དབྱངས་ཅན་སྒྲ་མདོའི་མཚམས་སྦྱོར་ལྔའི་འགྲེལ་བ།

དབྱངས་ཅན་སྒྲ་མདོའི་མཚམས་སྦྱོར་ལྔའི་འགྲེལ་པ་ཆ་ཚང་། 

འཆད་ཁྲིད་གནང་མཁན། ལྡོང་ཡོན་ཏན་རྒྱ་མཚོ།

ཁག་དང་པོ།

ཁག་གཉིས་པ།

ཁག་གསུམ་པ།

ཁག་བཞི་བ།

ཁག་ལྔ་བ།

ཁག་དྲུག་པ།

ཁག་བདུན་པ།

ཁག་བརྒྱད་པ།

ཁག་དགུ་བ།

ཁག་བཅུ་བ།

ཁག་བཅུ་གཅིག་པ།

ཁག་བཅུ་གཉིས་པ།

ཁག་བཅུ་གསུམ་པ།

ཁག་བཅུ་བཞི་བ།

ཁག་བཅོ་ལྔ་བ།

ཁག་བཅུ་དྲུག་པ།

ཁག་བཅུ་བདུན་པ།

ཁག་བཅོ་བརྒྱད་པ།

ཁག་བཅུ་དགུ་བ།

ཁག་ཉི་ཤུ་བ།

ཁག་ཉེར་གཅིག་པ།

ཁག་ཉེར་གཉིས་པ།

ཁག་ཉེར་གསུམ་པ།

ཁག་ཉེར་བཞི་བ།

ཁག་ཉེར་ལྔ་བ།

ཁག་ཉེར་དྲུག་པ།

ཁག་ཉེར་བདུན་པ།

ཁག་ཉེར་བརྒྱད་པ།

ཁག་ཉེར་དགུ་བ།

ཁག་གསུམ་ཅུ་བ།

ཁག་སོ་གཅིག་པ། ༼    རྫོགས་སོ།།  ༽


༄༅།། མཚམས་སྦྱོར་ལྔ་བ་བཞུགས་སོ། །


༄༅། །རྒྱ་གར་སྐད་དུ།    སྭ་ར་སྭ་སྟི་བྱཱ་ཀ་ར་ཎ་སཱུཏྲ།    བོད་སྐད་དུ། བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ།  འཕགས་མ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཨ་ཨི་ཨུ་རྀ་ལྀ་མཚུངས་པ་རྣམས་སོ། །ཐུང་ངུ་རིང་བོ་པླུ་ཏས་ཕྱེ་པ་རྣམས་འདྲ་བའོ། །ལྷག་མ་འཇིག་རྟེན་ལས་གྲུབ་པ་འདིར་བཤད་དོ། །ཨེ་ཨེེ་ཨོ་ཨོོ་མཚམས་སྦྱོར་གྱི་ཡི་གེ་རྣམས་སོ།    །གཉིས་པོ་རྣམས་དབྱངས་སོ།   །ཨ་བོར་བ་ནཱ་མིའོ།   །ཧ་ཡ་ཝ་ར་ལ།   ཉ་ཎ་ན་ང་མ།   ཛྷ་ཌྷ་དྷ་གྷ་བྷ།   ཛ་ཌ་ད་ག་བ། ཁ་ཕ་ཚ་ཋ་ཐ།   ཙ་ཊ་ཏ་ཀ་པ།    ཤ་ཥ་ས།       ཐོག་མ་དང་མཐའ་མ་དག་གིས་སོ། །ཧ་ས་གསལ་བྱེད་རྣམས་སོ། །དབྱངས་ཉམས་པ་གསལ་བྱེད་དོ། །བྱ་བའི་ཆེད་དུའོ། །གང་ཞིག་ཨིཏ྄་ཀྱི་མིང་ཅན་དེ་ནི་དབྱིའོ།   །ཡི་གེ་མི་མཐོང་བ་ཕྱིས་པའོ།   །ཡི་གེ་རྣམ་པར་འགོག་པ་ནི་དབྱི་བ་ཙམ་མོ། །གཉེན་དང་འདྲ་བ་ནི་ཨཱ་ག་མའོ། །དགྲ་དང་འདྲ་བ་ནི་ཀུན་ནས་བསྒྱུར་བའོ། །དབྱངས་བར་ན་མེད་པའི་ཧ་ས་རྣམས་ནི་ཡང་དག་པར་སྦྱོར་བའོ། །ཀུ་ཙུ་ཊུ་ཏུ་པུ་སྡེ་བ་རྣམས་སོ། །ཨར྄་ཨེཏ྄་ཨོ་ནཱ་མིའི་ཡོན་ཏན་ནོ། །ཨཱ་ཨཱར྄་ཨེེ་ཨོོ་འཕེལ་བའོ། ། མཐའི་དབྱངས་ལ་སོགས་པ་ཊིའོ། །མཐའ་ལས་སྔོན་མ་ཨུ་པ་དྷཱའོ། །ཕ་རོལ་ཏུ་ཡང་དག་པར་སྦྱོར་བ་སོགས་མེད་པའི་ཐུང་ངུ་ནི་ཡང་བའོ། །ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་མིང་གི་རབ་ཏུ་བྱེད་པ་རྗོགས་སོ། །༈དབྱངས་ལ་ཨིཡ྄འོ། །ཧ་ས་ལས་ར་ཧ་མ་ཡིན་པའི་ཧ་ས་རྣམས་སོ།   །ཛྷ་བྷ་ལ་ཛ་བ་རྣམས་སོ། ། དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ།   །ར྄་ལས་ཡ྄་ཡང་གཉིས་སོ། །ཨུ་ཝ྄འོ།  །རྀ་ར྄འོ། ལྀ་ལ྄འོ། །ཨེ་ཨཡ྄འོ། ། ཨོ་ཨཝ྄འོ། །གསལ་བྱེད་ལ་དབྱངས་མཚམས་སྦྱོར་བ་མ་ཡིན་ནོ།   །རེས་འགའ་ཡ་ཡིག་དབྱངས་དང་འདྲ་བ་ཉིད་དོ། །ཨེེ་ཨཱ་ཡ྄འོ།   །ཨོོ་ཨཱ་ཝ྄འོ། །ཚིག་མཐའི་ཡ྄་ཝ྄་དག་ཡང་ན་དབྱིའོ།   ། ཕྱིས་པ་ལ་སླར་མཚམས་སྦྱོར་བ་མ་ཡིན་ནོ། །སྡེབ་སྦྱོར་ལས་ནི་ཡང་འབྱུང་ངོ་། །ཨེཏ྄་ཨོཏ྄་དག་ལས་ཨཏ྄འོ།   །འདྲ་བའི་ཡི་གེ་འདུས་པ་ལ་རིང་པོའོ།   །ཨ་ཨི་ལ་ཨེའོ། །ཨུ་ལ་ཨོའོ།   །རྀ་ཨར྄་འོ ། །ལ་ལར་ཨཱར྄་དུའོ།   །ལྀ་ཨལ྄འོ།   །ར་དང་ལ་དག་འདྲ་བའི་ཡི་གེ་ཡང་ནའོ། །རྀ་ལྀའི་ཡི་གེ་དང་ཕན་ཚུན་མཚུངས་བའི་ཡི་གེ་ཡང་ནའོ། །ཨེ་དང་ཨེེ་ལ་ཨེེའོ།   །ཨོ་དང་ཨོོ་ལ་ཨོོའོ།   །ཨོཥྛ་དང་ཨོ་ཏུའི་ཨོ་ཡང་ནའོ། །ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་དབྱངས་ཀྱི་མཚམས་སྦྱོར་རྫོགས་སོ། །༈ཨ་མཱི་ལས་མ་ཡིན་ནོ། །ཨཱི་ཨཱུ་ཨེ་གཉིས་ཉིད་ལས་སོ། །ཨ་ཨོ་ནི་པཱ་ཏའོ།   །པླུཏའོ། །རྒྱང་རིང་པོར་འབོད་པའི་ཊི་ལ་པླུཏའོ། །ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་རང་བཞིན་དུ་གནས་པའི་མཚམས་སྦྱོར་རྣམས་རྫོགས་སོ། །༈ཙ་པ་ལས་ཨ་བ་ལ་ཛ་བའོ། །ཉ་མ་ལ་ཉ་མ་ཡང་ནའོ། །ཙ་པ་ལས་ཤ་ནི་ཚའོ། །ཧའི་ཛྷ་བྷ་རྣམས་སོ། །ས་ཏུའི་ཤ་ཙུ་རྣམས་ལ་ཤ་ཙུའོ། །ཤ་ལས་མ་ཡིན་ནོ། །ཥྚུ་རྣམས་ཀྱིས་ཥྚུའོ། །ཏུའི་ལ་ལ་ལའོ། །མཐར་གནས་ལ་གཉིས་སུ་དབྱེའོ། །ཥ་ལ་མ་ཡིན་ནོ། །མཐའི་ཊུ་ལས་སོ། །ན་ལས་ཚ་ཏ་ལ་སཀ྄འོ། །ཤ་ལས་ཙཀ྄་ཡང་ནའོ། །ཐུང་ངུ་ལས་ང྄་ཎ྄་ན྄་དབྱངས་ལ་གཉིས་སོ། །ཚ་ཡིའོ། །ཁ་ས་ལས་ཛྷ་ས་རྣམས་ཀྱི་ཙ་པའོ། །འགའ་ཞིག་ཏུ་རིང་བོ་ལས་ཀྱང་ངོ་། །མ་ནི་རྗེས་སུ་ང་རོའོ། །ཚིག་མཐའ་དང་ཛྷ་ས་རྣམས་ལ་ཡང་ནའི་འོ། །ཡ་བ་ལ་ཡ་བ་ཡང་ནའོ། །ཡ་ཝ་ལ་ཕ་རོལ་ཡ་བ་ལ་ཡང་ནའོ། །ཛྙཱཾསྡེབ་སྦྱོར་ལའོ། །།ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་གསལ་བྱེད་ཀྱི་མཚམས་སྦྱོར་རྣམས་རྫོགས་སོ། །༈རྣམ་པར་བཅད་བྱའི་ས྄འོ། །ཤ་ཥ་ས་ལ་ཡང་ནའོ། །ཀུ་པུ་དག་ལ་ྈྐ་ྉྤ་དག་ཡང་ནའོ། །བཱ་ཙའི་པ་ཏི་ལ་སོགས་པ་རྣམས་ལའོ། །ཨ་ཧན྄་གྱི་རཱ་ཏྲི་མ་ཡིན་པ་ར྄འོ། །ཨ་ལས་ཨ་ལ་ཨུའོ། །ཧ་བ་ལའོ། །ཨཱ་ལས་ཨ་བ་ལ་དབྱིའོ། །དབྱངས་ལས་ཡ་ཉིད་ཡང་ནའོ། །བྷོས྄་ལས་སོ། །ནཱ་མི་ལས་ར྄འོ། །ཨུ་ཥས྄་ཀྱི་བུངྷ་ལ་ར྄འོ། །རེ་ཕའི་ར་བཞིན་ཅན་ནི་ཁ་པ་ལ་ཡང་ནའོ། །ར་ལས་སོ། །ར་ལ་དབྱི་སྟེ་རིང་པོ་ཡང་ངོ་། །ས་དང་ཨེ་ཥ་ལས་ཧ་ས་ལའོ། །ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་རྣམ་པར་བཅད་བྱའི་མཚམས་སྦྱོར་ཏེ་མཚམས་སྦྱོར་ལྔ་པ་རྫོགས་སོ། །


ལྡོང་ཡོན་ཏན་རྒྱ་མཚོ་ངོ་སྤྲོད་མདོར་བསྡུས།


4da26a3e5a5987f0f687471a4b94bea7.jpg

༄༅། །གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་རྐང་འཛིན་དགེ་རྒན་དང་སློབ་གཙོ་གཞོན་པ་སྟེ།  དེང་རབས་བོད་ཀྱི་གྲྭ་བཙུན་སློབ་གསོ་བ་དང་རྩོམ་པ་བོ་གྲགས་ཅན་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ནི།  ༡༩༧༤ ལོར་སི་ཁྲོན་རྔ་བར་སྐྱེས། སློབ་ཆུང་མཐར་ཕྱིན་རྗེས་རབ་ཏུ་བྱུང་སྟེ་སྒོ་མང་དགོན་ཆེན་གྱི་ཚོགས་གྲལ་དུ་ཞུགས། ལོ་བཅུ་ཕྲག་ལྷག་ལ་ཚོགས་དང་ཆོས་གྲྭར་ཆད་མེད་དུ་ཕེབས། གསང་བདེ་འཇིགས་གསུམ་སོགས་དགོན་པའི་ཚོགས་འདོན་དང་བཅའ་བཟོ།  ཐིག་རྡུལ་ཚོན།   དབྱངས་བར་རྟ་སོགས་ཞིབ་རྒྱས་སུ་བསླབས་རྗེས་སློབ་དཔོན་ཆེན་མོ་དམུ་དགེ་བསམ་གཏན་སོཊ་བཤེས་མཁས་པ་མང་དུ་བསྟེན་ནས་མདོ་སྔགས་རིག་གནས་ཀྱིས་བསྡུས་པའི་གཞུང་ལུགས་དུ་མར་སློབ་གཉེར་གཤའ་མ་བྱས། དགེ་འདུན་པ་སྟོང་ཕྲག་གཉིས་ལ་ཉེ་བའི་དབུས་སུ་བྱང་ཆུབ་ལམ་རིམ་ཆེན་མོ་ཡོངས་རྫོགས་བློ་རྒྱུགས་སུ་ཕུལ་བས་ཨང་དང་བོའི་གསེར་གྱི་རྟགས་མ་ཐོབ།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།