མདུན་ཤོག- དཔལ་འབྱོར་འཚོ་བ།- འབྱོར་བའི་གཏམ་རྒྱུད།

ན་གཞོན་མཉེན་ཆས་གསར་བསྐྲུན་པ་ཞིག་གི་མི་ཚེའི་གཏམ་གླེང་།

    2011-01-14 16:39

ཚེ་མགོན་སྐྱབས།

ཚེ་མགོན་སྐྱབས། སྐྱེ་ཡུལ་བླ་བྲང་དཔོན་ཚང་། ལན་ཀྲུའུ་བཟོ་ལས་སློབ་ཆེན་རྩིས་འཁོར་སྡེ་ཁག་གི་དངོས་གཞི་ནས་མཐར་ཕྱིན་པ། ད་ལྟ་བླ་བྲང་གྲོང་བརྡལ་དུ་བྱ་བ་སྒྲུབ་བཞིན་ཡོད།བྱ་བ་སྒྲུབ་ནས་ལོ་ངོ་༡༥་སོན་ཡོད་པ། ༡༩༩༦ལོའི་ཟླ་༡༠བ་ནས་༢༠༠༡ལོའི་ཟླ་༩པར་གཞི་རིམ་དུ་བྱ་བ་སྒྲུབ་མགོ་བརྩམས་པ། ༢༠༠༡ལོའི་ཟླ་༩བར་ཀན་ལྷོ་ཁུལ་མི་དོན་ཅུས་ཀྱིས་མངགས་བཅོལ་འོག་ཀན་སུའུ་ཞིང་ལས་སློབ་ཆེན་གྱི་རྩིས་འཁོར་སྡེ་ཁག་ཏུ་སློབ་གཉེར་བྱེད་དུ་སོང་བ་དང་།༢༠༠༣ལོའི་ཟླ་༧པར་སློབ་མཐར་ཕྱིན་རྗེས་སྔར་གྱི་ལས་གནས་སུ་ཕྱིར་ལོག་པ། ༢༠༠༤ལོའི་ཟླ་༣པར་བསང་ཆུ་རྫོང་མི་དམངས་སྲིད་གཞུང་གི་གཞུང་སྒྲུབ་ཁང་གི་དྲུང་ཡིག་ཁང་དུ་ལས་གནས་སྤོར་བ།ལོ་དེའི་ཟླ་༩པར་ཀན་ལྷོ་ཁུལ་རྩ་འཛུགས་པུའུ་ཡིས་མངག་བཅོལ་ལྟར་ལན་ཀྲུའུ་བཟོ་ལས་སློབ་ཆེན་གྱི་རྩིས་འཁོར་སྡེ་ཁག་ཏུ་སློབ་སྦྱོང་བྱེད་དུ་སོང་བ། ༢༠༠༦ལོར་སློབ་མཐར་ཕྱིན་རྗེས་བྲང་གྲོང་བརྡལ་དུ་བྱ་བ་སྒྲུབ་པ། འགོ་ཁྲིད་ལ་བརྩི་བཀུར་དང་།ལས་རོགས་ལ་མཐུན་སྒྲིལ་ངང་འབད་བརྩོན་ལྷུར་ལེན་བྱས་ཏེ་ལས་ཞོར་དུ་«བོད་ལྗོངས་་རིག་གནས»དང་«མདོ་སྨད་ཞིབ་འཇུག»དང་«བསྐལ་བཟང་མེ་ཏོག»«ཀན་ལྷོའི་གསར་འགྱུར»སོགས་སུ་བྲིས་རྩོམ་གང་མང་བཏོན་པ་དང་། «ཚེ་མགོན་སྐྱབས་བོད་ཡིག་མཉེན་ཆས»དང་ཀྲུང་གོ་ཚན་རིག་གླིང་དང་ལྷན་དུ«བོད་ཡིག་ཨང་ཡིག་བརྗེ་ཆས།བོད་ཡིག་ཏུ་བརྗེ་སྒྱུར་བྱས་བ་དང་།བོད་ཡིག་ཡིག་མཛོད་གང་མང་སོགས་ཀྱི་མཉེན་ཆས་བཟོ་བསྐྲུན་བྱས་བ་དང་།ཚོང་རྟགས་དང་དཔེ་རྟགས་གང་མང་ཇུས་འགོད་བྱས་ཡོད་པ།དཔེར་ན།༼ལན་ཀྲུའུ་ཏང་སྲིད་དམག་ཞབས་འདེགས་ལྟེ་གནས་ཀྱི་ཚོང་རྟགས་དང་།བསང་ཆུའི་མ་འཇོག་ཀུང་སུའི་ཚོང་རྟགས།ཀན་ལྷོ་ཁུལ་ཟློས་གར་ཚོགས་པའི་འཆམ་ལྭ་དང་འཆམ་འབོག་གང་མང་། ༽དྲ་རྒྱ་གང་མང་བཟོ་སྐྲུན་བྱས་ཡོད་པ།དཔེར་ན།༼ བླ་བྲང་པོ་ཏཱ་ལ་ལྷ་ཡི་མགྲོན་ཁང་གི་དྲ་རྒྱ།སྟག་ཚང་ལྷ་མོ་འཇའ་འབྲུག་མགྲོན་ཁང་གི་དྲ་རྒྱ། ༽ད་ལྟ་ལྷུར་ལེན་བྱེད་བཞིན་པ་ནི་ PS、DW、Ghost XP P3གྱི་ནང་འཇུག་མཉེན་ཆས་བོད་ཡིག་ཏུ་སྒྱུར་བཞིན་པ་དང་། རང་འགུལ་ཞིབ་བཤེར་དག་བཅོས་ཀྱི་མཉེན་ཆས་དང་། རང་ཤེས་ནང་འཇུག་འཕྲུལ་མཉེན་ཆས་སོགས་ལ་འབད་གྱིན་ཡོད་པ་དང་།༢༠༠༩ལོ་ནས་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭའི་རྩིས་འཁོར་དགེ་རྒན་དུ་གདན་དྲངས་བ་དང་། ༢༠༡༠ལོའི་ཟླ་༣པ་ནས་ཁྲུན་ཏུའུ་ཡར་ཡོན་ཚན་རྩལ་སྒོ་འབྱེད་ཚད་ཡོད་ཀུང་སུའི་བླ་བྲང་ལས་སྒྲུབ་ཁང་གི་འགན་གཙོར་བསྐོས་བའོ། །