མདུན་ཤོག- དཔལ་འབྱོར་འཚོ་བ།- མ་རྩ་འདེབས་ཕྱོགས།

ས་བབ་ཆེས་མཐོ་བའི་ཇ་ར་སྟེ་བོད་ལྗོངས་ཡིད་འོང་ཇ་ར།

རྩོམ་པ་པོ། ལྗོན་སྨྱུག  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།   2012-07-27 10:19


བུད་མེད་རྣམས་ཀྱིས་ཇ་ལོ་འཐོག་བཞིན་པ།


བུད་མེད་རྣམས་ཀྱིས་ཇ་ལོ་འཐོག་བཞིན་པ།

    བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤོ་མེས་རྫོང་ཡིད་འོང་ཇ་ར་ནི1966ལོར་བསྐྲུན་པ་དང་། རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་སྨི2240ཡོད་ཅིང་། མིག་སྔར་རང་རྒྱལ་དུ་ས་བབ་ཆེས་མཐོ་བའི་ཇ་ར་ཡིན། ཡིད་འོང་ཇ་ར་ནས་ཐོན་པའི་ཇ་ལ་རིག་པ་གསལ་པ་དང་། ཁྲག་རྩ་མར་ཆག་པ། རྩིབས་འཕྲོ་འགོག་པ་སོགས་ཀྱི་ཕན་ནུས་ཆེན་པོ་ལྡན། 2010ལོར་ཡིད་འོང་ཇ་ར་ཡིས་སྐྱེ་ལྡན་ཇ་རའི་རྟེན་གཞིའི་མཚན་སྙན་དང་རྒྱལ་ཁབ་ཀྱིQSདཔང་རྟགས་བླངས་ལ། ཇ་རསགངས་ལྗོངས་ཇ་གཞོངསཞེས་པའི་ཚོང་རྟགས་ཐོ་འགོད་བྱས་པ་རེད།

  མིག་སྔར་ཡིད་འོང་ཇ་རར་བོད་ལྗོངས་ཀྱི་སྲོལ་རྒྱུན་གྱི་ཇ་ནག་ཐོན་སྐྱེད་བྱེད་བཞིན་ཡོད་པར་མ་ཟད། ཡུལ་གཞན་གྱི་ཚོང་རར་ཁ་ཕྱོགས་ནས་ཉིང་ཁྲིའི་ལྗང་སྨྱུག་དང་། ཡིད་འོང་སྤྲིན་ཕུང་། གངས་ལྗོངས་ཡཱིན་ཧྥུན་སོགས་མཆོག་ཏུ་གྱུར་པའི་ཐོན་རྫས་དག་གསར་ཏུ་འདོན་སྤེལ་བྱས་ནས་ཀོང་ཏུང་དང་ཧྥུའུ་ཇན་སོགས་སུ་བྲིན་ཆེ་བར་མ་ཟད། ཡོ་རོབ་གླིང་དང་ལྗར་པན་སོགས་ཕྱིའི་རྒྱལ་ཁབ་ཏུ་སྐྱེལ་འདྲེན་བྱེད་བཞིན་ཡོད་པ་རེད།

   

 སྐྱེ་ལྡན་ཇ་རའི་རྟེན་གཞི།
  
  ཡིད་འོང་ཇ་ར་ནས་ཐོན་པའི་ཇ་ལེབ།