ཀྲུང་གོ་བོད་ཀྱི་དྲ་བ།

ཏང་ཡོན་ལ་དམངས་གཙོ་དཔྱད་བསྡུར་ཇི་ལྟར་སྤེལ་བ་ཡིན་ནམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2019-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ང་ཚོས་ཏང་ཡོན་ལ་དམངས་གཙོ་དཔྱད་བསྡུར་བྱ་བ་སྤེལ་དུས་ཏང་གི་སྒྲིག་ཡིག་བརྩི་སྲུང་བྱེད་དགོས་པར་མ་ཟད། ད་དུང་ཀྲུང་དབྱང་གི་བྱ་བ་འདིའི་བྱེ་བྲག་གི་བླང་བྱ་ལག་ལེན་མཐར་ཕྱིན་དང་དངོས་འབེབས་བྱེད་དགོས།

གནད་དོན་འདིར་ཇི་ལྟར་ཐག་གཅོད་བཟང་པོ་བྱེད་དགོས་ཤེ་ན། ང་ཚོས་ངེས་པར་དུ་ཐེངས་གྲངས་དང་ཚད་གཞི། ནང་དོན། རིམ་པ་སོགས་ཀྱི་གནད་ཚིག་ཅིས་ཀྱང་ཡིད་ལ་དྲན་དགོས། གོང་དུ་བཤད་པའི་ཡིག་ཆའི་གཏན་འབེབས་གཞིར་བཟུང་ནས་ང་ཚོས་རེ་རེ་བཞིན་ལག་ལེན་འདེབས་དགོས་ཏེ།

ཏང་ཀྲི་པུའུ་ཡིས་ཏང་ཡོན་ལ་དམངས་གཙོ་དཔྱད་བསྡུར་སྤེལ་དགོས།

1.སྤེལ་བའི་ཐེངས་གྲངས། སྤྱིར་བཏང་དུ་ལོ་རེར་ཐེངས་གཅིག་སྤེལ་དགོས།

2. དཔྱད་བསྡུར་གྱི་ནང་དོན། ཏང་ཡོན་རྩ་འཛུགས་བྱས་ནས་ཚད་དང་མཐུན་པའི་ཏང་ཡོན་གྱི་ཚད་གཞི་དང་ཏང་ལ་ཞུགས་པའི་མནའ་ཚིག་ལྟར་རང་ཉིད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཏང་གཤིས་ལ་དབྱེ་ཞིབ་བྱེད་དགོས།

3. དཔྱད་བསྡུར་གྱི་བརྒྱུད་རིམ། ཏང་ཀྲི་པུའུ་ཡིས་ཏང་ཡོན་ཚོགས་ཆེན་བསྡུས་ནས། རང་གིས་རང་ལ་གདེང་འཇོག་དཔྱད་བསྡུར་དང་ཏང་ཡོན་ཕན་ཚུན་ལ་དཔྱད་བསྡུར། དམངས་གཙོ་ཚད་ལེན་དཔྱད་བསྡུར་བཅས་ཀྱི་གོ་རིམ་ལྟར། ཏང་ཡོན་རྩ་འཛུགས་བྱས་ཏེ་དཔྱད་བསྡུར་བྱེད་དགོས། ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའམ་ཏང་ཡོན་ཚོགས་ཆེན་གྱིས་དཔྱད་བསྡུར་བྱས་པའི་གནས་ཚུལ་དང་ཏང་ཡོན་གྱི་དུས་རྒྱུན་གྱི་རྣམ་འགྱུར་མཚོན་ཚུལ་དག་གཞིར་བཟུང་ནས། དཔྱད་བསྡུར་གཏན་འཁེལ་བྱེད་པའི་བསམ་འཆར་འདོན་དགོས།

4.ཞུགས་པའི་མི་སྣ། ཏང་ཀྲི་པུའུ་ཡི་ཏང་ཡོན་ཚང་མ་ཡིན།

5.དོ་སྣང་བྱེད་དོན། ཏང་ཡོན་ལ་དམངས་གཙོ་དཔྱད་བསྡུར་བྱེད་དུས་རྩ་འཛུགས་འཚོ་བའི་ཚོགས་འདུ་དང་ཟུང་འབྲེལ་བྱས་ནས་འཚོགས་ཆོག་པ་ཡིན། ཏང་ཡོན་གྱི་མི་གྲངས་ཅུང་མང་བའི་ཏང་ཀྲི་པུའུ་ཡིས་རང་གིས་རང་ལ་གདེང་འཇོག་དཔྱད་བསྡུར་དང་ཏང་ཡོན་ཕན་ཚུན་ལ་དཔྱད་བསྡུར་བྱེད་པ་དེ་ཏང་ཚན་ཆུང་གི་ཁྱབ་ཁོངས་ནང་སྤེལ་ཆོག

ཐེངས་གྲངས། སྤྱིར་བཏང་དུ་ལོ་རེར་ཐེངས་གཅིག་སྤེལ་དགོས།

ཐེངས་གྲངས་ཀྱི་གནད་དོན་ནི། 1988ལོའི《བསམ་འཆར》ནང་དུ་གཏན་འཁེལ་གསལ་པོ་བྱས་ཡོད་དེ།“དེང་ཕྱིན་ཆད་ཏང་ཡོན་ལ་དམངས་གཙོ་དཔྱད་བསྡུར་ལོ་རེར་ཐེངས་རེ་སྤེལ་ནས། ལམ་ལུགས་ཤིག་ཏུ་ཆགས་པར་བྱེད་དགོས།”

《ཚད་གཞི》ཞེས་པའི་ནང་དུ་ཐེངས་གྲངས་གནད་དོན་བཏོན་མེད།

《སྲོལ་ཡིག》ནང་དུ་གཏན་འཁེལ་བྱས་ཏེ།“ཏང་ཀྲི་པུའུ་ཡིས་སྤྱིར་བཏང་དུ་ཏང་ཡོན་ལ་དམངས་གཙོ་དཔྱད་བསྡུར་ལོ་རེར་ཐེངས་རེ་སྤེལ་དགོས།”

ཚད་གཞི། ཚད་དང་མཐུན་པའི་ཏང་ཡོན་གྱི་ཚད་གཞི་དང་ཏང་ལ་ཞུགས་པའི་མནའ་ཚིག

《བསམ་འཆར》ནང་དུ“ཏང་ཡོན་གྱི་ཚད་གཞི་ལ་བསྡུར་དགོས”ཞེས་པའི་ཡི་གེ་ཡོད།

《ཚད་གཞི》ནང་དུ“ཏང་གི་སྒྲིག་ཡིག་ལས་གཏན་འཁེལ་བྱས་པའི་ཏང་ཡོན་གྱི་ཚད་གཞི་དང་ཏང་ལ་ཞུགས་པའི་མནའ་ཚིག”ལྟར་དཔྱད་བསྡུར་བྱེད་དགོས་པ་གསལ་པོར་བཏོན།

《སྲོལ་ཡིག》ནང་དུ་སྔར་ལས་ལྷག་པར་ནན་གྱིས་བསྟན་དོན།

“ཚད་དང་མཐུན་པའི་ཏང་ཡོན་གྱི་ཚད་གཞི་དང་ཏང་ལ་ཞུགས་པའི་མནའ་ཚིག”ལྟར་དཔྱད་བསྡུར་བྱེད་དགོས།

ཏང་ལ་ཞུགས་པའི་མནའ་ཚིག་ནི་ཚང་མས་གསལ་པོ་ཤེས་ཡོད་པར་བསམས་ཤིང་། ཏང་ལ་ཞུགས་པ་དང་ཏང་རྩ་འཛུགས་ཀྱི་བྱ་འགུལ་ནང་ཞུགས་དུས་ཚང་མས་བཀོལ་གྱིན་ཡོད། རྩོམ་ཡིག་ཧྲིལ་པོ་ནི་ཏང་གི་སྒྲིག་ཡིག་གི་དོན་ཚན་དྲུག་པའི་ནང་ནས་རྙེད་ཐུབ་པ་རེད།

དེས་ན།ཚད་དང་མཐུན་པའི་ཏང་ཡོན་གྱི་ཚད་གཞི་ནི་ཅི་ཡིན་ནམ་ཞེ་ན། དབང་གྲགས་ཆེས་ཆེ་བའི་གཞི་འཛིན་ས་ནི་ཏང་གི་སྒྲིག་ཡིག་གི་ལེའུ་དང་པོའི“ཏང་ཡོན”གྱི་དོན་ཚན་དང་པོ་དང་གཉིས་པ།གསུམ་པ།བཞི་པ་བཅས་ཡིན།དོན་ཚན་དང་པོའི་ནང་དུ་ཏང་ལ་ཞུགས་པའི་རེ་འདུན་ཞུ་ཡིག་འདོན་པའི་ཆ་རྐྱེན་བཤད་པ་དང་། དོན་ཚན་གཉིས་པའི་ནང་དུ་ཏང་ཡོན་གྱི་གཞི་རྩའི་ཆ་རྐྱེན་བཤད་པ། དོན་ཚན་གསུམ་པའི་ནང་དུ་ཏང་ཡོན་གྱིས་ངེས་པར་དུ་བསྒྲུབ་པའི་འོས་འགན་བཤད་པ། དོན་ཚན་བཞི་པའི་ནང་དུ་ཏང་ཡོན་གྱིས་ལོངས་སུ་སྤྱོད་པའི་ཁེ་དབང་བཤད་ཡོད། དོན་ཚན་བཞི་བོ་ཐུན་མོང་གིས་ཚད་དང་མཐུན་པའི་ཏང་ཡོན་གྱི་ཚད་གཞི་གྲུབ་ཡོད་པ་རེད།

2016ལོའི་ཟླ2པར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གིས《ཏང་ཡོན་ཡོངས་རྫོགས་ཀྱི་ཁྲོད་དུ“ཏང་གི་སྒྲིག་ཡིག་དང་ཏང་སྲོལ་སློབ་སྦྱོང་བྱེད་པ་དང་། གསུང་བཤད་རབས་དང་རིམ་པར་སློབ་སྦྱོང་བྱས་ཏེ། ཚད་དང་མཐུན་པའི་ཏང་ཡོན་ཞིག་བྱེད་དགོས་པའི”སློབ་སྦྱོང་སློབ་གསོ་སྤེལ་བའི་སྐོར་གྱི་ཇུས་གཞི》པར་འགྲེམ་བྱས་ཏེ།“བཤད་པ་བཞི་དང་ཡོད་པ་བཞིའི”ཚད་དང་མཐུན་པའི་ཏང་ཡོན་གྱི་ཚད་གཞི་གཏན་འཁེལ་བྱས་པར་མ་ཟད་ཕྱོགས་བཞི་ནས་བླང་བྱ་དངོས་བཏོན་པ་རེད། 2017ལོའི་ཟླ3པར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གིས《“སློབ་པ་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》པར་འགྲེམ་བྱས་ནས།རྒྱ་ཆེའི་ཏང་ཡོན་ལ“བཤད་པ་བཞི་དང་ཡོད་པ་བཞི”ཡི་ཚད་གཞི་ལྟར།ཆབ་སྲིད་ཚད་དང་མཐུན་པ་དང་། སྒྲིག་ཁྲིམས་ལག་བསྟར་ཚད་དང་མཐུན་པ། ཀུན་སྤྱོད་ཚད་དང་མཐུན་པ། ནུས་པ་འདོན་སྤེལ་ཚད་དང་མཐུན་པ་བཅས (ཚད་མཐུན་བཞི)བྱེད་དགོས་པའི་བླང་བྱ་བཏོན་ཡོད།

ནང་དོན། དབང་གྲགས་ལྡན་པའི་གཞི་འཛིན་ས་ནི“ཡིན་མིན་ལྔ”ཡིན་པས། ད་རུང་ངེས་པར་དུ་དོན་དངོས་དང་ཟུང་འབྲེལ་གྱིས་གཏན་འཁེལ་བྱེད་དགོས།

མིག་སྔར། ཏང་ཡོན་ལ་དམངས་གཙོ་དཔྱད་བསྡུར་བྱེད་དུས། ངེས་པར་དུ་ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་གཙོ་བོར་དམིགས་ནས།“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་། “རང་རྟོན་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཅི་ཐུབ་བྱས་ཏེ།རང་ཉིད་ཀྱི་ལས་འགན་བསྒྲུབ་པ་དང་འགན་འཁྲི་ཁུར་དུ་ལེན་ཕོད་པ།དངོས་འཛིན་དངོས་སྒྲུབ།སྒྲིག་ཁྲིམས་ནན་སྲུང་བྱེད་པ་སོགས་བྱེད་དགོས་ཤིང་། ཏང་ཀྲུང་དབྱང་དང་གོང་རིམ་རྩ་འཛུགས་ཀྱི་བཀོད་སྒྲིག་དང་བླང་བྱ་ལྟར། གཞི་རིམ་གྱི་དོན་དངོས་གནས་ཚུལ་དང་། ཁྱབ་ཁོངས་མི་འདྲ་བ་དང་ལས་རིགས་མི་འདྲ་བ།སྐོར་ཚོགས་མི་འདྲ་བ་བཅས་ཀྱི་ཏང་ཡོན་གྱི་ཁྱད་ཆོས་གཞིར་བཟུང་ནས་དཔྱད་བསྡུར་བྱེད་པའི་བྱེ་བྲག་གི་ནང་དོན་གཏན་འཁེལ་གསལ་པོ་བྱེད་དགོས།

རིམ་པ་ལ།“ཕུལ་བྱུང”དང“ཚད་མཐུན།”“ཕལ་ཆེར་ཚད་མཐུན།”“ཚད་མཐུན་མིན་པ”བཅས་ཡོད།

ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའམ་ཏང་ཡོན་ཚོགས་ཆེན་གྱིས་དམངས་གཙོ་དཔྱད་བསྡུར་བྱས་པའི་གནས་ཚུལ་དང་ཏང་ཡོན་གྱི་དུས་རྒྱུན་གྱི་སྤྱིའི་རྣམ་འགྱུར་མཚོན་ཚུལ་གཞིར་བཟུང་ནས།དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་ཏང་ཡོན་རེ་རེ་ལ་དཔྱད་བསྡུར་གཏན་འཁེལ་བྱས་པའི་བསམ་འཆར་འདོན་དགོས་པ་དང་། མི་བཟང་རིང་ལུགས་དང་དོ་མཉམ་གཟིགས་སྐྱོང་མི་བྱེད་པ།“ཕུལ་བྱུང”ཏང་ཡོན་དཔྱད་འདེམ་བྱས་པའི་བསྡུར་ཚད་སྤྱིར་བཏང་དུ་སུམ་ཆའི་གཅིག་ལས་བརྒལ་མི་ཆོག་པ་ཡིན། ཏང་ཡོན་ལ་དཔྱད་བསྡུར་གཏན་འཁེལ་བྱས་པའི་བསམ་འཆར་དེ་མི་རང་ཉིད་ལ་ཕྱིར་ལན་ལྡོན་དགོས། དཔྱད་འདེམ་བྱས་པའི“ཕུལ་བྱུང”ཏང་ཡོན་ལ་གཟེངས་བསྟོད་བྱེད་དགོས། གོང་རིམ་ཏང་རྩ་འཛུགས་ཀྱིས་ཏང་ནང་དུ་གཟེངས་བསྟོད་བྱེད་སྐབས་སྤྱིར་བཏང་དུ་དེའི་ནང་ནས་འདེམ་གསེས་བྱེད་དགོས། “ཕལ་ཆེར་ཚད་མཐུན”དཔྱད་བསྡུར་གཏན་འཁེལ་བྱས་པའི་ཏང་ཡོན་ལ་སློབ་གསོ་དང་རོགས་སྐྱོར་བྱེད་དགོས།“ཚད་མཐུན་མིན་པ”དཔྱད་བསྡུར་གཏན་འཁེལ་བྱས་པའི་ཏང་ཡོན་ལ་གཏན་འཁེལ་གྱི་བརྒྱུད་རིམ་ནང་ལྟར་རྩ་འཛུགས་ཀྱིས་ཐག་གཅོད་བྱེད་དགོས།

ཏང་ཡོན་ལ་དམངས་གཙོ་དཔྱད་བསྡུར་བྱེད་ན་མཉམ་འཇོག་དགོས་པའི་དོན་ཚན་ནི་འདི་དག་ཡོད།

ཏང་ཡོན་ལ་དམངས་གཙོ་དཔྱད་བསྡུར་བྱེད་དུས་རྩ་འཛུགས་འཚོ་བའི་ཚོགས་འདུ་དང་ཟུང་འབྲེལ་བྱས་ནས་འཚོགས་ཆོག ཏང་ཡོན་མི་གྲངས་ཅུང་མང་བའི་ཏང་ཀྲི་པུའུ་ཡིས་རང་གིས་རང་ལ་གདེང་འཇོག་དཔྱད་བསྡུར་དང་ཏང་ཡོན་ཕན་ཚུན་བར་གདེང་འཇོག་དཔྱད་བསྡུར་བྱེད་པ་དེ་ཏང་ཚན་ཆུང་གི་ཁྱབ་ཁོངས་ནང་དུ་སྤེལ་ཆོག གྲ་སྒྲིག་ཏང་ཡོན་ནི་དམངས་གཙོ་དཔྱད་བསྡུར་བྱེད་པའི་ནང་ཞུགས་ཆོག་མོད། འོན་ཀྱང་རིམ་པ་གང་ཡིན་དཔྱད་བསྡུར་གཏན་འཁེལ་མི་བྱེད་པ་ཡིན།

འཁོར་སྐྱོད་ཏང་ཡོན་ནི་སྤྱིར་བཏང་དུ་རང་ཉིད་སྡོད་སའི་ཏང་ཀྲི་པུའུ་ཡི་དམངས་གཙོ་དཔྱད་བསྡུར་ནང་ཞུགས་པ་ཡིན་ལ། འཁོར་སྐྱོད་བྱེད་སའི་ཏང་རྩ་འཛུགས་ནང་དུ་ཡང་ཞུགས་ཆོག་པ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།