚན་ནི་བྱ་རྒོད་ནི་བྱ་རྒོད་རང་རེད། རང་ཉིད་ཁོང་ཁྲོ་དང་ང་རྒྱལ་ཇི་ཙམ་ཆེ་ནའང་། ཉམས་ཆུང་སྲོག་ཆགས་ཀྱི་ལུས་ཐོག་ཏུ་འདོན་མི་སྲིད་པ་ཞིག་རེད། གལ་ཏེ་ཁོང་ཁྲོ་ཇི་ཡོད་རང་སྲུང་གི་ནུས་པ་ཅི་ཡང་མེད་པའི་ཉམས་ཆུང་སྲོག་ཆགས་དེ་གཉིས་ཀྱི་ལུས་སྟེང་དུ་འདོན་ན་ནི། ཐང་དཀར་རྒོད་པོའི་མིང་ཙམ་ཡང་ཐོབ་མི་སྲིད། བྱེད་སྟངས་འདི་འདྲ་ཁོ་ཚོའི་གཤིས་ཀ་དང་ཡང་མི་འཚམ་པ་ཞིག་རེད།

    “འོ་ན། ཁྱོད་གཉིས་འདིར་ཇི་ལྟར་ཡོང་བ་ཡིན།”ཁོས་དེ་ལྟར་སྐད་དྲག་པོས་དྲིས།

    “ཨོ་་་་ རེད་་་་་་རེད་་་་་་་ཉེ་ཆར་ཕྱི་ནས་ཆར་བ་རྒྱུན་མི་ཆད་པར་བབས་པས། ངེད་གཉིས་ནགས་ཚགས་ཁྲོད་ལམ་ནོར་སོང་བ་ཡིན།”ཞེས་བྱ་ཕྲུག་ཆུང་ཆུང་གཅིག་གིས་དེ་ལྟར་སྐད་མདངས་དམའ་བོས་ལན་བཏབ།

    བཀྲེས་སྐོམ་ཀྱིས་མནར་བའི་བྱ་རྒོད་ཀྱིས། མིག་གཉིས་འབུར་ཚུགས་ཀྱིས་བྱིའུ་ཕྲུག་ཆུང་ཆུང་དེ་གཉིས་ལ་བལྟས་པས། བྱིའུ་ཕྲུག་དེ་གཉིས་ནི་སྐྲག་ནས་ལུས་པོ་འདར་སིག་སིག་བྱེད་བཞིན་དབུགས་ཀྱང་འབྱིན་མི་ཐུབ་པ་ལྟར་རུབ་རུབ་བྱས་ཏེ་བསྡད། བྱིའུ་ཕྲུག་དེ་གཉིས་ནི་རྒྱག་རིལ་རིལ་སྙིང་རྗེ་བ་ཞིག་ཡོད་རུང་། ད་ཆ་ཁོ་གཉིས་ནི་ཇི་འདྲའི་ཉམས་ཆུང་ཞིག་དང་སྙིང་རྗེའི་ཡུལ་དུ་གྱུར་པ་ཞིག་རེད་ཨང་།

    ང་རྒྱལ་ཆེ་བའི་ཐང་དཀར་རྒོད་པོས་ཀྱང་ཉམས་ཆུང་ལ་ཐུབ་ཚོད་བྱེད་པར་མི་འདོད་པས། མིག་གཉིས་བཙུམ་བཞིན་མགོ་བོ་ཕྱིར་སྐོར་ནས “ཁྱོད་གཉིས་སོང་།ངའི་མིག་གི་རིག་ས་ནས་མ་འདུག”ཞེས་བཤད།

    དེ་བས། བྱ་ཁྱུང་ཆུང་ཆུང་དེ་གཉིས་ནི་མདའ་འཕངས་པ་ལྟར་རྒྱང་རིང་དུ་འཕུར་སོང་།

    བྱ་རྒོད་དེས་ཁ་ཕྱིར་འཁོར་ནས། “ངའི་གཅེས་ཕྲུག་ཚོ། ཁྱོད་ཚོས་ཡིད་ལ་དམ་པོར་འཛིན་དགོས་པ་ཞིག་ནི། ང་ཚོ་སྐྱེས་པ་ནས་སྲོག་ཆགས་ཆེ་བ་འཛིན་པ་ལས། སྲོགས་ཆགས་ཆུང་བའི་རིགས་ཅི་ནས་ཀྱང་འཛིན་གྱིན་མེད་པས། ཁྱོད་ཚོས་ཀྱང་ཤི་དགོས་རུང་བྱིའུ་ཕྲུག་ལྟ་བུ་ཉམས་ཆུང་གི་སྲོག་ཆགས་འཛིན་མི་རུང་།”ཞེས་རང་གི་ཕྲུ་གུ་ཚོར་དེ་ལྟར་གདམས་སོ།།

    གྲོག་མ་དང་གྲོ།

    ਍    གྲོ་རིལ་གཅིག་ཨ་ཁུ་ཞིང་པས་ཞིང་ནང་དུ་ལུས་པས། ཁོ་ནི་ཉིན་ལྟར་གནམ་ནས་ཆར་པ་ཞིག་འབབ་རྒྱུར་རེ་བཞིན་མཆིས། དེ་ལྟར་བྱུང་ཚེ་ཁོའི་རྩ་བ་དེ་དགུན་དུས་མ་སླེབས་སྔོན་ནས་བཞའ་ཚན་དང་ལྡན་པའི་ས་འོག་ཏུ་འཛུལ་ཐུབ།

    ཉིན་ཞིག གྲོག་མ་ཞིག་བྲེལ་བྲེལ་འཚུབ་འཚུབ་ངང་མདུན་དུ་སྐྱོད་བཞིན་པའི་སྐབས་དེར། ཏག་ཏག་ཞིང་ནང་གི་གྲོ་རིལ་དེ་མཐོང་བས། ཁོ་ནི་དགའ་སྤྲོས་རབ་ཏུ་མྱོས་ཏེ། དེ་མ་ཐག་ཏུ་ལྗིད་ཏིག་ཏིག་གི་གྲོ་རིལ་དེ་རང་ཉིད་ཀྱི་སྒལ་བར་འཁུར་ནས་དཀའ་ལས་ཆེན་པོ་མྱངས་ཏེ་ཁྱིམ་དུ་ལོག།

    གྲོག་མའི་ཁྱིམ་རྒྱུད་ཀྱི་འཚོ་བའི་གོམས་གཤིས་ནི། ཆུ་མ་ཡོང་གོང་ལ་ཆུ་རག་རྒྱག་དགོས་པའི་དཔེ་ལྟར། ས་མ་རུབ་གོང་ནས་རྒྱལ་སྒོ་དམ་པོར་གཏན་དགོས། དེར་བརྟེན་ཁོ་ནི་ས་པ་མ་རུབ་གོང་ནས་ཁྱིམ་དུ་སླེབས་དགོས་པས། ངལ་གསོ་ཙམ་ཡང་མ་བྱས་པར་སོང་བ་དང་།རྒྱབ་ཀྱི་གྲོ་རིལ་དེ་ཇེ་ལྗིད་ནས་ཇེ་ལྗིད་དུ་སོང་བས། སྒལ་པ་ཡང་དྲང་པོ་བྱེད་ཐུབ་ཀྱིན་མེད་པ་རེད།

    སྐབས་དེར་གྲོ་རིལ་གྱིས“གྲོག་མ་ལགས། ཁྱེད་ཀྱིས་དཀའ་ལས་ཆེན་པོ་མྱངས་ནས་ང་ཁུར་དོན་ཅི་ཡིན། ང་ཐང་ལ་ཞོག་དང་། ང་ཐང་ལ་བཞག་ན་ཁྱེད་ཀྱིས་དཀའ་ལས་མྱོང་དགོས་པ་མ་རེད། ”ཅེས་ཞུ་བ་འཐེན།

    གྲོག་མ་དེས་དབུགས་ལྷེམ་ལྷེམ་བྱེད་བཞིན“ཨ་ཙི། དངོས་གནས་དགོངས་པ་མ་ཚོམས། གལ་སྲིད་ངས་ཁྱེད་རང་ཐང་ལ་བཞག་ན་ང་ཚོས་དགུན་ཟླ་རིང་མོ་ཇི་ལྟར་བསྐྱལ་དགོས།ང་ཚོས་རླུང་འགམ་ནས་འདུག་དགོས་པ་ཨེ་རེད། གྲོག་མའི་ཁྱིམ་རྒྱུད་ཀྱི་གྲངས་འབོར་ཁྱེད་ཀྱིས་ཤེས་གསལ་རེད། དེར་བརྟེན་ང་ཚོ་གྲོག་མ་ཚང་མས་ནུས་ཤུགས་ཡོད་རྒུས་འབྲུ་རིགས་གསོག་འཇོག་མི་བྱེད་ཀ་མེད་ཡིན”ཞེས་བཤད།

    གྲོ་རིལ་གྱིས་བསམ་བློ་ཞིག་བཏང་ནས། “ཨོ་ འདི་འདྲ་ཡིན་ན། ཁྱེད་རང་ངོ་མ་ལས་ལ་བརྩོན་པའི་གྲོག་མ་ཞིག་རེད། ངས་བསམ་ཤེས་ཐུབ་ཀྱི་འདུག ཡིན་ནའང་། ལས་ལ་བརྩོན་ཞིང་སྤྱང་གྲུང་ལྡན་པའི་གྲོག་མ་ཁྱེད་ཀྱིས་ཀྱང་གུས་པར་བསམ་ཤེས་གནང་རོགས། ངའི་གཏམ་ལ་ནན་ཏན་གྱིས་གསན་རོགས་གནོངས ”ཟེར།

    གྲོག་མས་ཀྱང་ངལ་གསོ་དགོས་བསམ་པས། མགོ་བོ་ལྕོག་ལྕོག་བྱས་ཏེ་ཡིད་འཐད་བྱུང་། ཁོས་རྒྱབ་ཀྱི་ཁུར་པོ་ལྗིད་མོ་དེ་དལ་གྱི་མར་ཕོག་པ་དང་། དབུགས་རིང་ཞིག་ལེན་གྱིས་ངལ་གསོ་བྱས།

    “གྲོགས་པོ་ལགས། ཁྱེད་ཀྱིས་ཤེས་སམ། ངའི་ལུས་སྟེང་དུ་རླབས་ཆེ་བའི་ནུས་ཤུགས་ཤིག་ལྡན་ཡོད། ང་ཚོ་ས་བོན་སྐྱེས་པ་ནས་ལུས་ཐོག་ཏུ་འགན་འཁྲི་ཞིག་ཡོད་དེ། ཡངས་པའི་ས་གཞི་དེར་ཚེ་སྲོག་གསར་བ་མང་པོ་ཞིག་གཏོད་རྒྱུ་དེ་རེད། ངས་དེ་ལྟར་བཤད་ན་ཁྱེད་ཀྱིས་གོ་བ་ལོན་ཐུབ་ངེས་རེད། ངའི་བསམ་ཚུལ་བྱས་ན། འུ་གཉིས་ཀས་ཁ་ཆད་ཅིག་བཞག་ན་གང་འདྲ་འདུག ”ཅེས་གྲོག་རིལ་གྱིས་དེ་ལྟར་བཤད་པར།

    གྲོག་མས“ཅི་ཞིགགི་ཁ་ཆད”ཅེས་དྲིས།

    “འདི་འདྲ་རེད། གལ་སྲིད་ཁྱེད་ཀྱིས་ང་གྲོག་མའི་ཚང་དུ་མ་ཁུར་བར། དེ་གར་ཞིང་ནང་དུ་བཞག་ན། ངས་དེ་རིང་འདིར་མནའ་བཀྱལ་དམ་བཅའ་བཞག་ཆོག སང་ལོའི་དུས་ཚོད་འདིར་ངས་ཁྱོད་ལ་ཆེ་ཆེ་ཆུང་ང་དང་མཉམ་པའི་གྲོ་རིལ100སྟེར ”ཟེར།

    ཁས་ལེན་དེར་གྲོག་མ་ཡིད་ཆེས་པར་དཀའ་ཏེ་མགོ་བོ་གཡུག་གཡུག་བྱས།

    གྲོ་རིལ་དེས་སླར་ཡང་བཤད་རྒྱུར། “གྲོགས་པོ་ལགས། མཛའ་བརྩེ་ལྡན་པའི་གྲོགས་པོ་ཁྱེད་ཀྱིས་ང་ལ་ཡིད་ཆེས་གནང་རོགས། ངས་བཤད་ཚད་བདེན་པ་ཡིན། ང་རང་འདིར་བསྐྱུར་ནས་ངང་རྒྱུད་རིང་པོས་དུས་ཡུན་ཏོག་ཙམ་ལ་སྒུགས་དང་། ངས་ཁྱོད་ལ་དྲིན་ལན་འཇལ་ངེས་ཡིན་པས།ཁྱེད་ཚོ་གྲོག་མའི་ཁྱིམ་རྒྱུད་ལ་གྱོང་གུན་ཅུང་ཙམ་ཡང་རེག་མི་སྲིད་པར་མ་ཟད།དེ་ལས་ལྡོག་ཏེ་ཁེ་ཕན་རྒྱ་ཆེན་པོ་ཡོད ”ཟེར།

    གྲོག་མའི་སེམས་སུ། “དེ་རིང་གྲོ་རིལ་རྐང་གཅིག་བློས་བཏང་བས། སང་ལོར་གྲོ་རིལ100 ལེན་རྒྱུ་ཡོད་ན། བྱ་བ་བཟང་པོ་འདི་འདྲ། ངས་བྱིས་སྒྲུང་ནང་ནས་མ་གཏོགས་ཐོས་མ་མྱོང”བསམས།

    ཁོ་རང་སོམ་ཉིའི་རྒྱ་རུ་ཚུད་དེ་ཁེར་ལབ་བྱེད་བཞིན་ཡོད།

    “འོ་ན།ཁྱོད་ཀྱིས་གང་འདྲ་བྱེད་རྩིས་ཡོད། ”གྲོག་མ་ནི་ཡ་མཚན་གྱིས་མ་བཟོད་པར་དེ་ལྟར་དྲིས་སོ།

    གྲོ་རིལ་གྱིས“ཁྱེད་ཀྱིས་ང་ལ་ཡིད་ཆེས་གནང་རོགས། འདི་ནི་ང་ཚོའི་ཚེ་སྲོག་གི་གསང་བ་རེད། ད་ལྟ་ཁྱེད་ཀྱིས་ཞིང་དེ་གར་དོང་ཞིག་དྲུས་ནས་ང་སྦས་རོགས། སང་ལོའི་དབྱར་ཁའི་དུས་ཚོད་འདིར། ངའི་སར་བལྟ་བར་ཤོག་དང” ཞེས་ལན་བཏབ།

    གྲོག་མས་ཀྱང་གྲོ་རིལ་གྱི་བཤད་པ་ཇི་བཞིན་བྱས། ལོ་གཅིག་གི་རྗེས་སུ། ཁ་ཆད་ཀྱི་དུས་ཚོད་ལ་སོན་པ་དང་། གྲོག་མ་ཡང་ཞིང་ནང་དུ་སླེབས། ངོ་མ། གྲོ་རིལ་གྱིས་ཁ་ཆད་བཞིན་གྲུབ་ཡོད། གྲོག་མའི་མིག་མདུན་དུ་མངོན་པ་ནི་གྲོ་རྡོག100ལས་མི་ཚད་པ་ཞིག་ཡོད།།བསྒྱུར་པ་པོ་ནི་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པ་སློབ་གླིང་གི2012ལོའི་ལོ་ཙཱ་འཛིན་གྲྭའི་ཡིན།

    དུས་རབས་ཀྱི་ཤུལ་དངོས་རྩིས་ཐོ།

    ཀྲིག་ཏ་ཞིན་གྱིས་བརྩམས།

    མི་རྒོད་ཀྱིས་བསྒྱུར།

    མི་ཞིག་འདས་གྲོངས་སུ་འགྱུར་རག་བར་རང་གི་རྒྱུ་ནོར་ལ་ཞིབ་རྩིས་ཐེངས་ཤིག་བླངས་ཏེ་རྗེས་རབས་པ་དག་ལ་ཤུལ་བཞག་རྒྱུ་རྫས་ཤིག་བསྐྱུར་ངེས་པ་དེ་བཞིན། དུས་རབས་ཤིག་མཇུག་རྫོགས་པར་ཡང་རང་གི་ཤུལ་རྗེས་སུ་བསྐྱུར་བའི་བྱ་དངོས་དག་ལ་རྩིས་ཐོ་ཞིག་བཀོད་པ་ཡིན་ན། དུས་རབས་ཕྱི་མའི་མི་རྣམས་ཀྱི་སེམས་ལ་དུས་རབས་དེའི་མཚན་པའི་ལག་རྗེས་སོགས་གསལ་བོར་དྲན་ཐུབ་པར་འདུག

    དུས་རབས་ཉི་ཤུ་བའི་ས་སྲོས་ཀྱི་མུན་པའི་ཞལ་ཁེབས་རེ་ཞིག་མགོ་ཐོག་ཏུ་ཐོན་ལ་ཉེ་བའི་དུས་འདིར། དུས་རབས་འདིས་ང་ཚོ་མིའི་རིགས་ལ་ཡང་སྙིང་ཅི་ཞིག་བསྐྱུར་འདུག་པར་གཙང་གཤེར་ཐེངས་ཤིག་རྒྱག་དགོས་པའི་དུས་ལ་སླེབས་སོང་བ་འདྲ་སྟེ།

    མི་བྱེ་བ་བརྒྱད་ལྷག་དམག་འཁྲུག་གི་ཁྲོད་དུ་ཤི་བའི་བེམ་རོ་དག་དུས་རབས་ཉི་ཤུ་བས་མིའི་རིགས་ལ་བསྐྱུར་བའི་ཆེས་འབོར་ཆེ་བའི་རྒྱུ་དངོས་རྩ་ཆེན་དེ་ཡིན་པ་ནི། འཛམ་གླིང་དམག་འཁྲུག་ཆེན་པོ་གཉིས་དང་རྒྱལ་སྤྱི་དང་རྒྱལ་ཁབ་ནང་ཁུལ་གྱི་དམག་འཁྲུག་ཐེངས་སུམ་ཅུ་ལྷག་གིས་འཛམ་གླིང་ཧྲིལ་བོའི་འཐབ་མོ་བ་དང་མི་སེར་བྱེ་བ་བརྒྱད་ལྷག་ལྔ་ལམ་དུ་དེད་ཡོད་པ་དང་། འདས་གྲོངས་སུ་གྱུར་བའི་མི་འདི་དག་ད་ལྟ་བའི་ངོ་བོར་རུས་གོག་ཏུ་གྱུར་བ་ནས་ས་རིམ་པ་དགུའི་སྟེང་འོག་ཏུ་བཅུག་ནས་ཡོད་རེད། རུས་ཀོག་འདི་དག་གིས་ཞི་ལྷོད་ངང་གསོན་ངོགས་ཀྱི་མི་འདི་དག་ལ་བལྟ་གིན་ཡོད་ལ། ཁོ་ཚོས་དམག་འཁྲུག་གི་སེམས་ངོ་མཚོན་པའི་གདངས་དབྱངས་སྙན་པོ་དེས་དུས་རབས་ཕྱི་མའི་འགྲོ་བ་རྣམས་ཀྱི་ཁེར་རྐྱང་དང་སུན་སྣང་གི་སྐྱོ་བ་ཡང་སད་ནས་ཡོད།

    དེ་བཞིན་བགྲངས་ལས་འདས་པའི་ཉིང་རྡུལ་མཚོན་ཆའི་འབར་མདེལ་ནི་དུས་རབས་ཉེར་གཅིག་གིས་མི་རྣམས་ལ་བཞག་པའི་ཁྱད་ནོར་གཞན་ཞིག་སྟེ། འཇིག་རྟེན་སྟེང་ཉིང་རྡུལ་མཚོན་ཆ་སྒྲིག་བཟོ་བྱེད་ཀྱིན་པའི་རྒྱལ་ཁབ་དག་གི་འབར་མདེལ་རྣམས་ཕྱོགས་གཅིག་ཏུ་བསྡོམས་པ་ཡིན་ན་དེ་ལ་གྲངས་གནས་ཁྲི་ཡིས་གཞལ་དགོས་པར་འདུག ཉིང་རྡུལ་མཚོན་ཆའི་འབར་མདེལ་འདི་དག་གིས་སའི་གོ་ལ་ཐེངས་དུ་མར་རྨག་མེད་དུ་བཟོ་ཐུབ་པས། མིའི་རིགས་ཀྱིས་རང་གིས་རང་ལ་སེམས་ཅན་ཐམས་ཅད་འཆི་འཕོས་སུ་འཇུག་ཐུབ་པའི་ལག་ཆ་ཞིག་ཡོངས་སུ་གསར་བཟོ་ཐུབ་པ་འདི་ཡང་ངའོ་སྙམ་དང་ཆོག་པའི་དོན་བྱ་ཞིག་ཅི་ལ་མིན།

    ཡང་ན། དུས་རབས་ཕྱི་མའི་ཉིན་ཞིག་ལ། ང་ཚོ་མིའི་རིགས་ཀྱིས་ཉིང་རྡུལ་མཚོན་ཆའི་འབར་མདེལ་གས་གཏོར་འབྱུང་དུས་ཀྱི་མིག་ལ་འཚེར་ཞིང་ལྟ་ན་སྡུག་པའི་འོད་ཀྱི་རླབས་གཉེར་དེ་མཐོང་ཡང་སྲིད། དེ་དུས། མི་རྣམས་ཀྱིས་སྐལ་བ་དུ་མར་འཕྲད་དཀའ་བའི་མིག་བསོད་ཀྱི་དབང་གིས་ངེས་པར་དགའ་འབོད་ལྷང་ལྷང་བྱ་ངེས་སོ། །

    ཡང་སྤྱི་ཆིང་དུང་ཕྱིར་བཅུ་ལྷག་གི་ནགས་ཚལ་དག་བདེ་ཐང་དང་བྱེ་མའི་ཐང་ཆེན་དུ་གྱུར་བ་དེ་དུས་རབས་ཉི་ཤུ་བའི་བླ་ན་མ་མཐོ་བའི་ལག་རྗེས་ཤིག་དང་། དུས་རབས་ཕྱི་མའི་མི་རྣམས་ལ་ཤུལ་བཞག་གི་ནོར་རྫས་གྱ་ནོམ་པ་ཞིག་ཡིན་པ་ནི། ནགས་ཚལ་འདི་དག་མེད་པར་གྱུར་བ་ཡིས། མིའི་རིགས་ཀྱི་དཀའ་ལས་མང་པོ་ཇེ་ཉུང་དུ་སོང་ཡོད་པར་མ་ཟད། སྤྲིན་དང་སྨུག་པ་འཁྲིགས་ཞིང་། སྦྲང་ཆར་ཟམ་ཟིམ་འབབ་པ་སོགས་ཀྱི་རྣམ་གཤིས་དག་ལ་རྒྱང་ཐག་གིས་བཅད་དེ། ཉི་མའི་འོད་དུག་ཐད་ཀར་ས་གཞིར་འཕྲོས་པ་ནས་ས་ངོས་སུ་མཛེས་སྡུག་གི་སེར་ཁ་མང་པོ་འབྱུང་ངེས་ལ། བྱེ་ཐང་གི་རྒྱ་ཁྱོན་ཇེ་ཆེར་གྱུར་བ་དེས་མི་རྣམས་ལ་བྱེ་མའི་ཐང་ཆེན་གྱི་སྨུག་རྒྱུའི་གྲོང་ཚོ་ཉམས་སུ་མྱོང་བར་སྟབས་བདེ་སྐྲུན་ནས་ཡོད་པ་དང་། རྔ་མོང་གི་སྐེ་དྲིལ་ལས་འཐོར་བའི་ཏིང་ཏིང་གི་སྙན་དབྱངས་རྣ་བས་ཟས་སུ་མྱངས་ཆོག བདེ་ཐང་གི་ས་ཁྱོན་ཇེ་ཆེར་གྱུར་བ་དེས་མི་རྣམས་ཀྱི་མཐོང་ལམ་ཇེ་ཡངས་སུ་བསྒྱུར་བ་ནས་ས་གཞི་ཆེན་པོའི་ཕ་མཐའི་ཞིང་བཀོད་ཀྱི་མཛེས་པའང་ཉམས་སུ་མྱོང་ཐུབ་པར་བྱས་ཡོད།

    ནག་ནོག་གི་དྲི་མས་སྦགས་པའི་གཙང་བོ་སྟོང་ཕྲག་འགའ་དང་མཚེའུ་བརྒྱ་ཕྲག་འགའ་ཡོད་པ་དེ་རྣམས་ཀྱང་དུས་རབས་ཉི་ཤུ་བས་བསྐྱུར་བའི་ཤུལ་རྫས་གཞན་ཞིག་སྟེ། ཤུལ་རྫས་འདི་དག་ཡོད་པས་ན་དུས་རབས་ཕྱི་མའི་མི་རྣམས་མཚེའུ་ཡི་འགྲམ་ངོགས་སུ་བཅར་ཏེ་ཉ་འཛིན་རྒྱུའི་ངལ་བ་སྐྱུང་ནས་ཡོད་ཅིང་། རྒྱུ་རྐྱེན་དེ་ཡིས་ཕྱེ་སྟེ་མཉན་པར་གྲུ་བོ་དང་ཉ་རྒྱ་སོགས་བཟོ་རྒྱུའི་ངལ་བའང་སེལ་ནས་ཡོད་པར་མ་ཟད། ཤུལ་རྫས་འདི་དག་ཡོད་པ་ཡིས་མི་མང་པོ་ཞིག་གིས་ཆུ་ལ་བསྐྱལ་བའི་རྩལ་ནུས་སྦྱངས་མ་དགོས་པར། ཆུར་བྱིངས་ནས་རྐྱེན་ལམ་དུ་འགྱུར་བའི་ཉེན་ཁའང་ཇེ་ཉུང་དུ་སོང་བ་དང་། ཐ་ན་ཤུལ་རྫས་འདི་ཡོད་པའི་རྐྱེན་གྱིས་མི་མང་པོ་ཞིག་ལ་ག་བྱུང་འདི་བྱུང་མི་ཤེས་པའི་ནད་ཆུང་ངུའི་རིགས་བྱུང་སྟེ་ལྟ་བས་མི་མངོན་པའི་སྨན་ཁང་དུ་འདུག་གིན་ཡོད་ལ། སྐབས་དེ་ནས་བརྩིས་ཏེ་འ་ཆད་འུ་ཐུག་གི་ལས་ཀ་ལྗིད་མོ་དག་ཀྱང་རྒྱབ་ཏུ་གཡུག་ཐུབ་ནས་ཡོད།

    སྟོང་ཁམས་ཆེན་མོའི་ཀློང་གི་གད་སྙིགས་དུམ་བུ་ས་ཡ་གསུམ་དང་འབུམ་ལྔ་བོ་དེ་ཡང་དུས་རབས་ཉི་ཤུ་བས་བསྐྱུར་བའི་ངོ་མཚར་གྱི་ཤུལ་རྫས་ཕུན་སུམ་ཚོགས་པ་ཞིག་ཡིན་པ་ནི། མིག་སྔའི་འཆར་དངོས་པོ་འདི་དག་གིས་སའི་གོ་ལ་བསྐོར་ནས་འཁོར་གྱིན་ཡོད་ལ། སའི་གོ་ལའི་དམར་ཐིག་དང་ཉེ་བའི་སྟོང་ཁམས་གད་སྙིགས་ཕྲན་བུའི་རིགས་ལས་ལིས་རྨི་བཅུའི་ཡན་རྩིས་ཐོ་བཀོད་པའང་དུམ་བུ་19000ཙམ་ཡོད་ལ། དེའི་ཁྲོད་ཀྱི་དུམ་བུ་7000ཙམ་ལ་རྗེས་འདེད་ཀྱང་བྱས་ཆོག་པར་འདུག ཤུལ་རྫས་འདི་དག་ཡོད་པས་ན། ང་ཚོས་ཕྱིས་དུས་སུ་མིའི་བཟོས་སྲུང་སྐར་བར་སྣང་དུ་བསྐྱལ་བ་ཉུང་ངུར་བཏང་ཆོག་པའམ་ཡང་ན་རྩ་བ་ནས་མ་བསྐྱལ་བར། གཡའ་དག་པའི་མཚན་མོའི་མཁའ་དབྱིངས་སུ་སྐར་མའི་དུ་སྤྲིན་མཐོང་ཐུབ་པ་ནས། སྐར་མའི་གོ་ལ་གཞན་ལ་ཞིབ་འཇུག་བྱེད་པའི་ལས་ཀ་དག་ཀྱང་མཚམས་བཞག་ཆོག་གོ །

    ཅི་འདྲའི་གཏོང་ཕོད་ཀྱི་ཕག་ཟུང་ཡངས་པའི་དུས་རབས་ཤིག་ཨང་། རགས་རྩིས་ཤིག་བྱས་པ་ཙམ་གྱིས་ཀྱང་ཁོས་མིའི་རིགས་ལ་འདི་ལྟ་བུའི་ཤུལ་རྫས་གྱ་ནོམ་པ་ཞིག་བཞག་ནས་ཡོད་པས། དུས་རབས་ཕྱི་མའི་མི་རྣམས་ཀྱིས་ཁོ་ལ་དང་བ་ཆེན་པོས་ཐུགས་རྗེ་ཚད་མེད་ཞུ་དགོས་པ་འོས་ཤིང་མཚམས་པ་ཞིག་ཡིན་པ་ལྟ་ཅི་སྨོས།

    དེས་ན་དཀོན་མཆོག་གིས་ཇི་ལྟར་དགོངས་ཡོང་ངམ། དཀོན་མཆོག་གིས་ཀྱང་འདི་དག་གི་ཕྱིར་ན་ཞལ་འཛུམ་པ་མཛད་ངེས་སམ། །

    མཚོ་སྔོན་བོད་ཡིག་གསར་འགྱུར།པར་ངོས 20པ།2015·08·14།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག