ཀྲུང་གོ་བོད་ཀྱི་དྲ་བ།

ནོར་གནག་གི་ལྕི་བར་ནད་དུག300ལྷག་གསོད་པའི་ནུས་པ་ལྡན་པ།

ཡོང་ཁུངས། : མཚོ་ལྷོ་བོད་ཡིག་སྨྱན་གསར།     སྤེལ་དུས། : 2018-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལྗར་པན་གྱི་ཚན་རིག་པ་ཞིག་གི་ཞིབ་འཇུག་འབྲས་བུ་ལྟར་ན། སོག་པོ་དང་བོད་སོགས་ས་གཙང་བའི་ཡུལ་གྱི་ནོར་གནག་གི་ལྕི་བའི་དུ་བར་ནད་དུག་རིགས300ལྷག་གསོད་པའི་ནུས་པ་ལྡན་པར་ར་སྤྲོད་བྱུང་ཡོད། ནུས་པ་དེ་ལྡན་པའི་རྒྱུ་མཚན་གཙོ་བོ་ནི་ནོར་གྱི་གཟན་རྩྭ་དེ་འབག་བཙོག་མ་ཐེབས་པའི་རང་བྱུང་གི་སྨན་ལྡུམ་ཡིན་པས་རེད་ཅེས་འགྲེལ་བརྗོད་བྱས་འདུག
        རྒྱ་གར་གྱི་སྨན་པ་དང་འབུམ་རམས་པ་ཤཱར་མ་ཞེས་པས་ལྕི་བའི་ཕན་ནུས་དེ་ཤེས་རྗེས་ཕྱི་སོག་ནས་ལྕི་བ་རྒྱ་གར་དུ་ཁྱེར་ཞིང་། ལྕི་བའི་དུ་བ་ཡིས་གློ་གཅོང་ནད་བཅོས་བྱས་པར་ཕན་འབྲས་ཐོན་ཞིང་ནད་པ་དྲག་ཡོད་པའི་གནས་ཚུལ་ཡང་བྱུང་ཡོད།
        དེ་ལྟར་ཡིན་མོད། ཚན་རིག་པས་ལྕི་བའི་དུ་བ་བདུག་རྒྱུ་མང་དྲགས་ན་དེ་ཡང་མི་བཟང་བ་དང་། ལྷག་པར་དུ་སྒྱེད་པུ་ལྟ་བུ་དུ་བ་ཡོངས་རྫོགས་ཕྱི་རུ་འཕྱུར་བའི་ཐབ་ཀའི་ཁར་ཡུན་རིང་བསྡད་ན་ནད་རྙིང་སོགས་སློང་བའི་ཉེན་ཁའང་ཡོད་པར་བསྟན།

1.jpg

2.jpg

3.jpg

4.jpg

5.jpg

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།