ཀྲུང་གོ་བོད་ཀྱི་དྲ་བ།

འཇིག་རྟེན་གནས་ལུགས་གསལ་བྱེད་རྒྱུནཤེས་བཅོ་ལྔ་པ།

  རྩོམ་པ་པོ། : རྟོགས་ལྡན་རྒྱ་མཚོས་སྒྲིག་སྒྱུར་བྱས།   སྤེལ་དུས། : 2018-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡  རང་གི་མདུན་ལམ་རང་གིས་གཅོད་པ་དེ།། དོང་ཁ་རྡོ་ཡིས་བཅད་པའི་བྱི་ལོང་བཞིན།།

1.jpg

༢ཁ་ཕྱོགས་མེད་པར་བརྩོན་སྤྱད་པ་དེ།།རང་ཉིད་སྡུག་ལ་སྦྱར་བའི་སྣ་འདྲེན་ཡིན།།

2.jpg

༣རྒྱང་རིང་མཐོང་བའི་ཤེས་རབ་ཆེན་པོ་ནི།།བསྟན་བཅོས་ཚོགས་ལ་བརྟེན་ནས་ཡུན་གྱིས་བསྐྱེད།།

3.jpg

༤རང་ཉིད་གསར་དུ་བཞེངས་པའི་ལས་དོན་ལ།།དཀའ་གཞོལ་སླ་གཉེར་བྱེད་པའི་ཐབས་ལམ་མེད།།

4.jpg

༥ངལ་བ་ཆེན་པོ་དང་ལེན་མ་བྱས་ན།།འབྲས་བུ་ཆེན་པོ་ཐོབ་པའི་རེ་བ་མེད།།

5.jpg

༦བླུན་པོར་ནུས་ལྡན་ལག་ཅ་མང་ན་ཡང།། རང་ལ་ཕན་བདེ་བསྐྲུན་པའི་རྒྱུར་མི་འགྲོ།།

7.jpg

ཕྱི་ནས་བལྟས་ན་སྨིན་པ་ཚང་མ་ཡང་།།ནང་གི་འབྲས་བུ་སྨིན་པའི་ངེས་པ་མེད།།

6.jpg

༨བརྩོན་པ་སྤྱད་པ་གཞན་དང་འདྲ་ན་ཡང་།།ཤེས་རབ་ལྡན་ན་གཞན་ལས་ཁྱད་དུ་འཕགས།།

8.jpg

༩རྒྱུན་སྐྱོང་མེད་པའི་སྐབས་རེའི་ངལ་བ་ལ།།འབྲས་བུ་ཆེན་པོ་ཐོབ་པའི་རེ་བ་མེད།།

9.jpg

༡༠མང་པོས་འདེམས་པའི་བགྲོད་ལམ་ཚང་མ་ནི།།བདེ་མྱུར་ལམ་ཁ་ཡིན་པའི་ངེས་པ་མེད།།

10.jpg

༡༡གཞན་པས་ལག་པ་སྲིང་མཁན་ཐམས་ཅད་ལ།།རོགས་སྐྱོར་དམིགས་ཡུལ་ཡོད་པའི་ངེས་པ་མེད།།

11.jpg

༡༢མདུན་དུ་སྐྱོད་པའི་ལམ་གྱི་བར་མཚམས་ནས།།ཕྱིར་ནུར་བྱས་ན་ཉེན་ཁར་ལྷུང་ཡང་སྲིད།།

12.jpg

༡༢ཁྱེད་ལ་ལམ་ཁ་སྟོན་མཁན་ཐམས་ཅད་ལ།།གཞན་ཕན་ལྷག་སེམས་ལྡན་པའི་ངེས་པ་མེད།།

13.jpg

༡༣ཤེས་རབ་ཆེན་པོ་ཡོད་དང་མེད་པ་དེ།། དུས་རྒྱུན་འཚོ་བའི་ཁྲོད་ན་གསལ་བོ་ཡིན།།

14.jpg

༡༤རྒྱུན་ཐག་མེད་པའི་མཁོར་བསྟུན་རྩོལ་བ་དེ།།དམྱལ་བར་འདྲེན་པའི་ལྕགས་ཀྱུ་ཡིན་ཀྱང་སྲིད།།

15.jpg

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།