མདུན་ཤོག- དཔལ་འབྱོར་འཚོ་བ།- ཁྱིམ་ཇུས་ནོར་གཉེར།

བོད་སྤོས་དང་ཐང་གའི་ཚོང་གཉེར་ཐབས་ཤེས།

རྩོམ་པ་པོ། བདེ་ལྷ་མོས་བསྒྱུར།  ཡོང་ཁུངས། བོད་ལྗོངས་ཆ་འཕྲིན་ལྟེ་གནས།  2012-03-04 12:11

ཟླ་༤བའི་ཚེས་༡༢ཉིན། བོད་སྐྱོར་ལས་བྱེད་པས་བོད་ལྗོངས་གངས་ཏི་ཉོ་ཚོང་ཚད་ཡོད་ཀུང་སིའི་ཐང་ག་འགྲེམ་སྟོན་ལྟེ་གནས་ལ་གཟིགས་སྐོར་གནང་བཞིན་པ།

    ཉིན་དེར་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་ནས་ཕེབས་པའི་བོད་སྐྱོར་ལས་བྱེད་པ་༡༢༠ལྷགབོད་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་སྟེ་བོད་ལྗོངས་གངས་ཏི་ཉོ་ཚོང་ཚད་ཡོད་ཀུང་སིར་ཕེབསནས་གཟིགས་སྐོར་གནང་བ་རེད། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་མགྱོགས་མྱུར་ངང་གོང་དུ་འཕེལ་བ་དང་བསྟུན་ནས། རིག་གནས་ཐོན་ལས་ལ་སྔར་བྱུང་མ་མྱོང་བའི་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་དང་། བོད་ལྗོངས་གངས་ཏི་ཉོ་ཚོང་ཀུང་སི་དེ་བོད་ལྗོངས་རིག་གནས་ཐོན་ལས་ཀྱི་ཁེ་ལས་ཆེ་ཤོས་ཡིན་པའི་ཆ་ནས་དེའི་རིག་གནས་སྒྱུ་རྩལ་ཐོན་རྫས་ལ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་དགའ་བསུབྱེད་བཞིན་ཡོད།

ཟླ་༤བའི་ཚེས་༡༢ཉིན། བོད་ལྗོངས་གངས་ཏི་ཉོ་ཚོང་ཚད་ཡོད་ཀུང་སིའི་ལྷ་བཟོ་བས་ཐང་ག་འབྲི་བཞིན་པ།  

ཟླ་༤བའི་ཚེས་༡༢ཉིན། བོད་སྐྱོར་ལས་བྱེད་པས་བོད་ལྗོངས་གངས་ཏི་ཉོ་ཚོང་ཚད་ཡོད་ཀུང་སིའི་བོད་སྤོས་བཟོ་ཚུལ་ལ་གཟིགས་པ།

ཟླ་༤བའི་ཚེས་༡༢ཉིན། བོད་སྐྱོར་ལས་བྱེད་པས་བོད་ལྗོངས་གངས་ཏི་ཉོ་ཚོང་ཚད་ཡོད་ཀུང་སིའི་ལས་བཟོ་བ་དང་མཉམ་དུ་སྐོར་བྲོ་འཁྲབ་པ།

༢༠༠༡ལོར་ཚུགས་པའི་གངས་ཏི་ཀུང་སི་ནི་མི་རིགས་ལག་ཤེས་བཟོ་ལས་ཐོན་རྫས་དང་། ཆོས་ལུགས་དང་རིག་གནས་སྐོར་གྱི་ཡུལ་སྐོར་ཐོན་རྫས། ཁྱད་ལྡན་ཡུལ་སྐོར་ཞབས་ཞུ། དམངས་ཁྲོད་སྒྱུ་རྩལ་གསོ་སྦྱོང་། བཟའ་བཏུང་དང་རོལ་རྩེད། གླུ་གར་འཁྲབ་སྟོན། ཚོང་ལས་བཅས་ཡོད་ཚདའདུས་པའི་སྣ་འཛོམས་རང་བཞིན་གྱི་ཁེ་ལས་ཤིག་ཡིན་ཞིང་། ༢༠༠༨ལོའི་ཟླ་༡༠བར་རིག་གནས་པུའུ་ཡིས་བོད་ལྗོངས་སྟོད་ལུང་བདེ་ཆེན་རྫོང་གནས་ཆུང་གྲོང་བརྡལ་དུ་ཡོད་པའི་ཁེ་ལས་དེ་རྒྱལ་ཁབ་ཀྱི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་ཞེས་པའི་མཚན་སྙན་གནང་བ་རེད།

ཀུང་སི་གསར་འཛུགས་གནང་མཁན་རྡོ་རྗེ་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། མིག་སྔའི་ཚོང་རའི་སྟེང་བོད་སྤོས་དང་ཐང་ག་གཉིས་ནི་ཀུན་གྱིས་ཁས་ལེན་ཞིང་ཚོང་རྫས་ལེགས་ཤོས་ཀྱི་རིག་གནས་ཐོན་རྫས་རིགས་གཉིས་ཡིན་ཞིང་། ང་ཚོའི་གཞན་དང་མི་འདྲ་བའི་ཁྱད་ཆོས་ནི་བོད་སྤོས་བཟོ་ཚུལ་དང་ཐང་ག་བཞེངས་པའི་ལག་ཤེས་ཀྱི་བརྒྱུད་རིམ་ཧྲིལ་བོ་སྐུ་མགྲོན་རྣམས་ལ་སྟོན་རྒྱུ་དེ་ཡིན་པ་རེད།

 ཡུལ་སྐོར་བས་ཐད་ཀར་བོད་སྤོས་བཟོ་ཚུལ་དང་ཐང་ག་བཞེངས་པའི་བརྒྱུད་རིམ་ཧྲིལ་བོ་མཐོང་ཐུབ་པར་བརྟེན། བོད་སྤོས་རིག་གནས་ཀྱི་ལོ་རྒྱུས་ཤེས་ཐུབ་པ་མ་ཟད། ད་དུང་ཐོན་རྫས་ཀྱི་སྤུས་ཀ་ལེགས་པའང་ཤེས་ཐུབ་པས། བོད་སྤོས་ལ་ཐོག་མཐའ་བར་གསུམ་དུ་ཚོང་ཁ་ཧ་ཅང་ཡག་པོ་ཡོང་བཞིན་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་། སྲོལ་རྒྱུན་གྱི་ལག་རྩལ་ལ་བརྟེན་ནས་བཟོས་པའི་བོད་སྤོས་རྣམས་ཞང་ཀང་དང་ཨའོ་མོན། ཐའེ་ཝན་སོགས་སུ་ཡང་འཚོང་བཞིན་ཡོད་པ་རེད་ཟེར།

  ཡུལ་སྐོར་ལས་རིགས་ནི་བོད་ལྗོངས་ཀྱི་ཐོན་ལས་གཙོ་བོ་ཞིག་ཡིན་ཞིང་། རིག་གནས་ཐོན་ལས་ནི་ཡུལ་སྐོར་ལས་རིགས་ལ་སྐུལ་འདེད་གཏོང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་གྱུར་ཡོད། གངས་ཏི་ཀུང་སིར་གཟིགས་སྐོར་གནང་བཞིན་པའི་བོད་རང་སྐྱོང་ལྗོངས་རིག་གནས་ཁང་གི་འགན་འཛིན་གཞོན་པ་དབྱང་ཧྲོའུ་མིན་གྱིས་གསར་འགོད་པར་བརྗོད་པར། བོད་ལྗོངས་རིག་གནས་ཐོན་ལས་ནི་ཕུན་སུམ་ཚོགས་ཤིང་འཕེལ་རྒྱས་ཀྱི་མདུན་ལམ་མམ་ཚོང་ར་ཆེན་པོ་ཡོད་པ་དང་། ཚོད་བགམ་རགས་པ་ལྟར་ན། ད་ཆ་བོད་ལྗོངས་རིག་གནས་ཐོན་ལས་གཉེར་མཁན་གྱི་མི་གྲངས་ཁྲི་༢ལས་བརྒལ་ཞིང་། ཁེ་ལས་༣༠༠༠ལ་ཉེ་བ་ཡོད་ལ། དེའི་ནང་བོད་སྤོས་དང་ཐང་གའི་སྲོལ་རྒྱུན་གྱི་ལག་ཤེས་བཟོ་ལས་ལ་ཚོང་རའི་རྨང་གཞི་ལེགས་པོ་ཆགས་ཡོད་པ་རེད།

རྡོ་རྗེ་དོན་གྲུབ་ལགས་ཀྱིས་འདི་སྐད། ཀུང་སི་དེ་ལོ་བརྒྱད་རིང་འཕེལ་རྒྱས་ཕྱིན་མཐར། ད་ཆ་མ་རྩ་སྒོར་ཁྲི་༤༠༠༠ཟིན་པའི་ཁེ་ལས་ཤིག་ཏུ་གྱུར་ཡོད་པ་མ་ཟད། ད་དུང་སྤྱི་ཚོགས་ལ་ལས་གནས་༢༠༠མཁོ་འདོན་བྱས་ཡོད་པ་རེད་ཅེས་དང་།  ཡང་། མི་སྔར་མི་མང་པོ་ཞིག་གིས་བོད་ལྗོངས་ལ་རྒྱུས་མངའ་དང་། བོད་ལྗོངས་ལ་བརྩེ་འདང་ཆགས་བཞིན་པ་དང་བསྟུན་ནས། ངས་བོད་ལྗོངས་རིག་གནས་ཐོན་ལས་ཀྱི་མ་འོངས་པར་ཡིད་ཆེས་ཆེན་པོ་བཅངས་ཡོད་ཅེས་བརྗོད་པ་རེད། །