མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- མཛེས་སེ།

སྲིང་ཆུང་།

རྩོམ་པ་པོ། མཛེས་སེ།    2013-05-21 09:33

    མདང་ནུབ་ཁ་བ་བབས་བྱུང་།

    དེ་རིང་བུ་ཡུག་འཚུབ་པ།

    གཞིས་དང་གྱེས་པའི་སྲིང་ཆུང་།

    ཐང་ཆེན་གོམ་ལ་བཅལ་སོང་།

    

    གངས་ལྗོངས་རྒྱ་མཚོ་མིན་ཏེ།

    སྲིང་ཆུང་སྔངས་དོན་མི་འདུག།

    སྲིད་ན་ནོར་ལུག་ཡོད་པས།

    སྲིང་ཆུང་སྐྱོ་སྐྱོ་མ་གནང་།

    

    བཞིན་མདངས་གསོ་བའི་གླུ་སྐད།

    ང་ཚོས་ཁྱོད་ལ་བཙལ་ཆོག།

    དྲོད་འཁོལ་བསྐྱིལ་བའི་འཛུམ་ཟེར།

    ང་ཡིས་ཁྱོད་ལ་སྦར་ཆོག།

    

    ཟླ་བ་གནམ་ན་མེད་ཀྱང་།

    སྒྲོན་མེ་ཁྱོད་ལ་ཡོད་པ།

    ཉི་ཟེར་ས་ན་མེད་ཀྱང་།

    མིག་ཟུང་ཁྱོད་ལ་ཡོད་པ།

    

    འདབ་ཆགས་གམ་ནས་འཕུར་ཞིང་།

    བཞད་སྒྲ་རྒྱབ་ནས་ཡལ་རུང་།

    དཔྱིད་རླུང་རྣ་ཡིས་ཐོས་དུས།

    མེ་ཏོག་ཞལ་ཁ་ཕྱེ་ཡོང་།

    

    ལམ་སྣེ་མདུན་ནས་ཆད་ཅིང་།

    ལྷམ་གོག་རྐང་དང་བྲལ་ཡང་།

    འབྲུག་སྒྲ་སེམས་ལ་ཡོད་ན།

    གློག་གིས་སྤྲིན་ནག་བསྲེགས་འོང་།

    ༢༠༠༧ལོའི་ཟླ༡པར་བཅོས།

    

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག