མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- མཛེས་སེ།

ཀ་ཁ་ག་ང་།

རྩོམ་པ་པོ། མཛེས་སེ།    2013-05-30 14:28

    གཅེན་པོ་གཅེན་མོའི་ངག་ལས།

    ཀ་ཁ་ག་ང་ཤེས་སོང་།

    སྒོ་སམ་གྲུ་བཞིའི་ངོས་ནས།

    ཅ་ཆ་ཇ་ཉ་མ་ཤེས།

    

    ཏ་ཐ་ད་ན་ཀློག་དུས།

    ཐོགས་པ་ཅི་ཡང་མི་འདུག།

    པ་ཕ་བ་མ་འབྲི་སྐབས།

    ཨ་ཕ་ཨ་མ་དྲན་བྱུང་།

    

    ལག་པའི་སོར་མོ་ལྔ་ཡིས།

    ཙ་ཚ་ཛ་ཝ་མ་ཟིན།

    ལུ་གུ་ལྟ་བུའི་རྩེད་གྲོགས།

    ཞ་ཟ་འ་ཡ་མ་རེད།

    

    ར་ལ་ཤ་ས་བཞི་བོ།

    ཟ་འདོད་ཡིད་ན་ཡོད་ཀྱང་།

    ཧ་ཨ་གཉིས་ཀྱི་རྗེས་ན།

    དགེ་རྒན་སྐལ་བཟང་ལངས་འདུག།

    

    དབྱངས་ཡིག་ཨི་ཨུ་ཨེ་ཨོ།

    ཁུ་བྱུག་འཇོལ་མོ་ཡིན་ནམ།

    དབྱར་དགུན་སྟོན་དཔྱིད་མེད་པར།

    གསུང་སྙན་བསྒྲགས་ན་སྐྱིད་པ།

    

    གསལ་བྱེད་སུམ་ཅུ་ཐམ་པ།

    གླིང་གི་དཔའ་རྟུལ་ཨེ་རེད།

    ང་ཚོ་བྱེས་ཡུལ་འགྲིམ་དུས།

    དཔུང་གྲོགས་མཛད་ན་དགའ་བ།

     ༢༠༠༧ལོའི་ཟླ༡༠པའི་ཚེས༡༢ཉིན་ཟི་ལིང་དུ།

    

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག