མདུན་ཤོག- དཔལ་འབྱོར་འཚོ་བ།- ཚོང་ཁྲོམ་འགྱུར་སྟངས།

མཚོ་བྱང་གི་འབྲོག་ཁུལ་གསར་བ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་སོང་།

རྩོམ་པ་པོ། ཤ་བོ་རིན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2012-07-27 10:19

འགྲིམ་འགྲུལ་སྟབས་བདེ་བའི་གཞུང་ལམ་འགྲམ་རྒྱུད་དུ། དེང་རབས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་དང་། རྣམ་པ་གསར་བའི་འབྲོག་པའི་གཏན་སྡོད་གནས་འཛུགས་སྐྲུན་བྱེད་པ་གཉིས་ཟུང་འབྲེལ་བྱས་པས། མཚོ་བྱང་གི་འབྲོག་ཁུལ་གསར་བ་འཛུགས་སྐྲུན་བྱེད་པར་ཡང་བསྐྱར་རིམ་པ་ཞིག་འཕར།

འབྲོག་ཁུལ་གྱི་གཏན་སྡོད་ཁང་བའི་འཛུགས་སྐྲུན་ཆུ་ཚད་ཇེ་མཐོར་གཏོང་བ་དང་། གཏན་སྡོད་འབྲོག་པར་བདེ་སྐྱིད་ཀྱི་འཚོ་བ་སྐྲུན་ཆེད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། དམངས་ཀྱི་འཚོ་བ་འགན་སྲུང་དང་ལེགས་བཅོས་བྱེད་པ་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ་རྒྱུན་འཁྱོངས་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་འབྲོག་པའི་གཏན་སྡོད་བཟོ་སྐྲུན་སྟེ་རྒྱ་ཆེའི་རོང་འབྲོག་པའི་བདེ་སྡོད་བཟོ་སྐྲུན་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་། ཉེ་ལམ་ཁྱད་ཆོས་འབུར་དུ་ཐོན་པ་དང་། སྡོད་གནས་སྐྱིད་པོ་ཡིན་པ། ཆུ་དང་གློག ལམ་སོགས་ཆ་ཚང་བའི་རྣམ་པ་གསར་བའི་འབྲོག་པའི་གཏན་སྡོད་བཟོ་སྐྲུན་གྱི་ཁང་བ་ལེགས་འགྲུབ་བྱུང་ཡོད།

དེང་རབས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་དང་། འབྲོག་ཁུལ་གསར་བ་ཡང་བསྐྱར་བཀོད་སྒྲིག་དང་འཛུགས་སྐྲུན་བྱེད་པ། གཏན་སྡོད་འབྲོག་པར་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་རོལ་མྱོང་བྱེད་དུ་འཇུག་ཆེད། ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཁབ་དང་ཞིང་ཆེན་གྱིས་ཤུགས་ཆེན་པོས་རྒྱབ་སྐྱོར་འོག མཚོ་བྱང་ཁུལ་གྱིས་ཡང་བསྐྱར་འབྲོག་པའི་གཏན་སྡོད་བཟོ་སྐྲུན་འཛུགས་སྐྲུན་གྱི་ཆ་ཚང་སྒྲིག་ཆས་འཐུས་ཇེ་ཚང་དུ་བཏང་། ཁྱད་པར་དུ་ན་ནིང་ནས་བཟུང་། “ཞིང་ཆེན་ཡོངས་ཀྱི་འབྲོག་པའི་གཏན་སྡོད་བཟོ་སྐྲུན་གྱི་གཞུང་ལམ་འགྲམ་རྒྱུད་ཀྱི་འཛུགས་སྐྲུན་བཀོད་སྒྲིག་དང་དེ་མིན་རྣམ་པ་ཚོད་འཛིན་བྱེད་པའི་བཞུགས་མོལ་ཚོགས་འདུའི”བཀོད་སྒྲིག་ལྟར། མཚོ་བྱང་ཁུལ་གྱིས་མྱུར་དུ་ལས་མགོ་བརྩམས་པ་དང་། ཕྱོགས་ཡོངས་ནས་འཆར་འགོད་བྱེད་པ། བཀོད་སྒྲིག་ཚགས་དམ་པོ་བྱེད་པ། འབྲོག་པའི་གཏན་སྡོད་བཟོ་སྐྲུན་གཙོ་བོ་ཡིན་པའི་གཞུང་ལམ་འགྲམ་རྒྱུད་ཀྱི་སྡེ་བའི་རྣམ་པ་ལེགས་བཅོས་བྱེད་པའི་བྱ་བ་ཕྱོགས་ཡོངས་ནས་སྤེལ་བ་དང་། མཚོ་བྱང་གི་མཐོ་སྒང་དེང་རབས་སྐྱེ་ཁམས་ཕྱུགས་ལས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་ལ་ཡར་སྐུལ་བྱས་ཏེ། རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་འཚོ་བ་བདེ་སྐྱིད་ལྡན་ཚད་ཇེ་མཐོར་བཏང་། ཞིང་ཆེན་འབྲོག་པའི་གཏན་སྡོད་བཟོ་སྐྲུན་མཛུབ་སྟོན་ཚན་ཆུང་གིས་བཏོན་པའི«གཞུང་ལམ་འགྲམ་རྒྱུད་ཀྱི་འབྲོག་པའི་གཏན་སྡོད་བཟོ་སྐྲུན་འཛུགས་སྐྲུན་གྱི་བྱ་བར་ཤུགས་སྣོན་པའི་བརྡ་ཁྱབ»ཀྱི་རེ་བ་གཞིར་བཟུང་ནས། མཚོ་བྱང་ཁུལ་གྱི་ཁོངས་གཏོགས་མདོ་ལ་རྫོང་དང་། ཧེ་ཡན་རྫོང་། རྐང་ཚ་རྫོང་བཅས་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་འགྲམ་རྒྱུད་ཀྱི་འབྲོག་པའི་གཏན་སྡོད་བཟོ་སྐྲུན་འཛུགས་སྐྲུན་དེ་འཆར་འགོད་གཙོ་བོའི་ནང་བཞག 2011ལོའི་ཟླ6པར། གསར་དུ་སྒྲིག་ཏེ་ཡོངས་འགྲུབ་བྱས་པའི«མཚོ་བྱང་ཁུལ་འགྲིམ་འགྲུལ་གྱི་རྒྱུད་གཙོ་བོའི་འབྲོག་པའི་གཏན་སྡོད་བཟོ་སྐྲུན་འཛུགས་སྐྲུན་འཆར་འགོད»ལྟར། མངའ་ཁོངས་ནང་གི་མཚོ་སྔོན་པོར་སྐོར་བའི་གཞུང་ལམ་དང་། རྒྱལ་ལམ315སོགས་འགྲིམ་འགྲུལ་གྱི་རྒྱུད་དང་ལྗོངས་རྒྱུའི་གནས་སུ། འབྲོག་པའི་གཏན་སྡོད་ཁང་བ་སྟོང་བཞི་དང་བདུན་བཅུ་ལས་དགོས་པའི་ལས་འགན་བཞག

དམངས་ཕན་བཟོ་སྐྲུན་དེ་དུས་ལྟར་དངོས་འབེབས་བྱེད་པ་ཁག་ཐེག་བྱེད་ཆེད། མཚོ་བྱང་ཁུལ་གྱིས་ཁུལ་དང་རྫོང་གི་འཕེལ་རྒྱས་བཅོས་སྒྱུར་ ཨུ་ཡོན་ལྷན་ཁང་དང་། ཞིང་ཕྱུགས་ཐིན། དམངས་སྲིད་ཐིན། མཁར་གྲོང་འཛུགས་སྐྲུན་ཐིན། ནོར་སྲིད་ཐིན་སོགས་སྡེ་ཁག་གི་མི་སྣ་དང་འབྲེལ་ཡོད་ཀྱི་མཁར་གྲོང་གི་འགན་ཁུར་མི་སྣ་རྩ་འཛུགས་བྱས་ཏེ། འགྲིམ་འགྲུལ་རྒྱུད་ཀྱི་སྡེ་བ་དང་འབྲོག་པ་ཁྱིམ་ཚང་ལ་བརྟག་དཔྱད་ནན་མོ་བྱས་ཏེ། ས་གནས་སོ་སོའི་ཁང་བ་འཛུགས་སྐྲུན་དང་ཕྱུགས་སྤྱིལ་ཁང་བ་ལས་པ། ཆུ་དང་གློག ལམ་སོགས་ཆ་ཚང་སྒྲིག་ཆས་དང་དེ་མིན་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་དང་། རྣམ་པ་ཚོད་འཛིན་བྱེད་པ་སོགས་ལ་འབྲེལ་འདྲིས་དང་བརྟག་དཔྱད་ཞིབ་འཇུག་བྱས། འབྲོག་པའི་གཏན་སྡོད་བཟོ་སྐྲུན་ལག་བསྟར་བྱེད་པའི་ཁྲོད་བླངས་བའི་གྲུབ་འབྲས་དང་ཉམས་མྱོང་སྤྱི་བསྡོམས་བྱས་པ་དང་། གཞུང་ལམ་འགྲམ་རྒྱུད་ཀྱི་འཛུགས་སྐྲུན་བྱེད་སྟངས་དང་རྣམ་པ་ཚོད་འཛིན་བྱེད་པའི་ཐད་གནས་པའི་གནད་དོན་གཙོ་བོར་དབྱེ་ཞིབ་བྱས། ཐེངས་དེའི་འཛུགས་སྐྲུན་དེ་གཙོ་བོར་བཟུང་ནས། “གསར་བ་དང་གསལ་བ། མཛེས་པ། ལྷད་མེད། གྲལ་དག བདེ་བགྲོད”བཅས་ཀྱི་དམིགས་འབེན་ལྟར། འབྲོག་པའི་གཏན་སྡོད་བཟོ་སྐྲུན་གྱི་གཞུང་ལམ་འགྲམ་རྒྱུད་ཀྱི་འཛུགས་སྐྲུན་དང་དེ་མིན་རྣམ་པ་ཚོད་འཛིན་བྱེད་པ། ཁུལ་ཡོངས་ཀྱི་སྡེ་བའི་རྣམ་པ་བསྒྱུར་བ་དང་ལེགས་བཅོས་བྱེད་པའི་བྱ་བར་ཟུང་འབྲེལ་དམ་པོ་བྱས་ནས། ཡུལ་བབ་དང་བསྟུན་པ་དང་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ཏེ། འབྲོག་པར་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པའི་བདེ་སྡོད་བཟོ་སྐྲུན་དེ་དངོས་གནས་བཟང་བོར་སྒྲུབ་དགོས།

ཐེངས་འདིའི་འབྲོག་པའི་གཏན་སྡོད་བཟོ་སྐྲུན་འཛུགས་སྐྲུན་ལ་གསར་སྐྲུན་རང་བཞིན་ལྡན་པ་དང་། རྗེས་ཕྱོགས་འབྲོག་ཁུལ་འཕེལ་རྒྱས་སུ་གཏོང་བར་དོན་སྙིང་གལ་ཆེན་ཞིག་ལྡན།

བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད། ཁུལ་དེའི་གཞུང་ལམ་འགྲམ་རྒྱུད་ཀྱི་འཛུགས་སྐྲུན་ དང་རྣམ་པ་ཚོད་འཛིན་བྱེད་པ། སྡེ་བ་དང་གྲོང་བརྡལ་གྱི་འཕེལ་རྒྱས་འཆར་འགོད་ཕན་ཚུན་འབྲེལ་མཐུད་བྱས་ནས། གཅིག་གྱུར་སྒོས་བསམ་གཞིགས་བཏང་སྟེ་རྗེས་མཐུད་ཐོན་ལས་གསོ་སྤེལ་བྱེད་པ་དང་། གནས་སྐོར་ལས་རིགས་གསར་སྤེལ་བྱེད་པ་སོགས་ཀྱི་ཐད་བཀོད་སྒྲིག་དང་གསོ་སྐྱོང་བྱས་ཏེ། རྗེས་མཐུད་ཐོན་ལས་ཀྱི་འཕེལ་རྒྱས་ལ་རྨང་གཞི་བཟང་བོ་འཇོག་པ་དང་། བར་སྟོང་འོས་འཚམས་ཞིག་འཇོག་དགོས། ཆ་རྐྱེན་ཡོད་པའི་སྡེ་བའི་ཐོན་སྐྱེད་ས་ཁུལ་དང་འཚོ་བའི་ས་ཁུལ་འོས་འཚམས་སྒོས་བཀར་བ་རྒྱུན་འཁྱོངས་བྱས་ཏེ། «མཚོ་བྱང་ཁུལ་གྱི་ཞིང་ཕྱུགས་ལས་ས་ཁུལ་གྱི་སྡེ་བའི་རྣམ་པ་ལེགས་བཅོས་བྱེད་པའི་སྤྱིའི་བྱེད་ཐབས»དང་ཟུང་འབྲེལ་བྱས་ཏེ། “སྡེ་བ་རེ་ལ་འཆར་འགོད་གཅིག་རེ་དང་། སྡེ་བ་རེ་ལ་རྣམ་པ་གཅིག་རེ་ཡོད་པ། སྡེ་བ་རེ་ལ་ཁྱད་ཆོས་གཅིག་རེ་ཡོད་པའི”རེ་བ་འབུར་དུ་ཐོན་པར་བྱས་ནས། “དོན་རེར་གྲོས་རེ་བྱེད་པ་དང་།”“གྲོས་སྡུར་གསུམ་དང་གྲོས་ཐག་གཅིག”སོགས་ཀྱི་རྣམ་པ་བརྒྱུད་ནས། ཚན་རིག་གཞི་ཁྱོན་ལྡན་པ་དང་། དོན་དངོས་དང་མཐུན་པའི་འཛུགས་སྐྲུན་འཆར་འགོད་སྒྲིག་སྦྱོར་བྱས་ཏེ་ཡོངས་འགྲུབ་བྱས་པ་དང་། ས་ཁོངས་དང་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་དང་། སྣེ་ཁྲིད་དང་གཞི་ཁྱོན། ཚད་ལྡན། མཛུབ་སྟོན་གྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཡོད། རྒྱུས་ལོན་པ་ལྟར་ན། ད་ལོར་མཚོ་བྱང་ཁུལ་གྱིས་གཞུང་ལམ་འགྲམ་རྒྱུད་ཀྱི་སྡེ་བ་ཞེ་ལྔའི་ཁྱིམ་ཚང་སྟོང་གཅིག་དང་དྲུག་བརྒྱ་རེ་ལྔའི་སྡོད་ཁང་ཕྱོགས་ཡོངས་བསྒྱུར་བཀོད་དང་འཛུགས་སྐྲུན་བྱས།

བཟོ་སྐྲུན་མགོ་མ་བརྩམས་སྔོན་ལ་དྲིལ་སྒྲོག་བྱེད་པ། གཏན་སྡོད་འབྲོག་པའི་བཟོ་སྐྲུན་གཙོ་བོ་གཞུང་ལམ་འགྲམ་རྒྱུད་ཀྱི་འཛུགས་སྐྲུན་བཀོད་སྒྲིག་དང་དེ་མིན་རྣམ་པ་ཚོད་འཛིན་གྱི་བྱ་བ་ལག་བསྟར་བྱེད་པའི་ཁྲོད། མཚོ་བྱང་ཁུལ་གྱིས་རིམ་པ་མང་པོ་སྐུལ་སློང་བྱས་ཏེ། དྲིལ་སྒྲོག་གི་རྒྱུ་ཆ་སྟེར་བ་དང་དྲིལ་སྒྲོག་སྦྱར་ཡིག་སྦྱོར་བ། འཕྲེལ་འགེལ་དྲིལ་སྒྲོག་འགེལ་བ། དྲིལ་སྒྲོག་བྱང་བུ་སྒྲིག་སྦྱོར་བྱེད་པ་དང་། ལས་གཞིའི་སྤྱི་སྒྲོག་བྱང་བུ་འགེལ་བ། ཆེད་སྒྲིག་གསར་འགྱུར་དྲིལ་སྒྲོག་སོགས་རྣམ་པ་མང་པོ་གསར་གཏོད་བྱས་ཏེ། རྒྱ་ཁྱབ་དང་གཏིང་ཟབ་མོའི་དྲིལ་སྒྲོག་བྱེད་པ་དང་། རྒྱ་ཆེའི་མང་ཚོགས་རྣམས་ལ་འབྲོག་པའི་གཏན་སྡོད་བཟོ་སྐྲུན་འཛུགས་སྐྲུན་བྱེད་པའི་གཞུང་ལམ་འགྲམ་རྒྱུད་ཀྱི་འཛུགས་སྐྲུན་བཀོད་སྒྲིག་དང་དེ་མིན་རྣམ་པ་ཚོད་འཛིན་བྱེད་པའི་བྱ་བའི་དོན་སྙིང་དང་དམིགས་འབེན། ནང་དོན་དང་དེ་མིན་བྱེད་ཐབས་ཆེན་མོ་བཅས་གསལ་བོར་ཤེས་སུ་བཅུག་ནས། རྒྱ་ཆེའི་ལས་བྱེད་མང་ཚོགས་རྣམས་དེའི་ནང་ཞུགས་ཏེ་སྡེ་བའི་རྣམ་པ་ལེགས་བཅོས་བྱེད་པའི་བཟོ་སྐྲུན་གྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་ཇེ་དྲག་ཏུ་བཏང་སྟེ། མང་ཚོགས་ཡོངས་དེའི་ནང་ཞུགས་ཏེ་ལེགས་བཅོས་བྱེད་པའི་རྣམ་པ་བཟང་བོ་ཞིག་བསྐྲུན་ཡོད།

བྱ་བ་དེའི་ཁྲོད། མཚོ་བྱང་ཁུལ་གྱིས་ད་དུང་བྱ་དགའ་རང་བཞིན་གྱི་སྡོད་ཁང་དང་། ཞིང་སྡེའི་ཁང་རྙིང་བསྒྱུར་བཀོད་བྱེད་པ། སྡེ་བ་རིམ་པའི་བྱ་འགུལ་སྤེལ་ས། མི་ཕྱུགས་ཀྱི་འཐུང་ཆུའི་སྦུག་ལམ། སྡེ་བའི་ཁོར་ཡུག་ལེགས་བཅོས་བྱེད་པ། རྗེས་མཐུད་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་སོགས་ལས་གཞི་གཅིག་བསྡུས་བྱས་ཏེ། “ཁུལ་དང་རྫོང་ནོར་སྲིད་ཀྱིས་ཁ་གསབ་བྱེད་པ་དང་། ཁ་གཏད་རོགས་སྐྱོར་ལས་ཁུངས་ཀྱིས་རོགས་སྐྱོར་བྱེད་པ། ལས་གཞིའི་མ་དངུལ་གཅིག་བསྡུས་བྱེད་པ། མང་ཚོགས་རང་གིས་གྲབས་གསོག་བྱེད་པ”བཅས་ཀྱི་བསམ་གཞིགས་ལྟར། ལས་གཞིའི་མ་དངུལ་འོས་འཚམས་སྒོས་གཅིག་བསྡུས་བྱེད་པར་སྣེ་ཁྲིད་དེ། ལས་གཞིའི་མ་དངུལ་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། ལེགས་བཅོས་ལ་ཕན་འབྲས་ཆེན་པོ་འབྱུང་བར་ཁག་ཐེག་བྱེད་དགོས། བསྡོམས་རྩིས་ཞིབ་བཤེར་ལྟར། སྡེ་བ་ཞེ་ལྔའི་ཁྱིམ་ཚང་སྟོང་གཅིག་དང་དྲུག་བརྒྱ་རེ་ལྔའི་ཁྱིམ་ཚང་གི་འཛུགས་སྐྲུན་ཐད་བཏང་བའི་སྤྱིའི་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་དགུ་འབུམ་གཅིག་ཁྲི་གཉིས་སྟོང་བདུན་ཡིན་པ་དང་། དེའི་ནང་ཁུལ་དང་རྫོང་གི་ཁ་གསབ་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་འབུམ་དྲུག་ཁྲི་ལྔ་དང་། འབྲོག་པ་རང་གིས་གྲབས་གསོག་བྱས་པའི་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་གསུམ་འབུམ་བཞི་ཁྲི་བདུན་དང་སྟོང་དྲུག་ལྷག་རེད།

མིག་སྔའི་བར་དུ། ཁུལ་དེའི་མངའ་ཁོངས་ནང་གི་རྒྱལ་ལམ315དང་། ཟི་ལིང་ནས་ཀྲང་ཡེ་བར་གྱི་གཞུང་ལམ། མཁར་དམར་ནས་མདོ་ལའི་བར་གྱི་གཞུང་ལམ། མཚོ་སྐོར་ནུབ་ལམ་དང་དེ་མིན་རྫོང་སོ་སོའི་གནས་སྐོར་ས་ཁུལ་གཙོ་བོ་དང་མཁར་གྲོང་ཉེ་འགྲམ་ས་ཁུལ་གྱི་ཕྱུགས་ལས་སྡེ་བ་ཞེ་ལྔའི་ཁྱིམ་ཚང་སྟོང་གཅིག་དང་དྲུག་བརྒྱ་རེ་ལྔའི་ཁྱིམ་ཚང་གི་ས་གྱང་ཚང་མ་བཤིག་པ་དང་། གཅིག་གྱུར་གྱིས་སོ་ཕག་གི་གྱང་ལས་པ་དང་། དཀར་རག་བྱུག་པ། སྤྱོད་ཁང་དང་ཕྱུགས་སྤྱིལ་ཁང་སོགས་ཀྱི་ལས་གཞི་གཅིག་གྱུར་གྱིས་ལས་བཞིན་ཡོད། མང་ཚོགས་ཀྱི་རེ་བ་ལྟར་སོ་ཕག་གི་ར་བ་དང་ལྕགས་ར་སྐོར་བ་མ་ཟད། མི་རིགས་དང་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་སྒོ་ཆེན་བསྒྱུར་བཀོད་བྱས་ཏེ་ལས་པ་དང་། ཆུ་དང་གློག ལམ་སོགས་རྨང་གཞིའི་སྒྲིག་ཆས་དང་། རིག་གནས་བྱ་འགུལ་ལྟེ་གནས། ལུས་ཕུང་སྦྱོང་བརྡར་བྱེད་པའི་འཕྲུལ་ཆས་ཀྱི་རིགས། ཁོར་ཡུག་སྲུང་སྐྱོབ་ཀྱི་སྒྲིག་ཆས་དང་སྡེ་བ་ལྗང་བསྒྱུར་དང་མཛེས་བཟོ་བྱེད་པ་སོགས་ཕྱོགས་ཡོངས་ནས་བསྒྱུར་བཀོད་བྱས།

མདོ་ལ་རྫོང་དུ། ད་ལོར་སྡེ་བའི་རྣམ་པ་ལེགས་བཅོས་བྱས་པའི་ཁྱབ་ཁོངས་ནི་ཞང་དང་གྲོང་རྡལ་དྲུག་གི་སྲིད་འཛིན་སྡེ་བ་ཉེར་བདུན་ཡིན་པ་དང་། གཞུང་ལམ་འགྲམ་རྒྱུད་ཀྱི་ལྗོངས་རྒྱུའི་གནས་གཙོ་བོ་དང་། མཁར་གྲོང་ཉེ་འདབས་ཀྱི་རོང་འབྲོག་ཁྱིམ་ཚང་སྟོང་གསུམ་བརྒྱ་དང་རེ་བརྒྱད་ཡིན་པ་དང་། སྤྱིའི་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཅིག་འབུམ་དགུ་ཁྲི་དྲུག་སྟོང་དྲུག་ལྷག་བཏང་བ་དང་། དེའི་ནང་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་མ་དངུལ་གཏོང་བ་དང་། ངལ་རྩོལ་བྱེད་པ། རྒྱུ་ཆ་མ་རྐང་དུ་འཇོག་པའི་བྱེད་ཐབས་ཀྱིས་རང་གིས་མ་དངུལ་གྲབས་གསོག་བྱས་ཚད་སྒོར་བྱེ་བ་བརྒྱད་དང་ས་ཡ་དྲུག་འབུམ་དྲུག་ཁྲི་གཉིས་ལྷག་ལ་སླེབས་ཡོད། སྡེ་བའི་རྣམ་པ་ལེགས་བཅོས་དང་གྱང་དང་སྒོ་ཆེན་ལས་པ། ཁང་བ་མཛེས་བཟོ་བྱེད་པ། ཁོར་ཡུག་ལེགས་བཅོས་བྱེད་པ་སོགས་ཀྱི་ལས་གཞི་གཙོར་བྱས་པ་མ་ཟད། ཞིང་ཆེན་ཡོངས་ཀྱི“ཏང་དང་སྲིད་གཞུང་། དམག་དཔུང་། ཁེ་ལས་བཅས་མཉམ་འཛུགས་བྱེད་པའི་དཔེ་སྟོན་སྡེ་བའི”བྱ་འགུལ་རོགས་སྐྱོར་ལས་གཞི་དང་ཞིང་ལས་ལ་འབྲེལ་བ་ཡོད་པའི་འགྲིམ་འགྲུལ་དང་མི་ཕྱུགས་ཀྱི་འཐུང་ཆུ། རོང་འབྲོག་པར་དབུལ་སྐྱོར་གསར་སྤེལ་བྱེད་པ། ཁང་བ་འཛུགས་སྐྲུན་བྱེད་པ། རིག་གནས་བྱ་འགུལ་སྤེལ་བ་སོགས་ཀྱི་ལས་གཞི་གཅིག་བསྡུས་བྱས་ཏེ། བསྡོམས་པས་ལས་གཞི་སུམ་བརྒྱ་ཉི་ཤུ་ལག་བསྟར་བྱས་པ་དང་། ཁེ་ཕན་ཐོབ་པའི་རོང་འབྲོག་པ་ཁྱིམ་ཚང་སྟོང་གསུམ་བརྒྱ་དང་རེ་བརྒྱད་ཡོད་པ་དང་མི་གྲངས་ཁྲི་གཅིག་དང་སྟོང་གསུམ་ཡོད། མིག་སྔར། པ་པའོ་གྲོང་རྡལ་དང་། རྫ་མ་སྐེ་ཞང་གི་སོ་ཕག་གི་གྱང་རྩིག་པ་དང་། སྒོ་ཆེན་ལས་པ། ཕྱི་རུ་ཡོད་པའི་ས་ཁང་གི་སྤྱོད་ཁང་བཤིག་པ་དང་། ཕྱུགས་སྤྱིལ་ཁང་རྙིང་བསྒྱུར་བཀོད་སོགས་བརྒྱ་ཆའི་དོན་ལྔའི་ལེགས་བཅོས་ལས་འགན་ཡོང་འགྲུབ་བྱས།

ཕྱུགས་ལས་ཀྱི་ཞང་གྲོང་སྐོར་ཞིག་གིས་ཆེད་ལས་ལས་བཟོ་རུ་ཁག་ལ་མངག་བཅོལ་བྱས་ཏེ། ཁང་བ་དང་ཕྱུགས་སྤྱིལ་ཁང་བ་མཛེས་བཟོ་དང་བསྒྱུར་བཀོད་མུས་གྲུ་བཞི་མ་ཁྲི་གཅིག་དང་སྟོང་བཞིདང་། ས་གྱང་མུས་སྟོང་བདུན་དང་སོ་དགུ་བཤིག་པ་དང་། ཁྲོན་པ་ང་དགུ་ལས་པ། གཞུང་ལམ་འགྲམ་རྒྱུད་དུ་ལྕགས་ར་སྤྱི་ལེ་ཉེར་དྲུག་འཐེན་པ་བཅས་ཡོངས་འགྲུབ་བྱས་པ་དང་། མིག་སྔར། རྫོང་ཡོངས་སུ་མ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་གསུམ་འབུམ་བརྒྱད་ཁྲི་བཞི་ལྷག་བཏང་བ་ཡོངས་འགྲུབ་བྱས། རྫོང་དེའི་ཞིང་ལས་ལ་འབྲེལ་བ་ཡོད་པའི་ལས་གཞི་སྤྱིའི་ཕན་ནུས་འདོན་སྤེལ་གང་ལེགས་བྱས་པ་མ་ཟད། ཞིང་ཆེན་ཡོངས་ཀྱི“ཏང་དང་སྲིད་གཞུང་། དམག་དཔུང་། ཁེ་ལས་བཅས་མཉམ་འཛུགས་བྱེད་པའི་དཔེ་སྟོན་སྡེ་བའི”བྱ་འགུལ་ལ་ཟུང་འབྲེལ་བྱས་ཏེ། སྡེ་བ་ལེགས་བཅོས་བྱེད་པའི་ཁྲོད་སྔོན་ལ་རྒྱང་སྒྲོག་བརྙན་འཕྲིན“སྡེ་བ་རེ་རེར་ཐོན་པའི”བཟོ་སྐྲུན་དང་། དཔེ་སྟོན་སྡེ་བའི་ཁོར་ཡུག་ལེགས་བཅོས་བྱེད་པའི་བཟོ་སྐྲུན། ཞིང་སྡེའི་ཁང་རྙིང་བསྒྱུར་བཀོད་བྱེད་པ། ཞིང་སྡེའི་བྱ་དགའ་རང་བཞིན་གྱི་སྡོད་ཁང་། མི་ཕྱུགས་ཀྱི་འཐུང་ཆུ། བགྲོད་ལམ་གྱི་འགྲིམ་འགྲུལ་སོགས་ཀྱི་ལས་གཞི་སྔོན་ལ་བཀོད་སྒྲིག་བྱས་པ་དང་། བསྡོམས་པས་ལས་གཞི་བརྒྱ་དང་སོ་དྲུག་ལག་བསྟར་བྱས་པ་དང་། མ་དངུལ་སྒོར་བྱེ་བ་བརྒྱད་དང་ས་ཡ་གཅིག་འབུམ་དགུ་ཁྲི་ལྔ་སྟོང་དགུ་གཅིག་བསྡུས་བྱས། “ཏང་དང་སྲིད་གཞུང་། དམག་དཔུང་། ཁེ་ལས་བཅས་མཉམ་འཛུགས་བྱེད་པའི”ལས་གཞི་སྣ་ཉེར་གཉིས་དངོས་འབེབས་བྱས་པ་དང་། དེའི་ནང་ཞུགས་པའི་ལས་གཞི་དགུ་ཡོད། མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་གསུམ་ཁྲི་བརྒྱད་ཀྱི་རོགས་སྐྱོར་མ་དངུལ་དང་ལས་གཞིའི་དམིགས་བྱ་ཐོག་མར་གྲོས་མཐུན་བྱུང་། ཕྱོགས་ཡོངས་ནས་སྡེ་བའི་རྣམ་པ་ལེགས་བཅོས་བྱེད་པའི་བྱ་བར་ནུས་ཤུགས་ཡོད་པའི་འགན་སྲུང་དང་འདོན་སྤྲོད་བཟང་བོ་བྱེད་པར་ཡར་སྐུལ་བྱས།

ཧེ་ཡན་རྫོང་གིས་ཕྱོགས་མང་པོ་དང་མཉམ་འབྲེལ་བྱས་པ་བརྒྱུད་ནས། ཞིང་སྡེ་གསར་བ་དང་འབྲོག་ཁུལ་གསར་བ་འཛུགས་སྐྲུན་བྱེད་པ་གཏིང་ཟབ་མོས་ཡར་སྐུལ་བྱས་ཏེ། ཕྱིའི་སྣང་བརྙན་ཇེ་མཐོར་བཏང་། ཁོ་ཚོས་མཚོ་སྔོན་པོ་དང་གསེར་དངུལ་ཐང་རྒྱལ་ཁབ་རིམ་པའི4Aརིམ་པའི་གནས་སྐོར་གྱི་ས་ཁུལ་གཙོ་བོའི་ཁྱད་སྟོབས་ལ་བརྟེན་ནས། རྒྱལ་ལམ315འགྲམ་རྒྱུད་ཀྱི་རོང་འབྲོག་ཁྱིམ་ཚང་གི་ར་སྐོར་གྱི་ལྗོངས་རྒྱུར་ལྟ་ས་ལེགས་བཟོ་བྱས་ཏེ། གཅིག་བསྡུས་སྒོས་ལེགས་བཅོས་བྱེད་པའི་ཚད་གཞིར་སླེབས།

ལས་གཞི་གཅིག་བསྡུས་བྱས་ཏེ་གཅིག་གྱུར་སྒོས་གསེར་དངུལ་ཐང་དང་། གན་ཙི་ཧི་གྲོང་རྡལ་འཛུགས་སྐྲུན་དམ་འཛིན་བྱས། སྡེ་བའི་རྣམ་པ་ལེགས་བཅོས་བྱེད་པའི་བྱ་འགུལ་གཅིག་བསྡུས་བྱེད་པ་ཟུང་འབྲེལ་བྱས་ཏེ། སྤྱིའི་མ་དངུལ་སྒོར་ས་ཡ་གཅིག་དང་ཁྲི་དྲུག་ཡིན་པའི་བྱང་གསུམ་ནགས་ཚལ་སྔོན་འགོག་སྲུང་སྐྱོབ་ལས་གཞི་དང་། སྤྱིའི་མ་དངུལ་སྒོར་ས་ཡ་བཞི་དང་འབུམ་གཅིག་ཁྲི་བརྒྱད་བཏང་བའི“ཧེ་ཡན་རྫོང་ནས་ནུབ་མཚོ་གྲོང་རྡལ་བར་གྱི་རྒྱལ་ལམ315ཡི་གཞུང་ལམ་འགྲམ་རྒྱུད་ལྗང་བསྒྱུར་འཛུགས་སྐྲུན་བཟོ་སྐྲུན”མགོ་བརྩམས་ནས་ལག་བསྟར་བྱས། དེ་དང་ཆབས་ཅིག ཞང་དང་གྲོང་རྡལ་སོ་སོའི་མང་ཚོགས་ལ་སྐུལ་སློང་བྱས་ནས་སྡེ་བའི་རྣམ་པ་ཇེ་ལེགས་དང་། ར་སྐོར་ལྗང་བསྒྱུར་བྱེད་པ། འོས་འགན་ཡོད་པའི་སྡོང་འཛུགས་བྱ་འགུལ་སོགས་ཧུར་ཐག་གིས་སྤེལ་བཞིན་ཡོད་པ་དང་། བསྡོམས་པས་ས་བོན་དང་སྡོང་ཕྲུག་ཁྲི་བཞི་དང་སྟོང་གཉིས་བཙུགས། རོང་འབྲོག་ཁུལ་གྱི་སྡོད་ཁང་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ཏེ། སྡོད་ཁང་འཛུགས་སྐྲུན་གྱི་ལས་གཞི་སྣ་ཚོགས་དང་མ་དངུལ་གཅིག་བསྡུས་བྱས་ནས། ནུས་ཤུགས་ཡོད་དགུས་བཀོད་སྒྲིག་འོས་མཐུན་ཡིན་པ་དང་། ཆ་ཚང་སྒྲིག་ཆས་འཐུས་ཇེ་ཚང་དུ་གཏོང་བའི་རོང་འབྲོག་མི་དམངས་ཀྱི་འདུག་གནས་གསར་བ་འཛུགས་སྐྲུན་བྱེད་བཞིན་ཡོད། སྤྱིའི་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་འབུམ་བཞི་ཁྲི་ལྔ་བཏང་སྟེ་ཞིང་སྡེའི་ཁང་རྙིང་བསྒྱུར་བཀོད་ལས་གཞི་ཁྱིམ་ཚང་ཉིས་བརྒྱ་ལྔ་བཅུ་དང་། འབྲོག་པའི་གཏན་སྡོད་གནས་ཀྱི་ཁྱིམ་ཚང་གོ་གཉིས། ཞིང་སྡེའི་བྱ་དགའ་རང་བཞིན་གྱི་སྡོད་ཁང་ཁྱིམ་ཚང་བཞི་བརྒྱ་ལྔ་བཅུ་ལག་བསྟར་བྱེད་མགོ་བརྩམས།

མིག་སྔར། ཁྱིམ་ཚང་ཉིས་བརྒྱའི་ཉེན་ཁ་ཡོད་པའི་ཁང་བ་བསྒྱུར་བཀོད་ལས་གཞི་འཛུགས་སྐྲུན་བྱེད་མགོ་བརྩམས། ཁྱད་ཆོས་ཡོད་པའི་སྡེ་བ་གཙོ་བོ་ཡོ་ཧྥུན་སྡེ་བའི་ཁྱིམ་ཚང་ཉི་ཤུའི་དཔེ་མཚོན་ཁང་ལེགས་འགྲུབ་བྱུང་ཡོད། ཁྱིམ་ཚང་ང་གཉིས་ཀྱི་འབྲོག་པའི་གཏན་སྡོད་ཁང་བ་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། ཁྱིམ་ཚང་དགུ་ལས་འགྲུབ་བྱུང་ཡོད། ཞིང་སྡེའི་བྱ་དགའ་རང་བཞིན་གྱི་སྡོད་ཁང་ལས་གཞི་ཡང་ཕྱོགས་ཡོངས་ནས་ལག་བསྟར་བྱེད་མགོ་བརྩམས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ་རྒྱུན་འཁྱོངས་བྱས་ནས། སྡེ་བའི་རྣམ་པ་ལེགས་བཅོས་བྱེད་པའི་བྱ་བ་དམ་འཛིན་བྱེད་པ་དང་ཆབས་ཅིག སྡེ་བའི་དོན་དངོས་ལེགས་བཅོས་བྱེད་པ་དང་ཟུང་འབྲེལ་བྱས་ནས། ལས་གཞི་གཅིག་བསྡུས་བྱེད་པ་དང་། གཅིག་གྱུར་སྒོས་ཆུ་དང་གློག ལམ། དྲོད་ཁང་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་དམ་འཛིན་བཟང་བོ་བྱས་ནས། ནུས་ཤུགས་ཡོད་དགུས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཐད་གནས་པའི་དོན་དངོས་དཀའ་ཁག་དང་གནད་དོན་ཐག་གཅོད་བྱས། མཚོ་སྔོན་པོ་དང་གསེར་དངུལ་ཐང་། ཟུར་གསུམ་མཁར་གྲོང་བཅས་ཀྱི་སྡེ་བ་བཅུའི་ཞིང་སྡེའི་གཞུང་ལམ་སྤྱི་ལེ་ལྔ་བཅུ་དང་གྲངས་ཆུང་དྲུག་མུ་མཐུད་དུ་ལས་པའི་ལས་གཞི་ལག་བསྟར་བྱས་ཏེ། གསེར་དངུལ་ཐང་དང་མཚོ་སྔོན་པོ། ཀན་ཙི་ཆུ་ཞང་གི་སྡེ་བ་དགུའི་མི་ཕྱུགས་ཀྱི་འཐུང་ཆུའི་བཟོ་སྐྲུན་ལག་བསྟར་བྱས་ནས། མི་གྲངས་སྟོང་ལྔ་དང་རེ་བཞི་དང་ཕྱུགས་ཟོག་འབུམ་གཅིག་དང་ཁྲི་བཞི་སྟོང་གཅིག་གི་ཕྱུགས་ཟོག་གི་འཐུང་ཆུའི་གནད་དོན་ཐག་གཅོད་བྱས། གསེར་དངུལ་ཐང་དང་། ཀན་ཙི་ཆུ་སོགས་རོང་འབྲོག་པ་གཅིག་བསྡུས་ཀྱི་བཀོད་སྒྲིག་གནས་ཀྱི་གློག་འཐེན་པའི་ལས་གཞི་ལག་བསྟར་བྱས། སྤོ་སྒུལ་འཕྲིན་གཏོང་ས་ཚིགས་དང་། འོད་རྒྱུ་ལམ། ལག་ཁྱེར་ཁ་པར་དང་དྲ་འཐེན་པའི་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་འཕྲིན་གཏོང་བའི་ཁེབས་ཚད་ཇེ་ཆེར་བཏང་བས། སྡེ་བ་བཅུ་བདུན་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་ཐད་ལེགས་བཅོས་མངོན་གསལ་ཐོབ་པ་རེད།  །