ཐོན་མིའི་ཞལ་ལུང་གི་དཔེ་ཁྲིད་བཞུགས་སོ།། ཁག་གསུམ་པ།

༄༅། །ཐོན་མིའི་ཞལ་ལུང་གི་དཔེ་ཁྲིད་བཞུགས་སོ།།  

མཛད་པ་པོ།  མཁས་དབང་ཚེ་ཏན་ཞབས་དྲུང་།

འཆད་ཁྲིད་མཁན།  དགེ་རྒན་ཆེན་མོ་འཇམ་དབྱངས་གྲགས་པ།

༄༅། །ཐོན་མིའི་ཞལ་ལུང་གི་དཔེ་ཁྲིད་བཞུགས་སོ།།  ཁག་དང་པོ། (ཚན་པ་དང་པོ་ནས་བཅུ་བ་བར།)

༄༅། །ཐོན་མིའི་ཞལ་ལུང་གི་དཔེ་ཁྲིད་བཞུགས་སོ།།  ཁག་གཉིས་པ། (ཚན་པ་བཅུ་གཅིག་པ་ནས་ཉི་ཤུ་བ་བར།)

(ཚན་པ་ཉེར་གཅིག་པ།)

(ཚན་པ་ཉེར་གཉིས་པ།)

(ཚན་པ་ཉེར་གསུམ་པ།)

(ཚན་པ་ཉེར་བཞི་བ།)

(ཚན་པ་ཉེར་ལྔ་བ།)

(ཚན་པ་ཉེར་དྲུག་པ།)

(ཚན་པ་ཉེར་བདུན་པ།)

(ཚན་པ་ཉེར་བརྒྱད་པ།)

(ཚན་པ་ཉེར་དགུ་བ།)

(ཚན་པ་གསུམ་བཅུ་བ།)

༄༅། །ཐོན་མིའི་ཞལ་ལུང་གི་དཔེ་ཁྲིད་བཞུགས་སོ།།  ཁག་བཞི་བ། (ཚན་པ་སོ་གཅིག་ནས་བཞི་བཅུ་བར།)

༄༅། །ཐོན་མིའི་ཞལ་ལུང་གི་དཔེ་ཁྲིད་བཞུགས་སོ།།  ཁག་ལྔ་བ། (ཚན་པ་ཞེ་གཅིག་ནས་ལྔ་བཅུ་བར།)

༄༅། །ཐོན་མིའི་ཞལ་ལུང་གི་དཔེ་ཁྲིད་བཞུགས་སོ།།  ཁག་དྲུག་པ། (ཚན་པ་ང་གཅིག་ནས་དྲུག་བཅུ་བར།)

༄༅། །ཐོན་མིའི་ཞལ་ལུང་གི་དཔེ་ཁྲིད་བཞུགས་སོ།།  ཁག་བདུན་པ།  (ཚན་པ་རེ་གཅིག་ནས་རེ་གཉིས་བར། རྫོགས་སོ།།)


མཁས་དབང་ཚེ་ཏན་ཞབས་དྲུང་ངོ་སྤྲོད་མདོར་བསྡུས།

QQ截图20180427092840.png

གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་མཁས་དབང་རྗེ་འཇིགས་མེད་རིག་པའི་བློ་གྲོས་སམ་ངག་དབང་དབྱངས་ལྡན་རིག་པའི་འདོད་འཇོ་འམ་ཚེ་ཏན་ཞབས་དྲུང་མཆོག་ནི། མཚོ་སྔོན་ཞིང་ཆེན་ཤུན་ཧཱ་རྫོང་གི་རྒྱ་ནག་མཁར་མོ་ཆེ་ཡ་རྫི་ཞེས་པའི་ས་ཆར་རབ་བྱུང་བཅོ་ལྔ་པའི་ལྕགས་ཁྱི(༡༩༡༠)ལོའི་ཟླ་བ༤ཚེས༢༢ཉིན་ཡབ་གཡང་ཙེ་འམ་བློ་བཟང་བཀྲ་ཤིས་དང་ཡུམ་ལྷ་མོ་ཐར་གཉིས་ཀྱི་སྲས་སུ་སྐུ་བལྟམས། དམ་པ་འདི་ཉིད་ཀྱི་རིགས་རུས་ཆི་སབྲང་ཐད་རང་རྣམ་ལས“བདག་གི་མེས་པོ་གོང་མ་རྣམས་ནི་རིགས་གཞན་གྱི་རྩི་དང་མ་འདྲེས་པའི་རྒྱ་ནག་གི་རིགས་ཡིན་ཞིང་། བདག་གི་ཕ་ནས་བཟུང་རྒྱ་བོད་ཀྱི་རིགས་འདྲེས་མ་ཅན་དུ་གྱུར་པ་མ་ཟད། ང་རང་ནི་སྐད་ཡིག་སྒོམས་སྲོལ་གནས་ཡུལ་བཞིའི་སྒོ་ནས་རིགས་འབྱེད་པའི་དབང་དུ་བཏང་ན་བོད་ཀྱི་རིགས་སུ་གཏོགས”ཞེས་དང་། “མའི་མཆེད་ཁུངས་ནི་རྒྱ་ནག་རི་བོ་རྩེ་ལྔ་དང་ཁད་ཉེ་བའི་ཧྲན་ཤི་ཐའི་ཡོན་གྲོང་ཁྱེར་ཆེན་པོའི་བཟང་སྨན་སྣ་ཚོགས་འཚོང་མཁན་ཞིག་རིམ་གྱིས་ས་འདིར་སླེབས་ནས་གཞིས་ཆགས་པ་ཞིག་གི་རྒྱུད་ཡིན”ཞེས་གསུངས།  །

དགེ་རྒན་ཆེན་མོ་འཇམ་དབྱངས་གྲགས་པ་ངོ་སྤྲོད་མདོར་བསྡུས།

QQ截图20180427093245.png

ཁོང་ནི་སྤྱི་ལོ1949ལོའི་ཟླ་བཅུ་པར་རེབ་གོང་རྒྱལ་པོ་ཕྱེ་རུ་རུ་ཡབ་ཤ་བོ་ཚེ་རིང་དང་། ཡུམ་བུ་མོ་ཅོག་གཉིས་ཀྱི་སྲས་སུ་འཁྲུངས། སྤྱི་ལོ1962ལོར་རེབ་གོང་རོང་བོ་དགོན་ཆེན་དུ་རབ་ཏུ་བྱུང་སྟེ་འདོན་ཆོས་སྤྱོད་ཀྱི་སྐོར་བློར་འཛིན་པ་དང་སུམ་རྟགས་དག་གསུམ་སོགས་ཐ་སྙད་རིག་གནས།ལམ་རིམ་ཚིགས་བཅད་མ་དང་སྤྱོད་འཇུག་སོགས་ལ་སྦྱངས་པར་མ་ཟད། ཚད་མ་རིག་པའི་རིགས་ལམ་གྱི་འགྲོས་ལའང་སྦྱངས།

སྤྱི་ལོ1966ལོར་རིག་གསར་གྱི་ལས་འགུལ་གྱི་དབང་གིས་ཡུལ་ལ་ལོག་ནས་ལོ་བཅུ་གཉིས་ཀྱི་རིང་ལ་གསང་རྒྱའི་ངང་དགེ་བའི་བཤེས་གཉེན་སྔགས་ཆེན་དཀོན་མཆོག་ལགས་དང་དགེ་འདུན་དར་རྒྱས་གཉིས་ཀྱི་མདུན་ནས་སུམ་རྟགས་དང་སྙན་ངག  ནང་དོན་རིག་པ་སོགས་ལ་སྦྱངས་པ་རྒྱ་ཆེར་མཛད།

QQ截图20180427093311.png

སློབ་དཔོན་ཆེན་མོ་བདེ་མཆོག་དང་ལྷན་དུ།

སྤྱི་ལོ1978ལོར་རྨ་ལྷོ་དགེ་འོས་སློབ་གྲྭའི་དགེ་རྒན་བྱས་ཏེ་ན་གཞོན་དགེ་རྒན་རྣམས་དང་སློབ་མའི་ཚོགས་བཅས་ལ་སུམ་རྟགས་དག་གསུམ་དང་སྙན་ངགགནའ་རྩོམ། བློ་གསལ་རིགས་སྒོ་སོགས་གང་ལ་གང་འཚམ་གྱིས་འཆད་པའི་འཕྲིན་ལས་བསྐྱངས་ཏེ་བོད་རིག་པའི་གཞུང་ལུགས་གོང་དུ་སྤེལ་བ་ལ་མཛད་རྗེས་རླབས་ཆེན་གནང་།

བྱ་བར་ཞུགས་རྗེས་ཀྱང་རོང་བོ་དགོན་ཆེན་གྱི་བཤེས་གཉེན་ཆེན་པོ་རྗེ་དགེ་འདུན་བསྟན་འཛིན་དང་། དགེ་འདུན་ཕུན་ཚོགས། དགེ་འདུན་བསམ་གཏན། དགེ་རྒན་ལྷ་མོ་སྐྱབས་བཅས་ཀྱི་མདུན་ནས་སྔ་ཕྱིར་མཁན་ཆེན་བསྡུས་གྲྭ་དང་།མི་ཕམ་མཁས་འཇུག བྱང་རྩེའི་བློ་རྟགས་གཉིས། སྡེ་བདུན་ཡིད་ཀྱི་མུན་སེལ། རྣམ་འགྲེལ་ཊཱིཀ་ཆེན་ལེའུ་གཉིས་པ།ལེགས་བཤད་གསེར་ཕྲེང་། རྒྱན་འགྲེལ་སྤྱི་དོན་རོལ་མཚོ། དྲང་ངེས་ལེགས་བཤད་སྙིང་པོ། སྤྱོད་འཇུག་དར་ཊཱིཀལམ་རིམ་ཆེན་མོ། གྲུབ་མཐའ་རིན་ཆེན་ཕྲེང་བ། ས་ལམ་ཐེག་གསུམ་མཛེས་རྒྱན། ཡབ་རྗེའི་མགུར་མ།སྙན་ངག་རྩ་འགྲེལ། དབྱངས་ཅན་དགྱེས་གླུ་བཅས་ཀྱི་ཁྲིད་རྒྱུན་བླངས་ཏེ་གང་ཐུགས་ནོར་བུའི་བང་མཛོད་གཞུང་དོན་རིན་ཆེན་གྱིས་བྱུར་བུར་གཏམས།

དབྱར་དགུན་གནང་གི་གོ་སྐབས་སོགས་ལ་བརྟེན་ནས་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་དང་།རྗེ་དམུ་དགེ་བསམ་གཏན། སྐྱབས་རྗེ་ཤར་གདོང་རིན་པོ་ཆེ་བཅས་ཀྱི་མདུན་ནས་ཆབ་ཤོག་ཕྱོགས་བསྒྲིགས་དང་།ཐོན་མིའི་ཞལ་ལུང་། ཆོས་སྲིད་གྲུབ་མཐའ། སྙན་འགྲེལ་ཡང་གསལ་སྣང་མཛོད། བློ་གསལ་རིགས་སྒོ།ལམ་རིམ་ཆེན་མོ་སོགས་རིག་གནས་ཆུང་བ་ལྔ་དང་། ཕར་ཕྱིན། ཚད་མ། འདུལ་བ། མངོན་པ། དབུ་མ་སོགས་མདོ་ཕྱོགས་ཀྱི་གཞུང་རྣམས་དང་།གསང་འདུས་སོགས་གསང་སྔགས་ཀྱི་གཞུང་ལ་སྦྱངས། མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་ནས། ཤེས་རབ་ཀྱི་ནོར་མཆོག་ལྡན་པའི་སློབ་བུ་འཇམ་དབྱངས་གྲགས་པ་ཞེས་བསྔགས་བརྗོད་གནང་ཞིང་མཁས་པའི་མཚན་སྙན་གྱི་བ་དན་རབ་ཏུ་བསྐྱོད།

སྤྱི་ལོ1999ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་ལས་གནས་སྤར་ཏེ་ཞིབ་འཇུག་སློབ་མ་དང་དངོས་གཞི་སློབ་མ་བཅས་ལ་སུམ་རྟགས་དང་།གནའ་རྩོམ། གྲུབ་མཐའ། སྤྱོད་འཇུག་སོགས་འཆད་པའི་འཕྲིན་ལས་ལེགས་པར་བསྐྱངས། སྤྱི་ལོ2002ལོར་དགེ་རྒན་ཆེན་མོའི་མཚན་སྙན་ཐོབ་པ་དང་།མཚོ་སྔོན་རྒྱང་སྒྲོག་ལས་ཁུངས་ཀྱི་བོད་ཀྱི་སྐད་ཡིག་ཁྲིད་པའི་ལེ་ཚན་དུ་ཐོན་མིའི་ཞལ་ལུང་དང་།ལྗོངས་ཞིང་ལྔའི་མཉམ་བསྒྲིགས་བྱས་པའི་མཐོ་འབྲིང་བོད་ཡིག་སློབ་དེབ་དཔེ་ཁྲིད་གནང་བ་སྒྲ་བླངས་ཏེ་བཏང་བས་ཉན་མཁན་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ།

མདོར་ན།ལོ་ངོ་སུམ་ཅུར་ཉེ་བའི་རིང་ལ་མི་རིགས་སློབ་གསོའི་བྱ་བཞག་ལ་ཐུགས་ནུས་ཡོད་རྒུ་འདོན་གནང་མཛད་དེ་སློབ་མ་གྲངས་ལས་འདས་པ་གསོ་སྐྱོང་མཛད་དེ།མཐར་དགུང་ལོ་རེ་གཉིས་པ་སྤྱི་ལོ2008ལོའི་ཟླ12ཚེས27ཉིན་གྱི་ནངས་མོའི་དུས་ཚོད་བཞིའི་སྟེང་སྐུ་གཤེགས།

ཁོང་གི་དཔྱད་རྩོམ་དྲུག་ཅུ་ལྷག་དུས་དེབ་སྣ་ཚོགས་ཀྱི་སྟེང་བཀོད་མྱོང་ལ།གསུང་རྩོམ་ལ«དོན་ལྡན་ཚངས་ཐིག» «ཐོན་མིའི་དཀའ་ཟིན» «བརྡ་དག་ཕྱེ་མ་ལེབ་ཀྱི་མཆན་འགྲེལ» «རྟོགས་བརྗོད་གསེར་དངུལ་མེ་ཏོག་གི་འགྲེལ་བ» «སྙན་འགྲེལ་ཡང་གསལ་སྣང་མཛོད་ཀྱི་འགྲེལ་བ» «སྙན་ངག་སྤྱི་དོན་དང་རྟག་ངུའི་རྟོགས་བརྗོད་ཀྱི་འགྲེལ་བ» «གྲུབ་མཐའི་སྤྱི་དོན»སོགས་བརྩམས་ཆོས་ཉི་ཤུ་ལྷག་བཞུགས་པར་དམ་པ་ཁོང་གི་རིགས་སྲས་རྣམ་གཉིས་ཀྱིས་ཕྱོགས་གཅིག་ཏུ་བསྡུ་གསོག་བྱས་ཏེ་སྤྱི་ལོ2016ལོའི་ཟླ་བཅུ་གཉིས་པར་ཕུན་སུམ་ཚོགས་པ་ལྔའི་གྲགས་དང་ལྡན་པའི་གླེགས་བམ་པོད་ལྔའི་བདག་ཉིད་ཅན་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་སྐྲུན་ཡོད་དོ།། ཁོང་གི་ལོ་རྒྱུས་ཅུང་རྒྱས་པ་གསུང་འབུམ་གྱི་དབུར་རེབ་གོང་བ་རྡོ་རྗེ་རྒྱལ་ལགས་ཀྱིས་བྲིས་ཡོད་པས་དེར་གཟིགས་པར་འཚལ།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།