མདུན་ཤོག- དཔལ་འབྱོར་འཚོ་བ།- མ་རྩ་འདེབས་ཕྱོགས།

“རྒྱུན་འཁྱོངས་བཞི” ཁོང་དུ་ཆུད་པ་བྱས་ཏེ“འཕེལ་རྒྱས་བཞི”ལ་ཡར་སྐུལ་བྱེད་དགོས།

ཤ་བོ་རིན་མཚོ།  མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2011-01-14 16:36

མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བས་ཆོས་ཉིད་ཁོང་དུ་ཆུད་མཁས་པ་བྱས་ཏེ། ཧུར་ཐག་གིས་མཚོ་སྔོན་ཞིང་ཆེན་གྱི་ཚན་རིག་འཕེལ་རྒྱས་ལ་ཡར་སྐུལ་བྱེད་དགོས་བ་ནན་གྱིས་བསྟན་དོན། དེ་ན། མཚོ་སྔོན་འཕེལ་རྒྱས་ཀྱི་ཆོས་ཉིད་ཀྱི་ཡང་སྙིང་གང་ཡིན་པ་དང་། ཡང་ལག་ལེན་གྱི་ཁྲོད་ཆོས་ཉིད་འདི་ཅི་ལྟར་བཀོལ་སྤྱོད་བཟང་བོ་བྱེད་དགོས་ཞེས་ན།

ཚང་འཛོམས་གྲོས་ཚོགས་ཐོག་མཚོ་སྔོན་འཕེལ་རྒྱས་ཀྱི་ཆོས་ཉིད་ནི་ཐོལ་བརྒལ་འཕེལ་རྒྱས་དང་ལྷད་མེད་འཕེལ་རྒྱས། འཆམ་མཐུན་འཕེལ་རྒྱས། གཅིག་གྱུར་འཆར་འགོད་འཕེལ་རྒྱས་བཅས་དང་། འཕེལ་རྒྱས་ཞན་པའི་ས་ཁུལ་གྱིས་ཚན་རིག་འཕེལ་རྒྱས་ལྟ་བ་ལག་ལེན་བྱེད་པའི་ལེགས་འགྲུབ་ཀྱི་བགྲོད་ལམ་ཞིག་གསར་གཏོད་བྱེད་པ། མཚོ་སྔོན་གྱི་དོན་དངོས་ལ་དམིགས་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཚན་རིག་འཕེལ་རྒྱས་ཀྱི་རྣམ་པ་འཚོལ་ཞིབ་བྱེད་པ་དེ་ཡིན་པར་བསྟན། ཆོས་ཉིད་འདི་ལག་ལེན་བྱེད་དགོས་ན། “རྒྱུན་འཁྱོངས་བཞི” ཁོང་དུ་ཆུད་པ་བྱེད་དགོས་བ་སྟེ། “འཕེལ་རྒྱས་འདེགས་སྐྱོར་རྒྱུན་འཁྱོངས་བྱེད་པ་དང་ཁྱད་ལྡན་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་པ། ཕྱོགས་བསྡུས་སྐུལ་ཁྲིད་རྒྱུན་འཁྱོངས་བྱེད་པ། མཐུན་སྦྱོར་ཡར་སྐུལ་རྒྱུན་འཁྱོངས་བྱེད་པ་”བཅས་ཡིན། “རྒྱུན་འཁྱོངས་བཞི”དང“འཕེལ་རྒྱས་བཞི”ཡིས་མཚོ་སྔོན་གྱི་ཚན་རིག་འཕེལ་རྒྱས་ལྟ་བ་ཇི་ལྟར་མངོན་འགྱུར་བྱེད་པའི་གནད་དོན་ལ་ལན་བཏབ་ཡོད་ཅིང་། “འཕེལ་རྒྱས་བཞི”ཡིས་མཚོ་སྔོན་གྱི་ཚན་རིག་འཕེལ་རྒྱས་ཀྱི་ཐབས་ལམ་གཙོ་བོར་ལན་བཏབ་ཡོད་པ་དང་། “རྒྱུན་འཁྱོངས་བཞི”ཡིས“འཕེལ་རྒྱས་བཞི” མངོན་འགྱུར་བྱེད་པའི་བྱེ་བྲག་གི་བྱེད་ཐབས་ལ་ལན་བཏབ་ཡོད། ང་ཚོས་ལག་ལེན་ཁྲོད་དེ་གཉིས་ཕན་ཚུན་མཐུན་སྦྱོར་སྒོས་ཟུང་འབྲེལ་བྱས་ཏེ། “འཕེལ་རྒྱས་བཞི”ལ་སྐུལ་འདེད་བྱེད་པ་རྒྱུན་འཁྱོངས་བྱེད་པ་དེ་ལ་གཡོ་འགུལ་གཏན་ནས་མི་བྱེད་པ་དང་། “རྒྱུན་འཁྱོངས་བཞི”ལག་ལེན་མཐར་ཕྱིན་བྱེད་པར་གསར་སྐྲུན་ཡོད་པ་བྱས་ཏེ། མཚོ་སྔོན་འཕེལ་རྒྱས་ཀྱི་ཆོས་ཉིད་ཡོངས་སུ་ཁོང་དུ་ཆུད་པ་བྱས་ནས། ཧུར་ཐག་གིས་མཚོ་སྔོན་གྱི་ཚན་རིག་འཕེལ་རྒྱས་ལ་བར་སྟོང་གསར་བ་ཞིག་བསྐྲུན་དགོས།

འཕེལ་རྒྱས་འདེགས་སྐྱོར་རྒྱུན་འཁྱོངས་བྱེད་དགོས་ན། ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཞེས་པའི་ལས་འགན་དང་པོ་དེ་གཡོ་འགུལ་མེད་པར་རྒྱུན་འཁྱོངས་བྱེད་དགོས་པ་དང་། དཔལ་འབྱོར་འཛུགས་སྐྲུན་ལྟེ་བ་ཡིན་པ་རྒྱུན་འཁྱོངས་བྱེད་པར་གཡོ་འགུལ་མེད་པ་བྱས་ཏེ། བློ་རྩེ་གཅིག་སྒྲིམ་གྱིས་འཕེལ་རྒྱས་ལ་ཇུས་འགོད་བྱེད་པ་དང་བློ་གཅིག་སེམས་གཅིག་གིས་འཛུགས་སྐྲུན་བྱ་བ་བསྒྲུབ་ནས། མགྱོགས་མྱུར་སྒོས་རྗེས་ལུས་ཀྱི་རྣམ་པ་བསྒྱུར་བ་དང་འཕེལ་རྒྱས་སུ་གཏོང་དགོས། ནན་ཏན་སྒོས་རྒྱལ་ཁབ་ཀྱི་ཆེ་ཕྱོགས་ནས་སྙོམས་སྒྲིག་བྱེད་པའི་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱེད་པ་དང་། མགྱོགས་མྱུར་སྒོས་དཔལ་འབྱོར་སྒྲིག་གཞིའི་འཐབ་ཇུས་རང་བཞིན་གྱི་སྙོམས་སྒྲིག་བྱེད་པ་དང་བཅོས་སྒྱུར་སྒོ་འབྱེད་ཀྱི་ཤུགས་ཚད་ཇེ་ཆེར་གཏོང་བ། “ལོ་ལྔའི་འཆར་གཞི་བཅུ་གཅིག་པའི”ཚུན་གྱི་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་མུ་མཐུད་དུ་རྒྱུན་འཛིན་བཟང་བོ་དང་སྲ་བརྟན་དུ་གཏོང་དགོས། ཁྱད་ལྡན་སྣེ་ཁྲིད་ལ་རྒྱུན་འཁྱོངས་བྱེད་དགོས་ན། གནས་བབས་ཅུང་བཟང་བོ་དེ་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ནས། ཁྱད་ཆོས་གསོ་སྐྱོང་དང་སྤུས་ལེགས་ཐོན་རྫས་རྒྱ་ཆེར་གཏོང་བ། གཞི་ཁྱོན་གྲུབ་པ། ཁེ་ཕན་ཇེ་མཐོར་གཏོང་བ་བཅས་ཀྱི་རྩ་དོན་ལྟར། ཕན་ནུས་ལྡན་པའི་སྲིད་ཇུས་བྱེད་ཐབས་ལག་བསྟར་བྱས་ནས། མཚོ་སྔོན་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བྱས་ཏེ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་ཡར་སྐུལ་བྱེད་དགོས། ཤུགས་ཆེན་པོས་མཐོ་སྒང་གི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་དགོས་པ་དང་། ཁྱད་ཆོས་མངོན་གསལ་དང་ཁྱད་སྟོབས་འབུར་ཐོན་ཡིན་པའི་དེང་རབས་བཟོ་ལས་མ་ལག་བཙུགས་ཏེ། ནུས་ཤུགས་གང་ཡོད་ཀྱིས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཀྱི་གོ་རིམ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས། ཕྱོགས་བསྡུས་སྐུལ་ཁྲིད་ལ་རྒྱུན་འཁྱོངས་བྱེད་དགོས་ན། མཚོ་སྔོན་གྱི་ས་ཆའི་གཞི་ཁྱོན་ཆེ་བ་དང་། དཔལ་འབྱོར་སྤྱིའི་གྲངས་འབོར་ཆུང་བ། ཚོད་འཛིན་གྱི་རྒྱུ་རྐྱེན་མང་བ་ལ་སོགས་པའི་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་དམིགས་ནས། གཅིག་བསྡུས་དང་འདུ་ཚོགས། ལེགས་བསྡུས་ཞིབ་གཉེར་བཅས་ཀྱི་བགྲོད་ལམ་དུ་ཞུགས་དགོས་ལ། འཕེལ་རྒྱས་ཀྱི་རྒྱུ་རྐྱེན་གཙོ་བོ་གཅིག་བསྡུས་བྱས་ཏེ་གཞི་ཁྱོན་གྱི་ནུས་པ་གྲུབ་དགོས་པ་དང་། ཁྱབ་འགྱེད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ཆེས་ཉུང་བའི་མ་གནས་ཀྱིས་ཆེས་མང་པོའི་ཡོང་སྒོ་ལེན་དགོས། མཐུན་སྦྱོར་ཡར་སྐུལ་ལ་རྒྱུན་འཁྱོངས་བྱེད་དགོས་ན། ས་ཁོངས་འཕེལ་རྒྱས་ཕན་ཚུན་མཐུན་སྦྱོར་བྱེད་པ་ཡར་སྐུལ་བྱེད་དགོས་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འཛུགས་སྐྲུན་ཕན་ཚུན་མཐུན་སྦྱོར་བྱེད་པ། ཐོན་ཁུངས་གསར་སྤེལ་དང་སྐྱེ་ཁམས་འཛུགས་སྐྲུན་ཕན་ཚུན་མཐུན་སྦྱོར་བྱེད་པ་བཅས་ལ་ཡར་སྐུལ་བྱེད་དགོས།

“རྒྱུན་འཁྱོངས་བཞི” དམ་འཛིན་བྱས་ཏེ“འཕེལ་རྒྱས་བཞི”ལ་ཡར་སྐུལ་བྱེད་དགོས་ན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་འདུ་ཤེས་བསྒྱུར་བ་དང་། བསམ་བློ་གསར་འབྱེད་བྱས་ཏེ། དོན་དངོས་ཀྱི་བྱ་བའི་ཁྲོད་འདུ་ཤེས་རྙིང་བས་བྱ་བར་ཚོད་འཛིན་བྱེད་པ་འགག་གཏོར་བྱས་ཏེ། མུ་མཐུད་དུ་འཕེལ་རྒྱས་ཀྱི་འདུ་ཤེས་དང་འཕེལ་རྒྱས་ཀྱི་བྱེད་སྟངས་གསར་སྐྲུན་བྱེད་དགོས་པ་དང་། གསར་སྐྲུན་གྱི་ནུས་ཤུགས་ཇེ་མཐོར་གཏོང་དགོས། ལག་ལེན་གསར་བའི་ཁྲོད་གནས་ཚུལ་གསར་བར་ཞིབ་འཇུག་བྱེད་མཁས་པ་དང་། གནས་ཚུལ་གསར་བ་ཐག་གཅོད་དང་གོ་སྐབས་གསར་བ་དམ་འཛིན་བྱས་ཏེ། འགྲན་རྩོད་གསར་བ་གདོང་གིས་བསུ་ནས་མུ་མཐུད་དུ་གྲུབ་འབྲས་གསར་བ་ལེན་དགོས། བཅོས་སྒྱུར་གྱི་ཁྲོད་བསམ་བློ་བཅིངས་འགྲོལ་དང་འཕེལ་རྒྱས་ཀྱི་ཁྲོད་བསམ་བློ་གཅིག་གྱུར་བྱེད་པ། ལག་ལེན་གྱི་ཁྲོད་ངེས་ཤེས་གཏིང་ཟབ་དང་། འཚོལ་ཞིབ་ཀྱི་ཁྲོད་འདུ་ཤེས་བསྒྱུར་བ། གསར་སྐྲུན་གྱི་ཁྲོད་བསམ་གཞིགས་བསྒྱུར་བ་བཅས་བྱས་ཏེ། དངོས་གནས་ཚན་རིག་འཕེལ་རྒྱས་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས།

“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི” དུས་སྐབས་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་གྱི་མཚོ་སྔོན་གསར་བའི་འབད་འཐབ་དམིགས་འབེན་གྱི་སྔ་མཐུད་ཕྱི་འདྲེན་གྱི་གནད་འགག་གི་དུས་སྐབས་མངོན་འགྱུར་བྱེད་པའི་དུས་སྐབས་ཞིག་ཡིན་པས། མཚོ་སྔོན་འཕེལ་རྒྱས་ཀྱི་གོ་སྐབས་སྔར་ལས་མང་ཞིང་། འགྲན་རྩོད་སྔར་ལས་མང་ལ། དམིགས་འབེན་སྔར་ལས་མཐོ་བ། ལས་འགན་སྔར་ལས་ལྕི། ང་ཚོས“རྒྱུན་འཁྱོངས་བཞི” ཁོང་དུ་ཆུད་པ་བྱས་ན། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དེ་དཔལ་འབྱོར་གྱི་ཆོས་ཉིད་དང་ཚན་རིག་གི་ཆོས་ཉིད། རང་བྱུང་གི་ཆོས་ཉིད་བཅས་དང་སྔར་ལས་མཐུན་པ་དང་། རིམ་པ་སྔར་ལས་མཐོ་བའི་སྒོ་ནས“འཕེལ་རྒྱས་བཞི”ལ་ཡར་སྐུལ་བྱས་ཏེ། མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་རླབས་ཆེན་ལག་ལེན་ཁྲོད་ཡང་བསྐྱར་གྲུབ་འབྲས་གསར་བ་ལེན་དགོས། །