མདུན་ཤོག- དཔལ་འབྱོར།- ཁྱིམ་ཇུས་ནོར་གཉེར།

ཉིང་ཁྲིའི་གནས་ཡུལ་ལུང་པའི་ཁྱིམ་གཉེར་མགྲོན་ཁང་།

ལྗོན་སྨྱུག་ནས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2012-07-27 10:19

    བོད་ལྗོངས་ཉིང་ཁྲི་ས་ཁུལ་སྨན་གླིང་རྫོང་དུ་ཡོད་པའི་གནས་ཡུལ་ལུང་པར་ཀྲུང་གོའི་མི་གྲངས་ཅུང་ཉུང་བའི་ལྷོ་པ་རིགས་འཚོ་སྡོད་བྱས་ཡོད། ཉེ་བའི་ལོ་འདི་དག་རིང་ལ། གནས་ཡུལ་ལུང་པར་ཡུལ་སྐོར་ཐོན་ལས་ཤུགས་ཆེར་སྤེལ་བར་བརྟེན་ཡུལ་དེའི་མི་མི་ཉུང་བ་ཞིག་གིས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཁྱིམ་གཉེར་མགྲོན་ཁང་ཧུར་ཐག་གིས་སྤེལ་བར་སྐུལ་འདེད་བཏང་། ཉེ་ལམ། གསར་འགོད་པ་གནས་ཡུལ་ལུང་པའི་འཕྱོངས་གླིང་གྲོང་གསེབ་ཏུ་ཡོད་པའི་ལྷོ་བ་ཚོ་བའི་གཞིས་ཀ་ཞེས་པའི་ཁྱིམ་གཉེར་མགྲོན་ཁང་དུ་བཅར་འདྲི་བྱེད་པར་བསྐྱོད་དེ། ལྷོ་བ་རིགས་ཀྱི་ཐུན་མོང་མ་ཡིན་པའི་མི་རིགས་གོམས་གཤིས་དངོས་ལ་ཉམས་སུ་མྱངས། ཁྱིམ་གཉེར་མགྲོན་ཁང་འདིར་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བཀོད་ལེགས་ཁང་བ་ལས་གཞན་ད་དུང་ཡུལ་དེའི་ཐུན་མོང་མ་ཡིན་པའི་བཅུད་ལྡན་ཟས་རིགས་ཀྱང་ཡོད། མགྲོན་ཁང་གི་བདག་གཉེར་བས་ད་ལྟ་ཁྱིམ་ཚང་གི་ཡོང་འབབ་ལོ་རེར་ཧ་ལམ་སྒོར་ཁྲི་༢༠ཡས་མས་ཙམ་རག་ཐུབ་ཀྱི་ཡོད། སྤྱིར་མགྲོན་ཁང་འདི་གཉེར་བའི་ལོ་གཅིག་རིང་ལ་མ་རྩ་ཙམ་ལས་ཁེ་འབབ་རག་ཐུབ་ཀྱིན་མེད་ན་ཡང་། ཡུལ་སྐོར་བ་མང་པོ་ཞིག་གིས་མགྲོན་ཁང་འདིར་བརྟེན་ནས་ལྷོ་བ་རིགས་ལ་ཤེས་རྟོགས་ཐུབ་པ་བྱུང་བས། རང་ཡིད་དགའ་བདེས་ཁྱབ་ཡོད་ཟེར།
      མགྲོན་ཁང་འདིའི་ཟུར་ཞིག་ཏུ་ཆུང་རྒྱུ་མེད་པའི་ཁང་བ་ཞིག་ཡོད་ཅིང་། ཁང་པ་དེ་སྣ་གཅིག་ཡུལ་སྐོར་བ་སྣེ་ལེན་བྱེད་ས་དང་ཁ་ཟས་རོལ་ས་ཡིན་པ་དང་། སྣ་གཅིག་ཏུ་ལྷོ་པའི་སྲོལ་རྒྱུན་གྱི་ཐོན་སྐྱེད་འཚོ་བའི་ཡོ་ཆས་བཤམས་ཤིང་། ལྡེབས་ངོས་སུ་ལྷོ་པ་རིགས་ཀྱི་ལོ་རྒྱུས་མཚོན་པའི་འདྲ་པར་རྙིང་བ་བཀལ་ཡོད་པས་རིག་དངོས་བཤམས་སྟོན་ཁང་ཆུང་ཆུང་ཞིག་གྲུབ་ཡོད། བདག་གཉེར་བས་ཡུལ་སྐོར་བ་རྣམས་ཀྱིས་གནས་འདི་ནས་ཁ་ཟས་ཞིམ་པོ་ལ་རོལ་བཞིན་ལྷོ་བ་རིགས་ཀྱི་ལོ་རྒྱུས་དང་འཚོ་བའི་འཕེལ་འགྱུར་ལ་ཤེས་རྟོགས་བྱེད་ཐུབ་ཟེར། 





རྩོམ་སྒྲིག་པ། 多杰三智
རྩོམ་སྒྲིག་འགན་འཁུར་བ། 贡布

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག