མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- མཛེས་སེ།

རྨི་ལམ་གྱི་ཕྱི་ནང་།

རྩོམ་པ་པོ། མཛེས་སེ།    2013-05-30 14:31

    རྨི་ལམ་ནམ་མཁར་བཅོལ་ཡོད།

    ནམ་མཁར་སྤྲིན་ཞིག་ཡོད་ན།

    སྤྲིན་གྱི་འདབ་མར་ཞོན་ནས།

    བཞུད་པའི་ལོ་ཟླ་འཚོལ་འདོད།

    

    བྱད་གཟུགས་ཆ་རྒྱུས་མེད་ཀྱང་།

    ཕན་ཚུན་དྲན་པས་གདུང་བ།

    རྒྱལ་ཁམས་འགྲིམས་པའི་གཞས་དེ།

    ལམ་གྱི་དཀའ་ཚེགས་མ་རེད།

    

    རྨི་ལམ་གཙང་པོར་བཅོལ་ཡོད།

    གཙང་པོར་ཉ་ཞིག་གནས་ན།

    ཉ་མོའི་འཁྱུག་རྩལ་གཡར་ནས།

    གངས་རིའི་ཕྱོགས་སུ་ལོག་འདོད།

    

    ཡལ་བའི་རྐང་རྗེས་ཐར་ཐོར།

    རང་འཐག་སྒྲ་དང་མཉམ་དུ།

    ཞོགས་ཟེར་བསུ་བའི་སེམས་འདི།

    སང་ཉིན་སུ་ལ་དབང་ངམ།

    ༢༠༠༩ལོའི་ཁྲི་ཀའི་རྫོང་མགོ་རུ།

    

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག