ཡིག་སྒྱུར་ཁྲོད་མིང་བརྡའི་བསྟན་དོན་བརྡར་ཤ་གཅོད་ཐབས་སྐོར་གྱི་དྲན་ཚུལ་ཐོར་བུ།

         ཇི་སྐད་དུ"ཐ་སྙད་ལ་ནི་མ་བརྟེན་པར། དམ་པའི་དོན་ནི་རྟོགས་མི་འགྱུར"ཞེས་དང་། "མིང་ཚིག་གསལ་བ་མེད་ན་ནི། དོན་རྣམས་བརྗོད་པར་མི་འགྱུར་རོ"ཞེས་གསུངས་པ་བཞིན་མིང་བརྡ་ནི་སྐད་ཆའི་ཆེས་རྩ་བར་གྱུར་པའི་གྲུབ་ཆ་ཡིན་ལ། མིང་ལས་ཚིག་དང་། ཚིག་གིས་དོན་སྟོན་པར་བྱེད་པས་ན། ཡིག་སྒྱུར་གྱི་སྐབས་སུ་ཐོག་མར་མ་ཡིག་གི་མིང་བརྡ་རེ་རེའི་བསྟན་དོན་ལ་བརྡར་ཤ་ཡང་དག་པར་བཅད་ནས་སྐབས་བབ་ཀྱི་དོན་རྣལ་མ་དེ་གདམ་གསེས་བྱེད་པ་དང་། བསྐྱར་མཚོན་གྱི་དུས་སུ་སྒྱུར་བྱེད་སྐད་ཀྱི་མིང་བརྡ་གང་ཞིག་གི་བསྟན་དོན་དེས་མ་ཡིག་གི་སྐབས་དོན་མཚོན་ཐུབ་པ་བརྡར་ཤ་བཅད་ནས་ཆེས་དོན་མཚུངས་དོ་མཉམ་གྱི་མིང་བརྡ་གདམ་གསེས་བྱ་རྒྱུ་ནི་ཡིག་སྒྱུར་བྱ་བ་ལེགས་འགྲུབ་འབྱུང་བའི་གཞི་རྩ་ལགས། དེས་ན་རྒྱ་བོད་ཡིག་སྒྱུར་བྱ་བར་གཞིགས་ནས་མིང་གི་བསྟན་དོན་བརྡར་ཤ་གཅོད་པའི་ཐབས་ལམ་སྐོར་རགས་ཙམ་གླེང་ན།

    གཅིག ཚིག་གི་སྡེབ་སྟངས་ལ་གཞིགས་པ།

                ཚིག་གི་སྡེབ་སྟངས་ནི་བརྡ་སྤྲོད་ཀྱི་གོ་དོན་ཆ་ནས་འབྲེལ་བ་ཡོད་པའི་མིང་གཉིས་སམ་དུ་མ་བརྡ་སྤྲོད་ཀྱི་ངེས་སྲོལ་ངེས་ཅན་ལྟར་སྡེབ་སྦྱོར་བྱེད་པ་ལ་ཟེར། རྒྱ་སྐད་ལ་མཚོན་ན་མིང་བརྡ་ཕན་ཚུན་སྡེབ་སྟངས་ཀྱི་ཆ་ནས་ལ་ལར་ཅུང་གཏན་ཆགས་ཀྱི་རང་བཞིན་ལྡན་པ་དང་ལ་ལར་ངེས་གཏན་ཆེར་མེད་སྟབས། སྡེབ་ཡུལ་མི་འདྲ་བའི་སྐབས་སུ་དོན་ཡང་ཐ་དད་དུ་སྟོན་པ་ཡིན། དཔེར་ན"ཎྛ"ཞེས་པའི་གཞི་རྩའི་གོ་དོན་ནི་ལོ་ན་ཆེ་བའི་དོན་ཡིན་མོད། "ཎྛཊུནླ"དང"ཎྛསྣྲགྛེ""ཎྛརྨྱེ》"སོགས་མིང་བརྡ་མི་འདྲ་བ་དང་སྡེབ་དུས་དོན་ཡང་རིམ་པ་བཞིན་རྙིང་བ་དང་ཡུན་རིང་བ། སྔོན་ཆད་བཅས་ལ་གོ་བ་དང་། དེ་བཞིན་དུ"ཡྱཱཡཽདྱུཙཱཾ"དང"ཡྱཱཡཽསླུངྔྷཻ""ཡྱཱཡཽཋྑངྔྷཻ""ཡྱཱཡཽཛྱུཁ྄"སོགས་སྡེབ་ཡུལ་མི་འདྲ་བའི་ཚོད་འཛིན་འོག"ཡྱཱཡཽ"ཡི་དོན་ཡང་མི་འདྲ་ཐ་དད་དུ་སྣང་ཡོད་པ་ལྟ་བུ། རྒྱ་བོད་གཉིས་ཀྱི་ཡི་གེའི་ངོ་བོ་དང་སྐད་བརྡ་སྤྲོད་ལུགས་མི་འདྲ་བའི་དབང་གིས། རྒྱ་ཡིག་གི་སྐད་བརྡའི་ཁོར་ཡུག་ནང་མིང་བརྡ་གཉིས་ཕན་ཚུན་བསྡེབས་ན་ཚིག་སྔ་ཕྱི་འབྲེལ་ཆགས་ཤིང་དོན་ལ་འབྱོར་ཡང་བོད་སྐད་དུ་མི་འབྱོར་བའི་གནས་ཚུལ་ཤིན་དུ་མང་། དཔེར་ན་གོང་དུ་བཀོད་པའི་དཔེ་རྣམས་བོད་སྐད་དུ་སྒྱུར་སྐབས་རྒྱ་སྐད་ལྟར་མིང་བརྡ་གཅིག་མཚུངས་རེ་སྦྱར་ན་གོ་བརྡ་གསལ་བོར་སྤྲོད་མི་ཐུབ་པ་དང་ཐ་ན་གོ་ལོག་ཏུ་འདྲེན་སྲིད་པས། རིམ་པ་བཞིན"སྔོན་གྱི་གནས་སམ་ས་ཆ"དང"གནའ་གྲོགས"། "ལུགས་སྲོལ་རྙིང་བ"ཞེས་དང་། "ནུས་རྩལ་ཇེ་ཆེར་གཏོང་བ"དང་"ཐོན་ཚད་ཇེ་མང་དུ་གཏོང་བ"། "སྤུས་ཀ་ཇེ་ལེགས་སུ་གཏོང་བ"། "ཆུ་ཚད་ཇེ་མཐོར་གཏོང་བ"ཞེས་གང་ལ་གང་འཚམ་གྱི་མིང་བརྡ་གདམ་གསེས་ཡོད་པའི་སྒོ་ནས་སྦྱར་ཚེ། ད་གཟོད་མ་ཡིག་གི་དོན་དང་མི་འགལ་བ་ལྟ་བུ།

            དེར་བརྟེན། བསྒྱུར་བྱ་མིང་བརྡ་གང་དེའི་སྡེབ་ཡུལ་བྱེ་བྲག་པར་བལྟས་ནས་བསྟན་དོན་མ་འཁྲུལ་བར་བརྡར་ཤ་བཅད་པའི་སྔོན་འགྲོའི་འོག བོད་ཀྱི་སྐད་བརྡའི་ཁོར་ཡུག་ནང་ཚིག་གི་སྡེབ་འགྲིག་མིན་དང་ཚིག་དོན་གསལ་མིན། གཏན་ཚིགས་དང་མཐུན་མིན་སོགས་གང་ཅིའི་ཐད་ལ་གཞིགས་ནས། ཤེད་ཆེ་བ། ཤུགས་དྲག་པ། ངེས་ཤེས་འདྲོངས་པ། ངེས་འབྱུང་སྐྱེས་པ་སོགས་ལྟ་བུ་བོད་རང་ལ་སྔར་ནས་གོམས་ཤིང་སྲོལ་དུ་ཆགས་ཡོད་པའི་ཚིག་གི་སྡེབ་སྟངས་ལྟར་མིང་བརྡ་གང་ལ་གང་འཚམ་དུ་སྦྱར་ནས་མ་ཡིག་གི་དོན་དེ་མཚོན་དགོས་པ་ལས། "སྤུས་ཚད་མཐོར་འདེགས་གཏོང་བ"དང"ནུས་རྩལ་མཐོར་འདེགས་གཏོང་བ"། "ཐོན་ཚད་མཐོར་འདེགས་གཏོང་བ"ཞེས་པ་ལྟར་རྒྱ་སྐད་ལ་ཨུ་ཚུགས་ཀྱིས་བསྟུན་ནས་ཞྭ་དཔེ་ལྷམ་འགེབས་བྱེད་མི་རུང་།

    གཉིས། ཚིག་གོང་འོག་ལ་བརྟག་པ།

             ཚིག་གོང་འོག་ཅེས་པ་ཆེ་ཕྱོགས་ནས་བཤད་ན་མིང་ངམ་ཚིག་གང་ཞིག་གནས་སའི་རྩོམ་ཡིག་གི་ཚན་པའམ་ལེའུ། ཐ་ན་རྩོམ་ཡིག་དེ་ཧྲིལ་བོར་གོ་ཞིང་། ཆུང་ཕྱོགས་ནས་བཤད་ན་མིང་ངམ་ཚིག་དེའི་སྔ་ཕྱིའི་ཚིག་གྲོགས་སམ་གནས་སའི་ཚིག་ཕྲེང་ལ་གོ་བ་ཡིན། མི་རིགས་གཞན་དག་དང་འདྲ་བར་རྒྱ་བོད་གཉིས་ཀྱི་སྐད་ཆའི་ཁྲོད་དུའང་མིང་གཅིག་དོན་དུ་མར་འཇུག་པ་དང་དོན་གཅིག་མིང་གི་རྣམ་གྲངས་ཅན། ཡང་ན་མིང་བརྡའི་དོན་འདྲ་བའམ་ཕལ་ཆེར་འདྲ་ཡང་དོན་གྱི་ཁྱབ་ཆེ་ཆུང་དང་མཚོན་སྟོབས་དྲག་ཞན། ཁ་སྐད་དང་ཡིག་སྐད་སོགས་ཀྱི་ཁྱད་པར་ཡོད་པ་དང་། མིང་བརྡ་དེ་ཉིད་འཇུག་ཡུལ་ཚིག་གོང་འོག་བྱེ་བྲག་པའི་ནང་དུ་དོན་ཡང་བྱེ་བྲག་པ་སྟོན་པའི་སྣང་ཚུལ་ལྡན་པས། བསྒྱུར་བྱའི་མིང་བརྡ་གང་དེའི་དོན་གྱི་ཞིབ་ཆ་གཞན་དང་མ་འདྲེས་མ་འཁྲུལ་བར་བརྡར་ཤ་གཅོད་དགོས་ན། དེའི་གནས་སའི་ཚིག་གོང་འོག་ལ་ཞིབ་ཏུ་བརྟག་དགོས་ལ། དོན་དེ་ཉིད་བོད་སྐད་ཀྱིས་མཚོན་དུས་ཀྱང་དེའི་ཚིག་གོང་འོག་དང་བསྟུན་ནས་མིང་བརྡ་གང་ཞིག་གིས་བརྡ་སྤྲད་ན་སྐབས་དོན་དང་འཚམ་པར་བརྡར་ཤ་གཅོད་དགོས། དཔེར་ན། རྒྱ་ཡིག་གི"ངྱེ"དོན་དུ་མར་འཇུག་མོད། "ངྱེཀྠཾ༔སྲེཎྚ,ངྱཻཋྱོརྭུཁྣ"ཞེས་པ་ལས་བོར་བརླག་བྱུང་བའི་དོན་དང་། "ལྦྲསྱཽཕྀིངྱེ༔ཁཻཾཊཱི"ལས་བྲོས་པའི་དོན། "མྱཾཌ྄ལེཾངྱེ"ལས་ཤི་བའི་དོན་དུ་གོ་བ་ལྟ་བུ། དེ་བཞིན"སྦྱུཊྲེ"ཞེས་པ་མ་གཞི་བསྟོད་སྨད་ཀྱི་ཆ་གང་ལའང་མི་གཏོགས་པའི་ཐ་སྙད་ཕལ་བ་ཞིག་ཡིན་ཡང་། "ཚྲཱིཏྲེཥྭོསྦྱུཊྲེ"ལས་ངན་པའི་དོན་ལ་འཇུག་ཅིང་སྨད་ཚིག་ཡིན། "ཚྲཱིཁྶཉྱཱུསྒུཡྭཱུསྔྱོསྤུཏྲེཁྱེསྦྱུཊྲེ"ཞེས་པ་ལས་ཤར་ནུབ་ཙམ་སྟོན་པ་མ་ཡིན་པར་ཕྱོགས་གང་ཡིན་སྟོན་པ་ཚིག་གོང་འོག་ལ་བལྟས་ན་གོ་ཐུབ་པ་དང་། བོད་སྐད་ཀྱིས་རྒྱ་ཡིག་གི་ཡིག་ངོའི་དོན་ལྟར་ཐད་ཀར་བསྒྱུར་ན་མ་ཡིག་གི་སྐབས་དོན་གསལ་བོར་མཚོན་མི་ཐུབ་པས། "ཏྲེཁྱེསྦྱུཊྲེ"ཞེས་པ་ཐ་སྙད་གཅིག་ཏུ་བལྟས་ནས་"མགོ་ཉོག་པ"ཞེས་དོན་སྒྱུར་བྱེད་དགོས་པ་ལྟ་བུ། གཞན"ལེཾམྱཾཌྲཾཏྩཥྭོནྦྷཏླཁྶཙྪཱི,咱མྲཱག྄གྒྲིཧྣིཊྠརྦྦ,ལེཾམྱཾཌྲཾཏྩཥྭོཤཱོཌཾ"ལས"ཤཱོཌཾ"ནི་མ་གཞི་རྩ་རླུང་སྒོམ་ནུས་ལ་གོ་ཡང་། བརྩམས་སྒྲུང་གི་ཚིག་གོང་འོག་ལ་བལྟས་ན་འདིར་བློ་རིག་གི་དོན་དུ་འཇུག་པ་ཤེས་ཐུབ་པ་ལྟ་བུ། མདོར་ན་བསྒྱུར་བྱ་མིང་བརྡ་གང་དེ་གནས་སའི་ཚིག་གོང་འོག་ལས་རྙེད་པའི་ཁུངས་སྣེ་སྣ་ཚོགས་གཞིར་བཟུང་སྟེ་ལུགས་མཐུན་གྱིས་དབྱེ་ཞིབ་དང་རིགས་པས་ཁུངས་སྐྱེལ་ཏེ། སྐབས་དོན་ཅི་བསྟན་པ་དང་མིང་བརྡ་གང་ཞིག་གིས་དོན་དེ་བསྐྱར་མཚོན་བྱེད་པ་བརྡར་ཤ་གཅོད་དགོས་པ་ལས་ཡིག་ངོ་ཙམ་གྱི་འཆིང་རྒྱར་ཚུད་མི་རུང་།

              གསུམ། བརྡ་སྤྲོད་ཀྱི་རྣམ་པར་དབྱེ་ཞིབ་བྱེད་པ།མི་རིགས་སོ་སོར་རང་རང་གི་ཐུན་མོང་མ་ཡིན་པའི་སྐད་བརྡ་སྤྲོད་ལུགས་རེ་ཆགས་ཡོད་ལ། སྐད་ཀྱིས་བརྡ་སྤྲོད་པའི་ཚུལ་ལུགས་རིགས་པའི་ལམ་ལས་དྲངས་ཏེ་བཤད་པའི་ཚུལ་ལ་བརྡ་སྤྲོད་ཟེར། "ཚིག་གི་འཁྲུལ་བ་ཚར་གཅོད་བརྡ་སྤྲོད་ཡིན"ཞེས་པ་བཞིན་བརྡ་སྤྲོད་ཀྱི་རིགས་ལམ་དེ་ལ་བརྟེན་ན་བརྗོད་དོན་གང་ཞིག་ལ་གོ་བ་ལེན་པའམ་དེ་གོ་བརྡ་སྤྲོད་པའི་ཚུལ་ལུགས་ཤེས་ཐུབ། སྐད་བརྡ་སྤྲོད་ལུགས་ཀྱི་ཆ་ནས་བོད་སྐད་ཀྱིས་མིང་བརྡའི་བར་རྐྱེན་རྣམ་དབྱེ་དང་ཚིག་ཕྲད་སོགས་སྦྱར་ཏེ་ཚིག་གི་བརྗོད་པ་འདྲེན་པ་དང་། བྱ་ཚིག་གི་གཟུགས་ཀྱི་འགྱུར་བ་ལས་བདག་གཞན་དུས་གསུམ་དང་བྱ་བྱེད་ལས་གསུམ་གྱི་དབྱེ་བ་སྟོན་པ་ཀུན་གྱིས་ཤེས་གསལ་ལྟར་རེད། རྒྱ་སྐད་ལ་མཚོན་ན་བྱ་ཚིག་ལ་གཟུགས་ཀྱི་འགྱུར་བ་མེད་ཅིང"སྲྀཎྚོདྨཱཊྭ"སོགས་བྱ་སྤྱོད་ཀྱི་ངང་ཚུལ་གསལ་བྱེད་ཚིག་ཕྲད་སྦྱར་ནས་དུས་གསུམ་སྟོན་པ་དང་། གཙོ་བོ་མིང་གི་སྦྱོར་བའི་གོ་རིམ་བརྗེ་བ་དང་མིང་བརྡའི་རང་བཞིན་འགྱུར་བ་ལ་བརྟེན་ནས་དོན་མི་འདྲ་བ་སྟོན་པ་ཡིན། དཔེར་ན"ཡཽཡཻཾཏྲཱྀ"ལས"ཡཻཾཏྲཱྀ"རྗོད་ཚིག(མྱཻ语)ཡིན་དུས་གྲངས་ཚད་ཧྲིལ་བོ་སྟོན་པ་དང་ཡུལ་ཚིག(པྱོ)ཡིན་དུས་ཁྱད་འབོར་སྟོན་པས། རང་སྐད་ཀྱིས་རིམ་བཞིན"མཐོ་ཚད་ལ་སྨི་གསུམ"དང"སྨི་གསུམ་གྱིས་མཐོ་བ"ཞེས་གོ་བརྡ་སྤྲོད་དགོས་པ་ལྟ་བུ། དེ་བཞིན"ཎཊྶཥྲཱིཊ"དང"ཥྲཱིཊཎཊྶ"ལྟ་བུ་མིང་གི་མགོ་སྔ་བརྗེས་དུས"ཎཊྶ"ཡི་དོན་ཡང་མི་འདྲ་བ་སྟོན་པ་ལྟར་ཡིན་པས། རྒྱ་བོད་ཡིག་སྒྱུར་ཁྲོད་ཐོག་མར་རྒྱ་ཡིག་གི་བརྡ་སྤྲོད་ངེས་སྲོལ་གཞིར་བཟུང་སྟེ། བསྒྱུར་བྱ་གང་དེ་གནས་སའི་ཚིག་གོང་འོག་གི་གྲུབ་ཆ་ཆེ་བ་ཚིག་ཕྲེང་རེ་རེ་ནས་ཆུང་བ་མིང་བརྡ་རེ་རེའི་བར་གྱི་བརྡ་སྤྲོད་ཀྱི་འབྲེལ་བ་རུས་པའི་ལྷུ་གཏོར་བ་བཞིན་དབྱེ་ཞིབ་ལེགས་པར་བྱ་རྒྱུ་ནི་མིང་བརྡའི་སྐབས་བབ་ཀྱི་དོན་མ་འཁྲུལ་བར་བརྡར་ཤ་གཅོད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན།

             མ་ཡིག་གི་དོན་དེ་བོད་སྐད་ཀྱི་ལམ་ནས་མཚོན་སྐབས་ཀྱང་བོད་ཀྱི་བརྡ་སྤྲོད་ལུགས་དང་བསྟུན་དགོས་པ་སྨྲས་ཅི་དགོས། ཡིན་ཡང་འགྱུར་ཡིག་ལ་ལ་ལས"མྦསྐཾ"ལྟ་བུར་ཚིག་རྐང་ཁ་སྐོང་བའི་ཆེད་དུ་མིན་ཡང"རྒྱ་ཆེ་རུ་བསྐྱེད་པ"ཞེས་དང་། "ཀྐྲགྻུ"ལྟ་བུར"བེད་སྤྱོད་བྱེད་པ"ཞེས་དགོས་མེད་ཀྱི་ཡིག་འབྲུ་བསྣན་པའམ་བྱ་ཚིག་ཉིས་རྩེག་སྦྱར་ནས་རྫོབ་བསྐྱལ་བ་མང་པོ་མཐོང་ཐུབ་ལ། དེ་ནི་བོད་ཀྱི་བརྡ་སྤྲོད་ངེས་སྲོལ་ལ་མ་གོམས་པའམ་དོ་སྣང་མ་བྱས་རྟགས་སུ་འཁུམས། སྤྱིར"བསྐྱེད"ཅེས་པ་མ་གཞི་ཆེ་རུ་བཏང་བའི་དོན་ཡིན་པས། "མྦསྐཾཋྭཾཁྠ"ལྟ་བུར"མིག་རྒྱ་བསྐྱེད"ཅེས་པས་ཆོག་ལ། དེ་བཞིན"ཀྐྲགྻུ"ལ་"བེད་སྤྱོད་དམ་སྤྱད"ཅེས་པས་ཆོག་པ་ལ་སྤྱོད་དང་བྱེད་ཅེས་བྱ་ཚིག་གཉིས་སྦྱར་བ་ནི་ཚིག་ལ་ལྷད་བསྒོས་པ་ཁོ་ནར་ཟད་པས། འདི་དང་འདི་ལྟ་བུར་དོ་སྣང་བྱས་ནས་བོད་ཀྱི་བརྡ་ཇི་ལྟར་སྤྲོད་པའི་ངེས་སྲོལ་མ་འཆོལ་བར་མིང་རྐྱང་དང་བྱ་ཚིག་ལ་སོགས་པ་སྐབས་ཐོབ་ལྟར་འཚམ་པར་སྦྱོར་རྒྱུ་གལ་ཆེ།

    བཞི། རྩོམ་ལུས་ཀྱི་ཁྱད་ཆོས་ལ་བརྟག་པ།

           རྩོམ་ལུས་ཀྱི་རྣམ་པ་འདྲ་མིན་སྣ་ཚོགས་ཡོད་ལ། སྒྲུང་གཏམ་དང་སྙན་ངག་སོགས་སྒྱུ་རྩལ་རྩོམ་རིགས་ལ་མཚོན་ན་ངག་ཚིག་ལ་བརྟེན་ནས་ཁྱབ་ཆེ་ཁྱད་གཟུགས་ཀྱི་སྣང་བརྙན་གསར་བཞེང་དང་དགའ་སྐྱོ་ཆགས་སྡང་གི་སེམས་འགྱུ་སྣ་ཚོགས་མཚོན་པ་རང་གཤིས་སུ་གྲུབ་པས། སྐད་ཆར་གསོན་ཉམས་ལྡན་ཞིང་མངོན་མཚོན་གྱི་སྟོབས་འཛོམ་དགོས། གཞུང་ཡིག་དང་ཚན་རྩལ་ཡིག་ཆ་སོགས་སྒྱུ་རྩལ་རྩོམ་རིགས་མིན་པ་དག་ལ་གཏན་ཚིགས་དང་དྲང་བདེན་རང་བཞིན་དང་དོད་བྱེད་དགོས་པས། རྗོད་བྱེད་ཚིག་སྒྲུབ་བྱེད་ཀྱི་མིང་བརྡ་དག་དོན་དྲིལ་ཞིང་གནད་ལ་འཁེལ་བ་ཞིག་ཡིན་དགོས། དེའི་ཕྱིར་རྩོམ་ལུས་ཀྱི་ཁྱད་ཆོས་མི་འདྲ་བ་དེ་མིང་བརྡ་ཐ་སྙད་བཀོལ་ཕྱོགས་དང་ཚིག་སྦྱོར་སྤེལ་སྟངས་མི་འདྲ་བར་བརྟེན་ནས་ཐོན་ཞིང་། མིང་བརྡ་ལ་ལས་རྩོམ་ལུས་མི་འདྲ་བ་དང་ཐ་ན་རྩོམ་ལུས་གཅིག་པའི་རྩོམ་ཡིག་མི་འདྲ་བའི་ནང་གོ་དོན་འདྲ་མིན་སྟོན་པ་སྟེ། དཔེར་ན"ཀྺགྚགྚེཀྤཨཱུྃཥྲཽཋྱོཧྲེཾདྷེབཾ༼ཆ༽"ལས"ཧྲེཾདྷེ"ནི་གྲངས་བཅུ་དགུ་ལ་གོ་ཞིང་། "ངྐེཕཻཾ之ལེཾ,ཙྲཉྻུཧྲེཾདྷེ"ཞེས་པ་གནའ་རྩོམ་གྱི་ཚིག་རྐང་འདི་ལས་གྲངས་བཅུ་དགུ་མི་སྟོན་པར་ཕལ་ཆེ་བའི་དོན་སྟོན་པ་ལྟ་བུ་དང་། དེ་བཞིན"ཞཱིཡྲཱི"ཞེས་པ་ཟློས་གར་གྱི་སྐད་ཁོངས་སུ་གར་སྟེགས་རྒྱབ་རོལ་གྱི་གནས་ལ་གོ་ཞིང་། ཁྱབ་ཁོངས་གཞན་དུ་ལྐོག་ཏུ་རྒྱབ་སྐྱོར་དང་བཀོད་འདོམས་བྱེད་མཁན་ལ་གོ་བ་ལྟ་བུ། གཞན་དམག་དོན་ཕྱོགས་ཀྱི"ཊྞརྨྱེ"དང་ཞིང་ལས་ཕྱོགས་ཀྱི"ཤྱཻརྔུ"སོགས་མིང་བརྡ་མང་པོ་ཞིག་གིས་གཞི་རྩའི་གོ་དོན་ལས་གཞན་ཁྱབ་ཁོངས་མི་འདྲ་བའི་ནང་དུ་དོན་ཡང་འདྲ་མིན་སྟོན་པ་རེད།

           བསྒྱུར་བྱའི་མིང་བརྡ་གང་དེ་གནས་སའི་རྩོམ་ལུས་ཁྱད་ཆོས་ལ་གཞིགས་ནས་དེའི་སྐབས་དོན་ནི་ཡིག་ངོའི་བསྟན་དོན་ནམ་ཤུགས་ཀྱི་བསྟན་དོན། བརྡ་སྤྲོད་ཀྱི་གོ་དོན། ཡང་ན་དེ་ལས་མངོན་པའི་བརྩེ་དུང་དང་སྣང་བརྙན། གཤིས་ཉམས་ཀྱི་དོན་སྙིང་སོགས་གང་ཡིན་པ་འཁྲུལ་བ་མེད་པར་བརྡར་ཤ་བཅད་ནས། མ་ཡིག་གི་ཚིག་སྦྱོར་བབ་ཆགས་ཤིང་རང་བཞིན་དྲང་པོར་བརྗོད་པ་ཞིག་ཡིན་ན། རང་སྐད་ཀྱི་ལམ་ནས་དེ་ལྟ་བུའི་མིང་བརྡ་གདམ་གསེས་བྱས་ནས་ཇི་བཞིན་དུ་མཚོན་པ་དང་། མ་ཡིག་ལ་ཚིག་རྒྱན་སྣ་ཚོགས་ཀྱིས་སྤྲས་ནས་ལུས་བཅད་ལྷུག་སྤེལ་མ་གང་རུང་གི་རྣམ་པ་ཅན་ཡིན་ན་སྒྱུར་བྱེད་སྐད་ཀྱི་ཁྲོད་དུ་དེའི་ཁྱད་ཆོས་སྲུང་འཛིན་བྱ་ཐུབ་པའི་མིང་བརྡ་གདམ་གསེས་བྱས་ནས་སྐད་དོད་དུ་བཀོལ་རྒྱུ་ནི་ཡིག་སྒྱུར་སྐབས་རྩོམ་ལུས་ཁྱད་ཆོས་ལ་བརྟག་པའི་དགོས་པ་ཡིན།

    ལྔ། རིག་གནས་ཀྱི་རྒྱབ་ལྗོངས་ལ་བལྟ་བ།

             སྤྱིར་མི་རིགས་སོ་སོའི་སྤྱི་ཚོགས་འཕེལ་བའི་ལོ་རྒྱུས་དང་འཚོ་གནས་ཁོར་ཡུག བསམ་གཞིག་གཏོང་ཕྱོགས་སོགས་མི་འདྲ་བའི་དབང་གིས་རིག་གནས་ཀྱི་ཕྱོགས་ཚན་སོ་སོར་ཁྱད་པར་ངེས་ཅན་ཞིག་ཡོད་ལ། ཁྱད་པར་དེ་རིག་གནས་མཚོན་བྱེད་གལ་ཆེན་དུ་གྱུར་པའི་སྐད་ཆའི་ཁྲོད་མངོན་པར་མཚོན་ཡོད་དེ། དཔེར་ན་བ་གླང་ནི་རྒྱ་བོད་གཉིས་ཀྱི་མཐོང་ལམ་དུ་ཆོས་ཐུན་མོང་དུ་སྣང་ཡང་། བོད་སྐད་དུ་བླུན་པོའི་དཔེ་དང་རྒྱ་སྐད་དུ་གཞུང་དྲང་དང་བརྩོན་འགྲུས་ཅན་གྱི་དཔེར་འགོད་པ་དང་། བོད་མིས་མཛའ་འབྲེལ་བརྟན་པོའི་དཔེ་ལ་རྡོ་རྗེའི་མདུད་པ་དང་རྒྱ་མིས་རྒྱ་མཚོ་འགོད་པའི་སྐབས་མང་བ"ཆྭེམྭོལཽཾཏྲཱི""ཆྭེརྞཀྵྨཾཌྷ"ལྟ་བུ། ཁ་དོག་སོ་སོའི་མཚོན་དོན་གྱི་ཆ་ནས། རྒྱ་མིས་ཁ་དོག་དམར་པོ་དེ་ལྷག་སེམས་དང་དར་རྒྱས། བཀྲ་ཤིས་པ་སོགས་ཀྱི་མཆོན་བྱེད་དུ་འཇོག་པ་དང་། བོད་མིས་ལན་འགར་ལྟས་ངན་པའི་དཔེར་འགོད་ཅིང་། ཁ་དོག་དཀར་པོ་དེ་བོད་མིས་རྣམ་དཀར་དགེ་བའི་ལས་དང་དྲི་མེད་ལྷག་སེམས་མཚོན་བྱེད་དུ་མཐོང་། ཡིན་ཡང་རྒྱ་མིས་ཁ་དོག་དཀར་པོ་དེ་ལན་འགར་ལས་ངན་པའི་མཚོན་བྱེད་དུ་འགོད་པ"ཕཱིརེཙྲཻཕྭོ"ལས"རེ"ནི་འདས་དོན་ལ་གོ་ཞིང་། "རེསྦྲོ"ནི་དཔོན་གོ་ས་མེད་པའི་མི་ཕལ་བར་གོ་བ་ལྟ་བུ། ཁ་དོག་སེར་པོ་དེ་རྒྱ་བོད་གཉིས་ཀས་བླ་མེད་དང་དབང་གྲགས། ཟིལ་ཤུགས་བཅས་ཀྱི་མཚོན་བྱེད་དུ་བརྩི་བ་གཅིག་མཐུན་དུ་སྣང་ཡང་། དུས་ཀྱི་འཕེལ་འགྱུར་དང་བསྟུན་ནས་རྒྱ་མིས་དེ་ཆགས་སྲེད་དང་ཐ་མལ། ཅོལ་ཆུང་སོགས་ཀྱི་མཚོན་བྱེད་དུ་འགོད་པ"ཧཱུཙཽཾཋཱཾམྤི"དང"ཧཱུསྟྲིཾཀྡཻཡྭཱ"ལྟ་བུ། དེ་མིན"སྱཻཎྭཱ、ཀྪེསྲི、ཌྭཋྲཻ、པེཨིཾསྱཻ、ཏྲཱྀཌྚཀྥིཥྀ、ཡཻཾཀྟིདྷེཕླཱྀ"སོགས་ཐ་སྙད་བགྲང་ལས་འདས་པ་ཞིག་ལས་རྒྱ་མི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བ། དམངས་སྲོལ། རིན་ཐང་ལྟ་ཚུལ་སོགས་མངོན་ཡོད་ལ། བོད་ལའང་རང་གི་ཐུན་མིན་གྱི་རིག་གནས་ཁྱད་ཆོས་མངོན་པར་མཚོན་པའི་མིང་བརྡ་བགྲང་ལས་འདས་པ་ཞིག་མངའ་བ་ཀུན་གྱིས་ཤེས་གསལ་ལྟར་ཡིན་པས། འདིར་ཡིག་ཚོགས་སྐྱུང་ཕྱིར་དཔེར་འགོད་པའི་ངལ་བ་མ་བྱས།

                ཡིག་སྒྱུར་ཁྲོད་གོང་དུ་དཔེར་དྲངས་པའི་མིང་བརྡ་ལྟ་བུར་རྟག་ཏུ་འཕྲད་སྲིད་ལ། བོད་སྐད་དུ་དེ་དག་དང་དོན་མཚུངས་དོ་མཉམ་ཡིན་པའང་ཤིན་ཏུ་དཀོན་པས། གལ་ཏེ་བསྒྱུར་བྱ་མིང་བརྡ་གང་དེའི་ཡོང་ཁུངས་སམ་དེ་ལྟར་བཏགས་པའི་རྒྱུ་མཚན། རིག་གནས་ཀྱི་མཚོན་དོན་སོགས་མ་རྟོགས་པར་ཡིག་ངོ་ཙམ་ལ་བལྟས་ཚེ་དོན་ཕྱིན་ཅི་ལོག་ཏུ་བསྒྱུར་བ་དང་ཐ་ན་བཞད་གད་ཀྱི་གནས་སུ་འགྱུར་སྲིད་པས། བསྒྱུར་བྱ་གང་དེ་གནས་སའི་ཚིག་གོང་འོག་ལ་བརྟག་པ་གཞིར་བཅས་དེ་དང་འབྲེལ་བའི་རིག་གནས་རྒྱབ་ལྗོངས་ལ་མིག་རྒྱང་བསྲིངས་ནས་སྐབས་དོན་གང་ཡིན་པ་བརྡར་ཤ་གཅོད་དགོས་པ་དང་། བོད་སྐད་ཀྱིས་མཚོན་དུས་ཀྱང་བོད་པའི་དགའ་ཁ་འཁྱེར་སོ་དང་བསམ་གཞིག་གཏོང་ཕྱོགས་སོགས་ལ་གཞིགས་ནས་བོད་ཀྱི་རིག་གནས་ཁྱད་ཆོས་དང་འགལ་བ་ལྟག་སྤྲོད་དུ་མི་འགྲོ་བའི་མིང་བརྡ་བཀོལ་རྒྱུ་ནི་མི་རིགས་བར་གྱི་རིག་གནས་བརྗེ་རེས་ཀྱི་རྣམ་པ་ཞིག་ཏུ་གྱུར་པའི་ལོ་ཙཱ་བྱ་བར་མཚོན་ན་ཅིས་ཀྱང་དོ་སྣང་བྱ་དགོས་པའི་གནས་ཤིག་ལགས།

    དྲུག གཏན་ཚིགས་ཀྱི་རིགས་པས་དཔྱད་པ།

             མི་རིགས་སོ་སོའི་བསམ་གཞིགས་གཏོང་ཕྱོགས་ལ་ཁྱད་པར་ངེས་ཅན་ཞིག་ཡོད་པས། བསམ་གཞིག་གི་འབྲས་བུར་གྱུར་པའི་སྐད་ཆས་བརྡ་སྤྲོད་པའི་རྣམ་པའང་མི་འདྲ། རྒྱ་སྐད་ལ་མཚོན་ན་གཙོ་བོ་མིང་དང་ཚིག་གི་ནང་གནས་ཀྱི་གཏན་ཚིགས་འབྲེལ་བར་བརྟེན་ནས་ཚིག་སྔ་ཕྱི་མཚམས་སྦྱོར་བ་དང་གཏན་ཚིགས་ཀྱི་འབྲེལ་བ་དེ་ཚིག་ཟིན་ལ་ཆེར་ཐོན་མེད་ཅིང་། མིང་བརྡའི་བརྡ་སྤྲོད་ཀྱི་གོ་དོན་གབ་པའམ་རབ་རིབ་ཏུ་གནས་པའི་སྣང་ཚུལ་ཅུང་མང་ལ། གོམས་ལོབ་ཏུ་སོང་བའི་ཚིག་སྦྱོར་སྤེལ་སྟངས་དང་བརྡ་སྤྲོད་ངེས་སྲོལ་གྱིས་བརྗོད་དོན་གཏན་ལ་འབེབ་པ་ཡིན། བོད་ཡིག་ལ་མཚོན་ན་ཕྲད་རྣམ་དབྱེའི་སྦྱོར་ཚུལ་དང་བདག་གཞན་དུས་གསུམ་གྱི་རྣམ་གཞག་འཐུས་སྒོ་ཚང་བ་ཞིག་ཡོད་གཤིས། མིང་བརྡའི་བར་ཕྲད་རྣམ་དབྱེའི་རྐྱེན་སྦྱར་ནས་ཚིག་སྔ་ཕྱི་མཚམས་སྦྱོར་བ་དང་། དགོས་དབང་དམིགས་བསལ་ཅན་ཕུད་རྗོད་བྱེད་ཚིག་གི་ཕྱིའི་རྣམ་པ་ལས་བརྗོད་དོན་དང་གཏན་ཚིགས་ཀྱི་འབྲེལ་བ་ཅུང་རྗེན་པར་སྟོན་པའི་ཁྱད་ཆོས་ལྡན།

           རྒྱ་བོད་ཡིག་སྒྱུར་སྐབས་གོང་གསལ་ཁྱད་པར་ལ་དོ་སྣང་བྱས་ནས། ཡིག་སྒྱུར་གྱི་གོ་རིམ་ཧྲིལ་བོར་གཏན་ཚིགས་ཀྱི་ཆོས་ཉིད་གཞིར་བཟུང་སྟེ་བརྟག་དཔྱད་བྱ་དགོས་ཏེ། དཔེར་ན"ཧཱིཾ༼ར༽ཕྲཽདྭདྨོཧཱིཾ"ལས"དྨོཧཱིཾ"དང"མྱཾཀྨཾབྱུ"ལས"ཀྨཾབྱུ"ལྟ་བུར་ཡིག་ངོར་བལྟས་ན་མེ་སྐྱོབ་པ་དང་ནད་གསོ་བའི་དོན་དུ་གོ་བས། གཏན་ཚིགས་དང་མི་མཐུན་པ་ལྟར་སྣང་ཡང་རྒྱ་མིའི་བསམ་གཞིག་གི་བློ་ངོར་འཁྲུལ་བ་མ་བསྐྱེད་པར་རྒྱུན་འབྱམས་སུ་སོང་ཡོད་པ་ལྟ་བུ་དང་། དེ་བཞིན"ཥྚཱིཕྭོཏྲེཌྱེ,ཞཱིནྭོཕྭུ"ལྟ་བུ་ཚིག་སྔ་ཕྱིའི་གཏན་ཚིགས་ཀྱི་འབྲེལ་བ་ཚིག་ཟིན་ལ་ཐོན་མེད་པ་དང་། "དྱཽངཽསྒུཌཾཟྔཡཱེགླཾཛྙ྄"ཞེས་པ་ཚིག་དོན་མི་གསལ་བ་སོགས་ལྟ་བུའི་མིང་དང་ཚིག་རྒྱ་སྐད་ཁྲོད་ཤིན་ཏུ་མང་བས། རྒྱ་ཡིག་གི་སྐད་ཆའི་རྣམ་པ་བརྒྱུད་དེ་བསྒྱུར་བྱའི་མིང་བརྡ་གང་དེ་གནས་སའི་སྐད་བརྡའི་ཁོར་ཡུག་ཕྲ་རགས་ཀུན་ལ་བརྟེན་ནས་དེའི་གོ་དོན་དང་རྩོལ་ནུས་ལ་དབྱེ་ཞིབ་དང་ཤེས་རྟོགས། རོ་མྱོང་བྱས་ཏེ་དོན་སྤྱི་གསལ་བོར་རྟོགས་པའི་རྨང་གཞིའི་སྟེང་ལུགས་མཐུན་གྱིས་རིགས་པས་ཁུངས་སྐྱེལ་ནས་སྐབས་དོན་རྣལ་མ་དེ་བརྡར་ཤ་གཅོད་དགོས་ལ། བོད་སྐད་ཀྱིས་མཚོན་དུས་བོད་མིའི་བསམ་པའི་འཁྱེར་སོ་དང་བརྡ་སྤྲོད་ལུགས། དངོས་ཡོད་ཀྱི་གནས་ལུགས་སོགས་དང་མཐུན་མིན་ལ་བསམ་བློ་བཏང་སྟེ་བརྡ་གསལ་བོར་སྤྲོད་དགོས་ཏེ། དཔེར་ན་གོང་གི་དཔེ་རྣམས་རིམ་པ་བཞིན"མེ་གསོད་པ"དང"ཁམས་གསོ་བ"ཞེས་བོད་སྤྱི་འགྲོས་མིང་ཚིག་གིས་བརྡ་སྤྲོད་པ་དང་། "སྔོན་མའི་བསླབ་བྱ་མ་བརྗེད་ན། ཕྱི་མའི་མེ་ལོང་ལྟ་བུར་འགྱུར"ཞེས་ཚིག་སྔ་ཕྱིའི་བར་རྒྱུ་མཚན་སྟོན་བྱེད་ན་ཡིག་སྦྱར་ནས་དོན་སྒྱུར་བྱས་ན་གོ་བརྡ་གསལ་བོར་སྤྲོད་ཐུབ་པ་ལྟ་བུ། ཡང་དཔེ་རྗེས་མ་ལས"ཌཾཟྔ"ལ་ཡིག་ངོའི་དོན་ལྟར"བསླབ་བྱ"ཞེས་བསྒྱུར་ཚེ། "གླཾཛྙ྄"དང་སྡེབ་མི་འགྲིག་པ་མ་ཟད་དཔེ་ལའང་མི་སྲིད་པས། རྡོ་ཆག་བཙན་སྒྲིག་མི་བྱེད་པར་དེའི་ཚིག་གོང་འོག་ལ་གཞིགས་ནས་ཤུགས་ཀྱི་དོན་མ་ནོར་བར་བརྡར་ཤ་གཅོད་དགོས་ཏེ། འདིར"བསླབ་བྱ་སྦྱོང་བ"སྟེ"སློབ་སྦྱོང"ཞེས་ཤུགས་ཀྱི་དོན་གསལ་བོར་བསྒྱུར་ཚེ། ད་གཟོད"གླཾཛྙ྄"དང་ལྷུ་འགྲིག་ཅིང་བརྗོད་དོན་ཇེ་གསལ་དུ་སོང་ཡོད་པ་ལྟ་བུ། མདོར་ན། སྐད་རིགས་སོ་སོའི་མིང་བརྡ་ཕལ་ཆེ་བས་དངོས་ཤུགས་གང་རུང་གི་དོན་སྣ་ཚོགས་སྟོན་པས། ཡིག་སྒྱུར་ཁྲོད་བསྒྱུར་བྱ་སྒྱུར་བྱེད་ཀྱི་མིང་བརྡ་གང་དེའི་བསྟན་དོན་རྣལ་མ་མ་འཁྲུལ་བར་བརྡར་ཤ་གཅོད་དགོས་ན། ངེས་པར་དུ་གོང་དུ་བཤད་པ་བཞིན་དེ་དང་འབྲེལ་ཡོད་ཀྱི་ཕྱོགས་གང་ཅིའི་ཐད་ལ་བསམ་གཞིག་གཏོང་བ་དང་། ཕྱོགས་གང་ཅིའི་ཐད་ནས་དབྱེ་ཞིབ་གཏིང་ཟབ་པ་དཔྱིས་ཕྱིན་པ་ཞིག་བྱེད་དགོས་པ་ལས། ཡིག་ངོ་ཙམ་མམ་ཚིག་མཛོད་ཙམ་གྱི་གེགས་རྒྱར་ཚུད་མི་རུང་ངོ་། །   


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།