མདུན་ཤོག- དཔལ་འབྱོར་འཚོ་བ།- འབྱོར་བའི་གཏམ་རྒྱུད།

འབྲོག་པ་མང་ཚོགས་ཀྱི་ཡིད་རྟེན་ས།

—ཆུ་དམར་ལེབ་རྫོང་འབའ་དགོན་ཞང་གི་ཏང་ཨུའི་ཧྲུའུ་ཅི་རྒྱ་ཡེའི་གནས་ཚུལ་བཀོད་པ།

རྩོམ་པ་པོ། ཤ་བོ་རིན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2012-10-27 11:02

ཁྱིམ་ཚང་དང་བྱ་བ་གཉིས་ལས་ཁོས་བྱ་བ་གཙོ་བོར་འཛིན་པ་དང་། རང་གི་ལུས་པོའི་བདེ་ཐང་དང་མང་ཚོགས་ཀྱི་ཁེ་ཕན་གཉིས་ལས་ཁོས་བློ་ཐག་རྦད་ཆོད་ཀྱིས་མང་ཚོགས་ཀྱི་ཁེ་ཕན་གཙོ་བོར་འཛིན་པ་རེད། ཁོ་ནི་འབྲོག་པ་མང་ཚོགས་ཀྱི་ཡིད་རྟོན་བྱེད་ས་སྟེ་ཆུ་དམར་ལེབ་རྫོང་འབའ་དགོན་ཞང་ཏང་ཨུའི་ཧྲུའུ་ཅི་རྒྱ་ཡེ་ཡིན། ཁོས་བློ་གཅིག་སེམས་གཅིག་གིས་མང་ཚོགས་ལ་བདེ་སྐྱིད་སྐྲུན་པ་དང་ཧུར་བརྩོན་གྱིས“སྔོན་ཐོན་གསར་སྐྲུན་དང་ཕུལ་བྱུང་བརྩོན་ལེན”བྱ་འགུལ་ལ་སྣེ་ཁྲིད་བྱས་ཏེ་ནམ་རྒྱུན་གནོད་ཐེབས་བསྐྱར་འཛུགས་གྱི་ཡུལ་དངོས་སུ་སོང་ནས། ཞང་དང་སྡེ་བའི་ལས་བྱེད་པའི་སྣེ་ཁྲིད་དེ་དཀའ་སྤྱད་འབད་བརྩོན་དང་། དྲིན་གཟོ་ཡར་བསྐྱེད་བྱེད་པ་རྒྱུན་བསྐྱངས་ཏེ། རང་གི་བྱ་སྤྱོད་ངོ་མའི་སྟེང་ནས་གུང་ཁྲན་ཏང་ཡོན་ཞིག་གི་འགན་འཁྲི་ལག་ལེན་བྱས་ཏེ་ཡུས་ཧྲུའུ་གནོད་ཐེབས་བསྐྱར་འཛུགས་ཁྲོད་མི་ཚང་མར་ཡིད་སེམས་འགུལ་བའི་གླུ་གཞས་ཤིག་བྲིས་ཡོད།

“4.14”ས་འགུལ་ཁྲོད། འབའ་དགོན་ཞང་ལ་ཤི་རྨས་ཀྱི་གནས་ཚུལ་བྱུང་མེད་མོད། འོན་ཀྱང་མང་ཚོགས་མང་པོའི་སྡོད་ཁང་ལ་གས་གྱོན་བྱུང་སྟེ་ཉེན་ཁ་ཡོད་པའི་ཁང་བར་གྱུར། ས་འགུལ་ཆུང་བ་རྒྱུན་ཆད་མེད་པའི་གནས་ཚུལ་འོག བློ་མཐུན་རྒྱ་ཡེ་ཡིས་ཕྱོགས་གཅིག་ནས་མང་ཚོགས་རྣམས་སྡོད་གནས་ལས་ཕྱིར་ཕུད་པ་དང་། མང་ཚོགས་རྣམས་བཀོད་སྒྲིག་བཟང་བོ་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་གོང་རིམ་མགོ་ཁྲིད་ལ་གནོད་འཚེའི་གནས་ཚུལ་ཡར་ཞུ་བྱས་པ་དང་། དུས་ཚོད་དམ་འཛིན་བྱས་ནས་གོང་རིམ་མགོ་ཁྲིད་ལ་དུས་ཐོག་ཏུ་བྱ་བ་ཐག་གཅོད་བྱེད་དུ་བཅུག མང་ཚོགས་ཀྱི་ཁང་བ་གནོད་འཚེ་ཐེབས་པའི་གནས་ཚུལ་བསྡོམས་རྩིས་བྱེད་ཞོར། ཁོས་ཉིན་དཀར་གནོད་འཚེ་ཐེབས་པའི་སྡེ་བ་དང་རུ་ཁག་དུ་སོང་ནས་གནས་ཚུལ་རྒྱུས་ལོན་བྱས་པ་དང་། དགོང་མོར་རས་གུར་ནང་དུ་ཉིན་དཀར་སྒྲུབ་པའི་གནས་ཚུལ་རིགས་དགར་བ་དང་ཞིབ་བསྡུར་བྱས་ཏེ། དོན་དངོས་དང་ཡང་དག་པའི་སྒོ་ནས་གནོད་འཚེའི་གྱོང་གུད་གནས་ཚུལ་གོང་རིམ་གྱི་ཏང་ཨུའི་སྲིད་གཞུང་ལ་ཡར་ཞུ་བྱས།

འབའ་དགོན་ཞང་གནོད་འཚེ་ཐེབས་ཚད་ཡང་བའི་གནས་སུ་གཏན་འཁེལ་བྱས་རྗེས། བསྡོམས་པས་མཁར་གྲོང་སྡོད་དམངས་ཁྱིམ་ཚང1089ཡི་སྡོད་ཁང་འཛུགས་སྐྲུན་བྱེད་པའི་ལས་འགན་དང་རིག་གནས། ལུས་རྩལ། སྨན་ཁང་། སློབ་གྲྭ་སོགས་གཞུང་སྐྲུན་ཞབས་ཞུ་ལས་གཞི་ལག་བསྟར་བྱེད་པའི་འཆར་གཞི་བཀོད། འཛུགས་སྐྲུན་བྱེད་པའི་དུས་ཡུན་ཐུང་བ་དང་ལས་འགན་ལྕི་བ། ཚད་གཞི་མཐོ་བ་དང་བཏོན་པའི་བླང་བྱ་ནན་མོ་ཡིན་པ་བཅས་ནི་འབའ་དགོན་ཞང་གི་གནོད་ཤུལ་བསྐྱར་འཛུགས་གྱི་ཁྱད་ཆོས་གཙོ་བོ་ཡིན་པས། འབའ་དགོན་ཞང་གི་ཏང་ཡོན་ལས་བྱེད་པ་རྣམས་ཀྱི་མདུན་དུ་ལྷགས་པའི་དཀའ་གནད་ཅིག་ཏུ་གྱུར། སྤུས་ཀ་ལེགས་པའི་སྒོ་ནས་དུས་བཅད་ལྟར་བསྐྱར་འཛུགས་གྱི་ལས་འགན་སྣ་ཚོགས་ཇི་ལྟར་བསྒྲུབ་རྒྱུའི་ཐད་ལ་རྒྱ་ཡེ་ཡིས་བསམ་བློ་ཡང་དང་ཡང་དུ་བཏང་སྟེ་མཚན་མོར་གཉིད་མི་ཁུག་པའི་གནས་སུ་ལྷུང་། ཡིན་ནའང་ཁོས་མགོ་ཁྲིད་ལས་བྱེད་པ་གཞན་པ་དང་གྲོས་མོལ་ཐེངས་མང་བྱས་པ་དང་ཉིན་མཚན་མང་པོར་བསམ་བློ་བཏང་རྗེས། གནད་ས་ཁོང་དུ་ཆུད་པ་དང་བྱེད་ཐབས་གཏན་འབེབས་བྱས་ཏེ་བྱ་བ་སྒྲུབ་མགོ་བརྩམས་པ་རེད།

བསྐྱར་འཛུགས་ཀྱི་བྱ་བའི་འགན་འཁྲིའི་བླང་བྱ་ལྟར་ན། 2011ལོར་འབའ་དགོན་ཞང་གི་ཁྱིམ་ཚང300ལྷག་གི་སྡོད་ཁང་ལྷན་དུ་བཤིག་སྤོ་བྱེད་དགོས་པའི་ཁར།དུས་ཡུན་ཐུང་ཞིང་ལས་འགན་ལྕི་བས་མང་ཚོགས་ཀྱི་བསམ་བློའི་བྱ་བ་ལེགས་པོར་སྒྲུབ་པ་དེ་གནད་འགག་ཅིག་ཏུ་གྱུར། ཉེན་ཁང་བཤིག་པ་དང་ཞིག་རོ་གཙང་སེལ་བྱ་བ་བདེ་བླག་ངང་བསྒྲུབ་ཆེད། བློ་མཐུན་རྒྱ་ཡེ་ཡིས་མང་ཚོགས་ཀྱི་ཚོགས་ཆེན་བསྡུས་ཏེ། རྒྱལ་ཁབ་གནོད་ཐེབས་བསྐྱར་འཛུགས་སྐོར་གྱི་འབྲེལ་ཡོད་སྲིད་ཇུས་འགྲེལ་བཤད་ཡང་ཡང་བྱས་པ་དང་། ཏང་ཡོན་ལས་བྱེད་པར་སྐུལ་སློང་བྱས་ནས་ཐོག་མར་བཤིག་སྤོ་བྱེད་དུ་བཅུག དེ་བས་བཤིག་སྤོ་ཁྱིམ་ཚང་ཚང་མ་དུས་བཅད་ལྟར་བཤིག་སྤོ་བྱས་ཚར་བ་དང་། ལས་བཟོ་རུ་ཁག་གིས་ལས་ཀ་མགོ་རྩོམ་པར་རྨང་གཞི་བཟང་བོ་ཞིག་བཏིངས་པ་རེད། དུས་སྐབས་དེར། བློ་མཐུན་རྒྱ་ཡེ་ལོ་དུ་མང་གི་རིང་ལ་ན་བཞིན་ཡོད་པའི་གྲུམ་བུའི་ནད་ཇེ་ལྗིད་དུ་སོང་ནས་འགྲོ་མི་ཐུབ་པར་གྱུར་བ་དང་། ལས་གྲོགས་རྣམས་ཀྱིས་ཐེངས་མང་པོར་ངལ་གསོ་བྱོས་ཞེས་བཤད་ཀྱང་། ཁོས་བཤད་རྒྱུར། “ད་ལྟ་ནི་བསྐྱར་འཛུགས་བྱ་བའི་ཆེས་གནད་འགག་གི་དུས་སྐབས་ཡིན་ལ། བྱ་བར་ང་དགོས་མཁོ་ཡོད་ལ། མང་ཚོགས་རྣམས་ཀྱང་ང་དགོས་པས། ངས་ངལ་གསོ་མི་རུང་”ཞེས་བཤད། དེ་ནས་ཁོས་མི་རྣམས་ལ་སྐུལ་སློང་བྱས་ཏེ་ཞིག་རོ་གཙང་སེལ་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས་པ་དང་། ལས་བཟོ་རུ་ཁག་ལ་བཟོ་སྐྲུན་གྱི་སྤུས་ཚད་དམ་འཛིན་བྱེད་དགོས་པར་སྐུལ་འདེད་བྱས།

བསྐྱར་འཛུགས་བྱ་བ་སྔར་ལས་སྐུལ་འདེད་གཏོང་ཆེད། རྒྱ་ཡེ་ཡིས་བསྐྱར་འཛུགས་ཁྱིམ་ཚང་ཚང་མ་ཁག་བཞི་ལ་བགོས་ཤིང་། ཚན་གཙོ་གཞོན་པའི་རིམ་པ་ཡན་གྱི་ལས་བྱེད་པ་མངགས་ནས་བསྐྱར་འཛུགས་བྱེད་སའི་གནས་སུ་མཐུན་སྦྱོར་དང་ཞབས་ཞུ། ལྟ་སྐུལ་སོགས་ཀྱི་བྱ་བར་འགན་འཁུར་དུ་བཅུག དུས་མཚུངས་སུ་བཟོ་བ་ཉུང་བ་དང་རྒྱུ་ཆ་དཀོན་པའི་གནས་ཚུལ་འོག་ཏུ། ཁོས་ཕྱོགས་སོ་སོ་དང་མཐུན་སྦྱོར་བྱས་རྗེས་དུས་ཐོག་ཏུ་བཟོ་བ་ཉུང་བ་དང་རྒྱུ་ཆ་དཀོན་པའི་གནད་དོན་ཐག་བཅད་པས། བསྐྱར་འཛུགས་བཟོ་སྐྲུན་གྱི་མགྱོགས་ཚད་ལ་ཤུགས་རྐྱེན་མི་ཐེབས་པར་ཁག་ཐེག་བྱས། དེ་མིན་ཁོས་ད་དུང་བསྐྱར་འཛུགས་བཟོ་འགོད་ཀྱི་སྤུས་ཚད་ལྟ་སྐུལ་བྱེད་པའི་ཚན་ཆུང་གི་ཁོངས་མི་ཇེ་མང་དུ་བཏང་སྟེ། ཚན་ཆུང་གི་ཁོངས་མིའི་ནང་དུ་ཞང་སྲིད་གཞུང་གི་ལས་བྱེད་པ་མ་གཏོགས་ད་དུང་སྡེ་བ་རིམ་པའི་ལས་འཁྱུར་ངལ་གསོའི་ལས་བྱེད་པ་རྒན་པ་དང་ཏང་ཡོན་རྒན་པ། མང་ཚོགས་ཀྱི་འཐུས་མི་སོགས་གདན་འདྲེན་བྱས་ནས་ལྟ་སྐུལ་བྱེད་ཤུགས་སྔར་ལས་ཇེ་ཆེར་བཏང་བས། བསྐྱར་འཛུགས་བཟོ་བཀོད་དེ་དམངས་ཕན་བཟོ་སྐྲུན་དང་ཡིད་ཆེས་པའི་བཟོ་སྐྲུན་དུ་གྱུར།

2011ལོའི་ཟླ་དགུ་བར། འབའ་དགོན་ཞང་གིས་ཁྱིམ་ཚང1089ཡི་སྡོད་ཁང་འཛུགས་སྐྲུན་བྱེད་པའི་ལས་འགན་དང་རིག་གནས། ལུས་རྩལ། སྨན་ཁང་། སློབ་གྲྭ་སོགས་གཞུང་སྐྲུན་ཞབས་ཞུའི་ལས་གཞི་ཡོངས་སུ་གྲུབ་པས། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་གདེང་འཇོག་གང་ལེགས་ཐོབ་པ་དང་། ཡུས་ཧྲུའུ་བསྐྱར་འཛུགས་ལོ་རྒྱུས་སྟེང་གི“ཆུ་དམར་ལེབ་ཀྱི་ངོ་མཚར”དང“ཆུ་དམར་ལེབ་ཀྱི་མྱུར་ཚད”བསྐྲུན་པ་རེད།

བསྐྱར་འཛུགས་ཁྱིམ་ཚང་གི་རྒྱུན་ལྡན་འཚོ་བར་ཁག་ཐེག་བྱ་ཆེད། རྒྱ་ཡེས་ད་དུང་རོགས་སྐྱོར་ནང་རྐྱེན་སོ་སོར་བརྟེན་ནས། དཀའ་ཁག་ཡོད་པའི་ཏང་ཡོན་དང་ལྔ་སྐྱོང་ཁྱིམ་ཚང་། ཏང་ཡོན་རྒན་པ། དབང་བོ་སྐྱོན་ཅན་སོགས་ལ་རོགས་སྐྱོར་དང་རྒུད་སྐྱོབ་བྱས་པར་མ་ཟད། ལས་ཁུངས་ཀྱི་ལས་བྱེད་པ་རྩ་འཛུགས་བྱས་ནས་ཁ་གཏད་རོགས་སྐྱོར་བྱས་པ་དང་། སྤྱོད་གོ་ཆོད་པའི་ལག་རྩལ་གསོ་སྦྱོང་འཛིན་གྲྭ་སྤེལ་ནས་འབྲོག་པའི་ལས་ཞུགས་ནུས་པ་ཇེ་མཐོར་གཏོང་བར་རོགས་སྐྱོར་ཆེན་པོ་བྱས།

རང་གི་ཀུན་སྤྱོད་བཟང་བ་དང་བྱ་བའི་ནུས་པར་བརྟེན་ནས། བློ་གཅིག་སེམས་གཅིག་གིས་མང་ཚོགས་ལ་དོན་དངོས་བསྒྲུབས་པ་དེར་རྩ་འཛུགས་དང་ཞང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཡིད་ཆེས་དང་བརྩི་བཀུར་ཐོབ། འབྲོག་པ་ཚང་མས་དཀའ་སྤྱད་སྡུག་རུས་ལྡན་པའི་རྒྱ་ཡེ་ལྟ་བུའི་ལས་བྱེད་པ་ཡོད་པས། འབའ་དགོན་ཞང་ལ་ད་གཟོད་རྣམ་པ་གསར་པ་འདི་འདྲ་ཞིག་ཡོད་པ་རེད་ཟེར།།