མདུན་ཤོག- དཔལ་འབྱོར་འཚོ་བ།- ཚོང་ཁྲོམ་འགྱུར་སྟངས།

བོད་ལྗོངས་ཀྱི་ཤང་དང་གྲོང་བརྡལ686ནས་ཞིང་ཕྱུགས་ཞབས་ཞུ་ལྟེ་གནས་འཛུགས་རྒྱུ་རེད།

རྩོམ་པ་པོ། རིན་ཆེན་བཀྲ་ཤིས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2012-02-14 10:22

སྔར་ལས་ལྷག་པའི་སྒོ་ནས་ཤང་དང་གྲོང་བརྡལ་གྱི་རྩ་འཛུགས་འཛུགས་སྐྲུན་དང་། ཤང་དང་གྲོང་བརྡལ་གྱི་སྤྱིའི་ཕན་ནུས་ལེགས་པོར་གཏོང་བ། ཤང་དང་གྲོང་བརྡལ་གྱི་ཞིང་གསུམ་ལ་ཞབས་ཞུ་བྱེད་པའི་ནུས་པ་དང་ཆུ་ཚད་ཇེ་མཐོར་བཏང་ནས་ཞིང་ཕྱུགས་ལས་ཀྱི་ཚན་རྩལ་གསར་གཏོད་ཆུ་ཚད་ལ་སྐུལ་འདེད་བྱེད་ཆེད། བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་འཐད་པ་བྱུང་བ་དང་། རང་སྐྱོང་ལྗོངས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གིས་དངོས་གཞིའི་ཆོག་མཆན་བཀོད་པ་ལྟར་རང་སྐྱོང་ལྗོངས་ཡོངས་ཀྱི་ཤང་དང་གྲོང་བརྡལ686ནས་ཞིང་ཕྱུགས་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་འཛུགས་རྒྱུ་རེད།

ཤེས་གསལ་ལྟར་ན། ཤང་དང་གྲོང་བརྡལ་ཞིང་ཕྱུགས་ཞབས་ཞུའི་ལྟེ་གནས་ཀྱིས་གཙོ་བོར་ཤང་དང་གྲོང་བརྡལ་གྱི་ཞིང་ཕྱུགས་ལག་རྩལ་ཁྱབ་བརྡལ་དང་ཞིང་ལས་འཕྲུལ་ཆས། ས་བོན་བརྗེ་བ། ཚན་རྩལ་གསོ་སྦྱོང་། ཚོད་མ་འདེབས་པ། རྩྭ་ཐང་ལ་དོ་དམ་བྱེད་པ། ཕྱུགས་ནད་སྨན་པ། ཉ་ལས་དང་ནགས་ལས། ཆུ་བེད་སོགས་ཀྱི་བྱ་བའི་འགན་ཁུར་དགོས། ཤང་དང་གྲོང་བརྡལ་གྱི་ཞིང་ཕྱུགས་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་རེར་ཆ་སྙོམས་བྱས་ན་ལས་དོན་སྒྲིག་ཁོངས་ནང་གི་མི་བཅུ་གཏན་འཁེལ་བྱས་པ་དང་། ཁོ་གཞོན་པའི་རིམ་པ་དང་འདྲ་བའི་སྤྱི་ཕན་རང་བཞིན་གྱི་སྡེ་ཁག་ཏུ་གཏོགས། ཤང་དང་གྲོང་བརྡལ་གྱིས་དོ་དམ་བྱེད་པ་གཙོ་བོ་དང་ལས་དོན་སྡེ་ཁག་གིས་ལས་དོན་ཐད་ནས་མཛུབ་སྟོན་བྱེད་པའི་དོ་དམ་ལམ་ལུགས་ལག་བསྟར་བྱེད་དགོས། མིག་སྔའི་བར་དུ། བོད་ལྗོངས་ཀྱི་ཤང་དང་གྲོང་བརྡལ་གྱི་ཚན་རྩལ་ཞབས་ཞུ་མ་ལག་འཛུགས་སྐྲུན་གྱི་ལས་གཞིའི་འཆར་གཞི་ལེགས་འགྲུབ་བྱུང་ནས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་འདྲིས་བྱེད་བཞིན་ཡོད་པར་མ་ཟད། ཟླ་གཉིས་པའི་ཟླ་མཇུག་སྔོན་དུ་ཞིང་ལས་པུའུ་སོགས་རྒྱལ་ཁབ་ཀྱི་པུའུ་ཨུ་ལ་ཡར་ཞུ་བྱ་རྒྱུ་རེད། །