ཀྲུང་གོ་བོད་ཀྱི་དྲ་བ།

མང་ཚོགས་ཀྱིས་མཉམ་འཇོག་བྱ་དགོས་པའི་ཁོར་ཡུག་སྲུང་སྐྱོབ་ཤེས་བྱ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-08-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གལ་ཏེ་ཟླ་རེར་གློག་སྐས་སྡོད་ཐེངས་གཅིག་རེ་ཉུང་འཕྲི་བྱས་ན། ལོ་གཅིག་ནང་ཐན་སྟོང་ཁེ24ནས72བར་ཉུང་འཕྲི་བྱ་ཐུབ(ཆ་སྙོམས་ཀྱིས་སྟོང་ཁེ48)།

ཟླ་རེར་རླངས་འཁོར་ཉིན་གཅིག་ལ་སྐོར་མཚམས་བཞག་ན། རླངས་འཁོར་རེས་ལོ་རེར་རླངས་སྣུམ་ཧྲེང44གྲོན་ཆུང་ཐུབ་པ་དང་། དབྱང་གཉིས་ཐཱན་འགྱུར་སྟོང་ཁེ98ཉུང་འཕྲི་བྱ་ཐུབ།

ཁྱིམ་ཚང་གི་གློག་སྒྲོན་ནུས་བསྲི་གློག་སྒྲོན་དུ་བསྒྱུར་ན། གློག་གྲོན་ཆུང་བྱེད་ཐུབ་པར་མ་ཟད། ད་དུང་གསལ་ཚད་ཇེ་ཆེར་གཏོང་ཐུབ། ཝ11གི་ནུས་བསྲི་གློག་སྒྲོན་དེ་ཝ60ཡི་དབལ་དཀར་གློག་སྒྲོན་ལ་བསྒྱུར་ནས། དུས་ཚོད4རིང་གི་འོད་འགྱེད་ལྟར་བརྩིས་ན། ནུས་བསྲི་གློག་སྒྲོན་གཅིག་གིས་ལོ་གཅིག་ནང་གློག་ཏུའུ71.5གྲོན་ཆུང་བྱེད་ཐུབ་པ་དང་། དབྱང་གཉིས་ཐཱན་འགྱུར་སྟོང་ཁེ68.6ཉུང་འཕྲི་བྱ་ཐུབ།

མི་རེས་ལོ་རེར་དགོས་མེད་ཀྱི་གྱོན་ཆས1རེ་མ་ཉོས་ན། ཚད་ལྡན་རྡོ་སོལ་སྟོང་ཁེ2.5ཡི་ཚད་གཞི་གྲོན་ཆུང་བྱེད་ཐུབ་པ་དང་། དེ་བསྟུན་གྱིས་དབྱང་གཉིས་ཐཱན་འགྱུར་སྟོང་ཁེ6.4ཉུང་འཕྲི་བྱ་ཐུབ།

གལ་ཏེ་ཟླ་རེར་གོས་བཀྲུ་འཕྲུལ་ཆས་ཀྱིས་གྱོན་ཆས་འཁྲུད་པ་དེ་ལག་པས་ཐེངས་གཅིག་བཀྲུས་པ་ཡིན་ཚེ། གོས་འཁྲུད་འཕྲུལ་ཆས་གཅིག་ལས་ལོ་རེར་ཚད་ལྡན་རྡོ་སོལ་སྟོང་ཁེ1.4ཡི་ཚད་གཞི་གྲོན་ཆུང་བྱེད་ཐུབ་པ་དང་། དེ་བསྟུན་གྱིས་དབྱང་གཉིས་ཐཱན་འགྱུར་སྟོང་ཁེ3.6ཉུང་འཕྲི་བྱ་ཐུབ།

གལ་ཏེ་རྒྱལ་ཡོངས་ཀྱི་མི་རེས་ལོ་རེར་འབྲུ་རིགས་སྟོང་ཁེ0.5གྲོན་ཆུང་བྱས་ཚེ། ལོ་རེར་ཚད་ལྡན་རྡོ་སོལ་ཏུན་ཁྲི24.1གི་ཚད་གཞི་གྲོན་ཆུང་བྱེད་ཐུབ་པ་དང་། དེ་བསྟུན་གྱིས་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི61.2ཉུང་འཕྲི་བྱ་ཐུབ།

ཉིན་རེར་ཐ་མག་རྐང1ཉུང་འཐེན་བྱས་ན། མི་རེས་ལོ་རེར་ཚད་ལྡན་རྡོ་སོལ་སྟོང་ཁེ0.14ཡི་ཚད་གཞི་གྲོན་ཆུང་བྱེད་ཐུབ་པ་དང་། དེ་བསྟུན་གྱིས་དབྱང་གཉིས་ཐཱན་འགྱུར་སྟོང་ཁེ0.37ཉུང་འཕྲི་བྱ་ཐུབ།

གློག་རྡུལ་སྦྲག་རྫས་བསྐུར་ཐེངས་གཅིག་གིས་ཤོག་བུའི་ཡིག་འཕྲིན་གཅིག་གི་ཚབ་བྱས་ན། དེ་བསྟུན་གྱི་དབྱང་གཉིས་ཐཱན་འགྱུར་ཁེ52.6ཉུང་འཕྲི་བྱ་ཐུབ།

པར་ཆས་མི་བཀོལ་བའི་དུས་སུ་གློག་སྒོ་བརྒྱབ་ན། པར་ཆས་གཅིག་རེས་ལོ་རེར་གློག་ཏུའུ10གྲོན་ཆུང་བྱེད་ཐུབ་པ་དང་། དེ་བསྟུན་གྱིས་དབྱང་གཉིས་ཐཱན་འགྱུར་སྟོང་ཁེ9.6ཉུང་འཕྲི་བྱ་ཐུབ།

ཉིན་རེར་བརྙན་འཕྲིན་དུས་ཚོད་ཕྱེད་ཀ་ཙམ་ཉུང་ལྟ་བྱས་ན། བརྙན་འཕྲིན་གཅིག་རེས་ལོ་རེར་གློག་ཏུའུ20གྲོན་ཆུང་བྱེད་ཐུབ་པ་དང་། དབྱང་གཉིས་ཐཱན་འགྱུར་སྟོང་ཁེ19.2ཉུང་འཕྲི་བྱ་ཐུབ།

གལ་ཏེ་རྒྱལ་ཡོངས་ཀྱིས་བཀོལ་ཐེངས་གཅིག་གི་ཐུར་མའི་མཁོ་ཚད10%ཉུང་འཕྲི་བྱས་ན། དེ་བསྟུན་གྱིས་ལོ་རེར་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི10.3ཉུང་འཕྲི་བྱ་ཐུབ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།