མདུན་ཤོག- དཔལ་འབྱོར་འཚོ་བ།- ཚོང་ཁྲོམ་འགྱུར་སྟངས།

མཚོ་སྔོན་ཞིང་ཆེན་གྱིས་བྱེད་ཐབས་བཅུ་བཞི་གཏན་འཁེལ་བྱས་ནས་ཚོང་རའི་དངོས་གོང་གཏན་འཇགས་སུ་བཏང་བ།

སྟོབས་ལྡན་བཀྲ་ཤིས།  མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2011-01-14 16:37

2010ལོའི་ཟླ12པའི་ཚེས1ཉིན་ཞིང་ཆེན་སྲིད་གཞུང་གིས«དངོས་གོང་གཏན་འཇགས་སུ་གཏོང་བའི་བྱ་བ་ལེགས་པོར་སྒྲུབ་ནས་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་དགོས་པའི་སྐོར་གྱི་བྲེལ་མྱུར་བརྡ་ཐོ།»སྤེལ་ཏེ། ཚོང་རའི་དངོས་གོང་གཏན་འཇགས་སུ་གཏོང་བའི་བྱེད་ཐབས་བཅུ་བཞི་བཏོན་པ་རེད།

གཅིག འགན་ཁུར་ལམ་ལུགས་སྔར་ལས་དོན་ཐོག་ཏུ་འཁྱོལ་དགོས།

“འབྲས་ཁུག” ཧྲིན་ཀྲང་གིས་འགན་ཁུར་བའི་ལམ་ལུགས་དང“ཚོད་སླེ” ཧྲི་ཀྲང་གིས་འགན་ཁུར་བའི་ལམ་ལུགས་སྔར་ལས་དོན་ཐོག་ཏུ་འཁྱོལ་ཏེ། ཚོང་རའི་མཁོ་སྤྲོད་འགན་སྲུང་དང་དངོས་གོང་ལྟ་སྐུལ་བྱེད་པར་ཤུགས་བསྣན་པ་དེ་ཉིན་རེའི་གྲོས་རིམ་གཙོ་བོར་བརྩི་དགོས།

གཉིས། ཤུགས་ཆེན་པོས་ཞིང་ཕྱུགས་ལས་ཐོན་སྐྱེད་འཕེལ་རྒྱས་སུ་གཏོང་དགོས།

དགུན་ཁའི་སྔོ་ཚོད་ཐོན་སྐྱེད་ཕྱོགས་སུ་ཤུགས་སྣོན་དགོས་པ་དང་མྱུར་སྐྱེ་སྔོ་ཚོད་ཐོན་སྐྱེད་ཀྱི་རྒྱ་ཁྱོན་རྒྱ་ཆེར་གཏོང་དགོས། དགུན་ལས་བརྒལ་བའི་སྔོ་ཚོད་འདོན་སྤྲོད་བྱེད་པར་འཕར་སྣོན་བྱེད་དགོས། གཅིག་བསྡུས་ཐོན་སྐྱེད་དང་མཁོ་སྤྲོད་བྱེད་ཚད་ཆེ་བའི་སྔོ་ཚོད་དེ་སང་ལོའི་མ་དངུལ་བཀོད་སྒྲིག་ལྟར་དགོས་ངེས་ཀྱི་ཆེད་དམིགས་ཁ་གསབ་རོགས་སྐྱོར་བྱེད་དགོས།

གསུམ། ཐོན་སྐྱེད་དང་ཕྱིར་ཚོང་བར་གྱི་འབྲེལ་མཐུད་བྱ་བ་ལེགས་སྒྲུབ་བྱེད་དགོས།

ཞིང་ཆེན་ནང་ཁུལ་གྱི་བདག་གཉེར་ཁེ་ལས་གཙོ་བོ་དང་ཞིང་ཆེན་ཕྱི་ནང་གི་འབྲུ་སྣུམ་ཤ་གསུམ་དང་སྔོ་ཚོད། སྒོ་ང་། འོ་མ་སོགས་ཟས་རིགས་གཙོ་བོའི་འབྱུང་ཡུལ་བར་ཡུན་རིང་ཞིང་གཏན་འཇགས་ཡིན་པའི་མཁོ་སྤྲོད་འབྲེལ་བ་འཛུགས་དགོས།

བཞི། ཚོང་རྫས་གཙོ་བོ་གསོག་འཇོག་བྱེད་པ་མུ་མཐུད་དུ་ལེགས་སྒྲིག་བྱེད་དགོས།

ད་ཡོད་ཀྱི་ཀྲུང་དབྱང་གི་གསོག་འཇོག་ཕག་ཤ་དང་ཞིང་ཆེན་རིམ་པའི་སྐམས་ཤ་དང་ལུག་ཤ། མཐའ་མཚམས་སུ་བཙོང་བའི་ཇ་བཅས་གསོག་འཇོག་བྱ་བ་ལེགས་སྒྲུབ་བྱེད་པའི་རྨང་གཞིའི་སྟེང་དུ། སྔོ་ཚོད་གསོག་འཇོག་ལམ་ལུགས་འཛུགས་དགོས། ལོ་མཇུག་ནས2011ལོའི་དཔྱིད་ཀའི་བར་རྒྱ་ཙོང་དང་ཞོག་ཁོག་སོགས་གསོག་འཇོག་བྱེད་ཐུབ་པའི་སྣ་ཁ་ལྔ་ཡན་ཆད་དང་ཡང་ན་སྔོ་ཚོད་ཏུན་ཁྲི་གཉིས་དང་སྟོང་ལྔ་གསོག་འཇོག་བྱེད་པའི་བྱ་བ་ལེགས་སྒྲུབ་བྱེད་དགོས། ཐུམ་རྒྱག་ཆུང་རིགས་ཀྱི་མཁོ་བསྟུན་འབྲུ་རིགས་དང་སྣུམ་བསགས་ཚད་ཇེ་མང་དུ་གཏོང་དགོས།

ལྔ། འཁོར་རྒྱུག་མ་རྩ་ནུས་ལྡན་གྱི་སྒོ་ནས་ཇེ་དམའ་རུ་གཏོང་དགོས།

མུ་མཐུད་དུ་འཁོར་རྒྱུག་དང་སྐྱེལ་འདྲེན་འགན་སྲུང་བྱ་བ་ལེགས་སྒྲུབ་བྱེད་དགོས། ཧུར་བརྩོན་གྱིས་སྐྱེལ་འདྲེན་ཁེ་ལས་དང་མཐུན་སྦྱོར་བྱས་ཤིང་སྟོབས་ཤུགས་ཡོད་ཚད་བཏོན་ནས་སྐྱེལ་འདྲེན་རྩ་འཛུགས་དང་སྐྱེལ་འདྲེན་ནུས་ཤུགས་ཁག་ཐེག་བྱ་བ་ལེགས་སྒྲུབ་བྱེད་དགོས། འབྲུ་སྣུམ་ཤ་གསུམ་དང་སྔོ་ཚོད། སྒོ་ང་། འོ་མ་སོགས་འཚོ་བའི་ཕྱོགས་ཀྱི་དགོས་ངེས་དངོས་རྫས་སྐྱེལ་འདྲེན་ཐད་ཐོག་མར་ཁག་ཐེག་བྱས་དགོས།

དྲུག སྲིད་གཞུང་གིས་དངོས་གོང་སྙོམ་སྒྲིག་བྱེད་པའི་རྣམ་གྲངས་དག་ལ་ཚོད་འཛིན་ནན་མོ་བྱེད་དགོས།

ས་ཁུལ་སོ་སོ་དང་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་་གིས་དངོས་གོང་ལྟ་སྐུལ་བྱ་བར་སྔར་ལས་ཤུགས་བསྣོན་དགོས། རྒྱལ་ཁབ་ཀྱི་བཀས་སྐུལ་རང་བཞིན་གྱི་དངོས་གོང་སྙོམ་སྒྲིག་རྣམ་གྲངས་མ་གཏོགས། རིམ་པ་སོ་སོའི་སྲིད་གཞུང་གིས་སང་ལོའི་ལོ་གསར་དང་ལུགས་རྙིང་ལོ་གསར་གྱི་སྔོན་དུ་སྲིད་གཞུང་གི་དངོས་གོང་སྙོམས་སྒྲིག་རྣམ་གྲངས་ལག་བསྟར་བྱེད་མི་རུང་།

བདུན། ཟས་རིགས་མིན་པའི་རིགས་ཀྱི་འཚོ་བའི་དགོས་ངེས་དངོས་རྫས་ཀྱི་མཁོ་སྤྲོད་དང་རིན་གོང་ལྟ་སྐུལ་ཚད་ལེན་བྱ་བ་ལེགས་སྒྲུབ་བྱེད་དགོས།

ཞོར་ཟས་རིགས་ཀྱི་ཚོང་རྫས་མཁོ་སྤྲོད་དང་རིན་གོང་ལྟ་སྐུལ་ཚད་ལེན་སྙོམ་སྒྲིག་བྱེད་པར་མཐོང་ཆེན་བྱེད་པའི་དུས་མཚུངས་སུ། གྱོན་གོས་དང་སྨན་བཅོས་བདེ་སྲུང་དང་མི་སྒེར་གྱི་མཁོ་རྫས། རོལ་རྩེད། སློབ་གསོ། རིག་གནས་མཁོ་རྫས། ཞབས་ཕྱི། འགྲིམ་འགྲུལ་དང་འཕྲིན་གཏོང་ལས་རིགས་སོགས་མང་ཚོགས་ཀྱི་འཚོ་བའི་མཁོ་རྫས་ཀྱི་ཚོང་རའི་མཁོ་སྤྲོད་དང་རིན་གོང་གི་འགྱུར་ལྡོག་ལ་ལྟ་ཞིབ་ཚད་ལེན་བྱས་ཏེ། ཚོང་རའི་འཁོར་རྒྱུག་སྔར་བས་ཧུར་པོར་གཏོང་བ་དང་ཚོང་རའི་དོ་དམ་དང་ཁྲིད་སྟོན་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། ལུགས་དང་མི་མཐུན་པའི་རིན་འཕར་བྱ་སྤྱོད་ཚོད་འཛིན་བྱེད་དགོས་པ་མ་ཟད། ཟས་རིགས་མ་ཡིན་པའི་རིགས་ཀྱི་འཚོ་བའི་མཁོ་རྫས་ཀྱི་རིན་གོང་འཕར་བའི་སྣང་ཚུལ་མི་འབྱུང་བ་དང་ཚོང་རའི་རིན་གོང་གི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས།

བརྒྱད། རྡོ་སོལ་དང་གློག རླངས་སྣུམ་བཅས་ཀྱི་ཚོང་ར་བརྟན་འཇགས་ཡོང་བར་འགན་སྲུང་བྱེད་དགོས།

རྡོ་སྣུམ་དང་རང་བྱུང་སོལ་རླངས་ཕྱིར་འཚོང་ཁེ་ལས་ཀྱིས་རྡོ་སྣུམ་དང་རང་བྱུང་སོལ་རླངས་རྒྱུན་ལྡན་ངང་འདོན་སྤྲོད་དང་ཚོང་རའི་སྒྲིག་ལམ་འགན་སྲུང་བྱེད་པ་དང་། རྒྱལ་ཁབ་ཀྱི་རིན་གོང་སྲིད་ཇུས་ནན་ཏན་གྱིས་ལག་བསྟར་བྱས་ནས། སིལ་འཚོང་རིན་གོང་དེ་རྒྱལ་ཁབ་ཀྱི་ཆེས་མཐོ་བའི་ཚད་ལས་བརྒལ་མི་ཆོག

དགུ རྐང་འཛིན་ཁེ་ལས་ཚོང་རའི་ནང་ཞུགས་པའི་སྙོམ་སྒྲིག་ནུས་པ་ཇེ་དྲག་ཏུ་གཏོང་དགོས།

བཅུ། ཚོང་རར་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཇེ་ཆེར་གཏོང་དགོས།

བཅུ་གཅིག དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་དགོས།

2010ལོའི་ཟླ12པ་ནས2011ལོའི་ཟླ4བའི་ཟླ་མཇུག་བར་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་མི་རེར་ཟླ་རེར་སྒོར་ཉེར་ལྔ་དང་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་ལ་མི་རེར་ཟླ་རེར་སྒོར་བཅོ་ལྔ། ཞིང་སྡེའི་ལྔ་སྐྱོང་ཁྱིམ་ཚང་ལ་མི་རེར་ཟླ་རེར་སྒོར་ཉེར་ལྔ། གཟིགས་སྐྱོང་བྱ་ཡུལ་ལ་མི་རེར་སྒོར་ཉེར་ལྔ་ཡི་ཚད་གཞི་ལྟར་གནས་སྐབས་ཀྱི་རིན་གོང་ཁ་གསབ་སྟེར་དགོས།

བཅུ་གཉིས། མཐོ་རིམ་སློབ་གྲྭ་དང་བཅའ་སྡོད་ལམ་ལུགས་སློབ་གྲྭའི་སློབ་མའི་འཚོ་བ་དངོས་གནས་བཀོད་སྒྲིག་བཟང་བོ་བྱེད་དགོས།

དངོས་གོང་འཕར་བ་ལས་དབུལ་ཕོངས་སློབ་མའི་འཚོ་བར་བཟོས་པའི་གནོན་ཤུགས་ཇེ་ཡང་དུ་གཏོང་དགོས་པ་མ་ཟད། རིན་གོང་འཕེལ་ཕྱོགས་ཀྱི་གནས་ཚུལ་ལྟར་སློབ་གྲྭ་ཆེན་མོ་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་མ་དང་། ཁྱད་པར་དུ་ཁྱིམ་ཚང་གི་དཔལ་འབྱོར་ཐད་དཀའ་ཁག་ཆེ་བའི་སློབ་མར་འཚོ་བའི་ཁ་གསབ་སྟེར་བའི་རྨང་གཞིའི་སྟེང་ཟ་ཁང་གི་ཁ་གསབ་འོས་འཚམ་གྱིས་ཇེ་མང་དུ་གཏོང་དགོས། སློབ་གྲྭ་དང་ཁེ་ལས་བར་དང་སློབ་གྲྭ་དང་མཁོ་སྤྲོད་ཚོང་བའི་ཞོར་ཟས་དང་སྔོ་ཚོད་འདོན་སྤྲོད་བྱེད་པའི་ཐད་འཚོང་སྟེགས་བུ་བསྐྲུན་དགོས།

བཅུ་གསུམ། ཚོང་རའི་རིན་གོང་ལ་མཉམ་ཞིབ་མཉམ་བཤེར་བྱེད་པའི་ནང་རྐྱེན་འཛུགས་དགོས།

2010ལོའི་ཟླ12པའི་ཚེས1ཉིན་ནས་བཟུང་། ཞིང་ཆེན་རིམ་པའི་མཉམ་འབྲེལ་ཞིབ་བཤེར་ཚན་ཆུང་བཙུགས་ནས་ཞིང་ཆེན་ཡོངས་སུ་དུས་ཡུན་ཟླ་གསུམ་རིང་གི་མི་དམངས་མང་ཚོགས་ཀྱི་འཚོ་བའི་མཁོ་རྫས་དང་ཞིང་ལས་ཐོན་སྐྱེད་རྒྱུ་ཆ། ཁྲའེ་སྣུམ་སོགས་ཀྱི་རིན་གོང་དང་འབྲེལ་བའི་ཆེད་དོན་ཞིབ་བཤེར་བྱས་ནས། རིན་གོང་མནའ་འབྲེལ་དང་མཉམ་ཇུས་བྱས་ཏེ་རིན་གོང་སྤར་བ། འབེལ་ཉོ་དཀོན་འཚོང་། གཡོ་ཐབས་ཀྱིས་རིན་གོང་སྤར་བ། ངོ་བོ་བསྒྱུར་ནས་རིན་གོང་སྤར་བ། སྔོ་ཚོད་དང་ཤ་བཙན་གཉེར་བྱེད་པ་སོགས་ཚོང་རར་རྙོག་དྲ་བཟོ་བའི་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་དང་རྩད་ཞིབ་ཐག་གཅོད་ནན་མོ་བྱེད་དགོས། ངོ་བོ་ཚབས་ཆེན་དང་ཤུགས་རྐྱེན་ངན་པ་བཟོས་པའི་དཔེ་གཞིའི་གྱོད་དོན་ཚང་མར་ཤེས་སུ་འཇུག་དགོས།

བཅུ་བཞི། གླེང་ཕྱོགས་ཀྱི་དྲིལ་བསྒྲགས་བྱ་བ་ལེགས་པོར་བསྒྲུབ་དགོས།

ཧུར་ཐག་གིས་སྲིད་གཞུང་གིས་འདོན་སྤྲོད་འགན་སྲུང་དང་རིན་གོང་བརྟན་འཇགས་ཡོང་ཆེད་སྤྱད་པའི་བྱེད་ཐབས་རབ་དང་རིམ་པ་དྲིལ་བསྒྲགས་བྱས་ནས་འཛད་སྤྱོད་ཐད་ཡང་དག་པས་ཁྲིད་སྟོན་དང་མང་ཚོགས་ཀྱི་འཛད་སྤྱོད་ཡིད་ཆེས་ཇེ་དྲག་ཏུ་བཏང་སྟེ། མང་ཚོགས་ཀྱི་འཛད་སྤྱོད་སེམས་ཁམས་བརྟན་པོར་གཏོང་དགོས།།