ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་9བའི་ཚེས་19ཉིན། ལོ་རྒྱུས་ཐོག་གི་དེ་རིང།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོ།   སྤེལ་དུས། : 2019-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ་9བའི་ཚེས་19ཉིན།——ལོ་ཧྲིལ་བོའི་ཉིན་262པ།

དོན་ཆེན་ཁག

སྤྱི་ལོ་སྔོན་ཀྱི་498ལོར།  ལུའུ་ཏིན་ཀུང་དང་ཆི་ཅིང་གཉིས་ཀྱིས་ཅིན་རྒྱལ་ཁབ་ལ་གྱེན་ལོག་བྱས།

སྤྱི་ལོ་1356ལོར། དབྱིན་ཧྥའི་ལོ་བརྒྱའི་འཁྲུག་ཆེན་གྱི་དུས་སུ། དབྱིན་དམག་གིས་ཕུའུ་ཧྥ་ཐེའེ་རུ་ཧྥ་དམག་ཕམ་པར་རྒྱབ།

སྤྱི་ལོ་1556ལོར། མིང་རྒྱལ་བོ་ཅཱ་ཆིང་གིས་ཀོ་ཤ་སྨན་གྱི་མཆོག་ཏུ་བཞག་ནས་དམངས་ཀྱི་ས་ནས་དངུལ་དཀར་གྱིས་བརྗེས་པས། དམངས་ཁྲོད་དུ་ཀོ་ཤ་འབུལ་མཁན་མང་བོ་བྱུང་།

སྤྱི་ལོ་1783ལོར། ཧྥ་རན་སིའི་ཚ་སྒང་གསར་གཏོད་པ་མེང་གྷིར་ཧྥེ་སྤུན་གཉིས་ཀྱིས་ཕ་རིའི་ཧྥན་འེར་སའེ་ཕོ་བྲང་མདུན་དུ་ཐེངས་དང་པོར་ཚ་སྒང་འཕུར་སྐྱོད་འཁྲབ་སྟོན་བྱས། འོན་ཀྱང་ཚ་སྒང་དུ་འདུག་མཁན་ནི་མི་མ་ཡིན་པར་ལུག་གཅིག་དང་བྱ་གཅིག ངང་བ་གཅིག་བཅས་ཡིན།

སྤྱི་ལོ་1796ལོར། ཝ་ཧྲིང་ཐོན་གྱིས་སྐབས་གསུམ་པའི་ཙུང་ཐུང་གི་འགན་འཁུར་རྒྱུ་དང་ལེན་མ་བྱས་ལ། ཨ་རིའི་ཙུང་ཐུང་གི་བསྐོ་རིམ་གཉིས་ཀྱི་སྲོལ་ཡང་དེ་ནས་བྱུང་།

སྤྱི་ལོ་1870ལོར། ཕུའུ་ཧྥ་དམག་འཁྲུག་ཁྲོད། འཇར་མན་གྱིས་ཧྥན་འེར་སའེ་བཙན་གྱིས་བཟུང་།

སྤྱི་ལོ་1893ལོར། ནུའུ་ཞི་ལན་གྱིས་བུད་མེད་འདེམས་བསྐོ་རུ་ཞུགས་ཆོག་པའི་འདེམས་བསྐོའི་བཅའ་ཁྲིམས་གཏན་ཁེལ་བྱས་ཤིང་སྤྱི་འདེམས་བདག་དབང་ལྡན་པའི་རྒྱལ་ཁབ་དང་པོར་གྱུར།

སྤྱི་ལོ་1894ལོར། ཕྱི་ལུགས་གཉེར་བའི་ཕྱོགས་ཁག་གིས་བཙུགས་པའི་ཧྲང་ཧེ་ཧྭ་ཧྲེང་འཁེལ་འཐག་བཟོ་གྲྭའི་ལས་འགོ་ཚུགས།

སྤྱི་ལོ་1909ལོར། ཅིང་ཞི་དབྱི་ཁྲུན་རྫོང་གི་མང་ཚོགས་སྟོང་ཕྲག་དུ་མས་སྲིད་གསར་ཞལ་འདེབས་ལ་ངོ་རྒོལ་བྱས།

སྤྱི་ལོ་1910ལོར། དམག་དཔོན་ཆེན་མོ་པའོ་ཐཱ་ཡིས་ནཱན་ཧྥེའི་ཙུང་ལི་ཡི་འགན་ཁུར།

སྤྱི་ལོ་1921ལོར། མའོ་ལོ་ཁུའི་བྱང་ཕྱོགས་རང་བཙན་བྱས་ནས་ལི་ཧྥུ་སྤྱི་མཐུན་རྒྱལ་ཁབ་བཙུགས།

སྤྱི་ལོ་1927ལོར། ཀྲུང་གུང་གཡུལ་སའི་ཨུ་ཡོན་གྲོས་ཚོགས་ཐོག མའོ་ཙི་ཏུང་གིས་ཅིན་གཱང་དུ་དམག་འདྲེན་པའི་གྲོས་གཞི་བཏོན།

སྤྱི་ལོ་1928ལོར། བྱི་བ་མཱིས་ཁེ་ཡི་སྣང་བརྙན་ཐོག་མར་བསྐྲུན་པ།

སྤྱི་ལོ་1939ལོར། འཇར་པན་མཁའ་དམག་གིས་ཐོག་མར་ཀོང་ཀྲོའུ་ལ་འཇབ་རྒོལ་བྱས་པ།

སྤྱི་ལོ་1944ལོར། ཀྲུང་གོའི་དམངས་གཙོའི་ཏང་ཁག་གི་ཡ་གྱལ་ཀྲུང་གོའི་དམངས་གཙོའི་མནའ་མཐུན་ཁྲུང་ཆིང་དུ་ཚུགས་ཤིང་། ཧུང་ཡཱན་ཕེ་མནའ་མཐུན་གྱི་ཀྲུང་དབྱང་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་ཞིར་བདམས།

སྤྱི་ལོ་1949ལོར། ཀྲང་ཀྲོའུ་བཅིངས་གྲོལ་ཐོབ།

སྤྱི་ལོ་1955ལོར། ཨ་གིན་ཐིན་གྱི་སྐམ་དམག་དང་མཚོ་དམག་གིས་གྱེན་ལོག་བྱས་ནས། ཕིའི་ལོང་ཙུང་ཐུང་གི་སྲིད་གཞུང་མཇུག་སྒྲིལ།

སྤྱི་ལོ་1959ལོར། གནམ་བདེ་སྒོ་མོ་ཆེའི་ཤར་ཕྱོགས་ཀྱི་ཀྲུང་གོའི་གསར་བརྗེའི་དངོས་མང་བཤམས་སྟོན་ཁང་དང་ཀྲུང་གོའི་ལོ་རྒྱུས་དངོས་མང་བཤམས་སྟོན་ཁང་གཉིས་བཞེངས་འགྲུབ་བྱུང་།

སྤྱི་ལོ་1960ལོར། པ་ཁི་སི་ཐན་དང་ཧིན་རྡི་རྒྱལ་ཁབ་གཉིས་ཀྱིས་《ཧིན་རྡི་དང་པ་ཁི་སི་ཐན་གཉིས་ཀྱི་ཧིན་རྡི་གཙང་བོའི་བཀོད་སྤྱོད་ཚངས་ཡིག》ལ་མཆན་རྟགས་བཀོད། ཆིངས་ཡིག་འདིས་ཧིན་རྡི་གཙང་བོའི་ཆུའི་བཀོད་སྤྱོད་ཀྱི་རྩོད་གཞི་ཞི་བར་བྱས།

སྤྱི་ལོ་1972ལོར། ཀྲུང་གོ་དང་དོ་གི་སྤྱི་མཐུན་རྒྱལ་ཁབ་བར་མཛའ་འབྲེལ་ཚུགས།

སྤྱི་ལོ་1980ལོར། ཨ་རིའི་ཨ་ཁིན་སེ་མངའ་སྡེའི་ས་འོག་ཉིང་རྡུལ་མཁའ་གཏོང་ཁང་ལ་འབར་གས་བྱུང་ནས་མི་གཅིག་འདས་ཤིང་ཉི་ཤུ་ལྷག་ལ་རྨས་ཕོག

སྤྱི་ལོ་1981ལོར། མི་དམངས་བཅིངས་གྲོལ་དམག་གིས་ཧྭ་བྱང་དམག་སྦྱོང་ཆེན་མོ་བྱས།

སྤྱི་ལོ་1985ལོར། མའོ་ཞི་ཁོ་གྲོང་ཁྱེར་དུ་ཚད་རིམ་7.8ཅན་གྱི་ས་ཡོམ་བྱུང་ནས་མི་2000ལྷག་གི་སྲོག་ཤོར་ཞིང་མི་5000ལྷག་ལ་རྨས་ཕོག

སྤྱི་ལོ་1987ལོར། ཀྲུང་གོའི་དངོས་གོང་དོ་དམ་སྲོལ་ཡིག་དང་པོ་དངོས་སུ་ཁྱབ་བསྒྲགས་དང་ལག་བསྟར་བྱས།

སྤྱི་ལོ་1988ལོར། ཀྲོང་ཡུང་གིས་ཀྲུང་གོར་ཨོ་ལིན་ཕིག་ཆུ་རྐྱལ་གྱི་གསེར་གྱི་རྟགས་མ་དང་པོ་བླངས།

སྤྱི་ལོ་1991ལོར། “ཀྲུང་གོའི་ཚོང་རྟགས་གྲགས་ཅན་”སྐོར་དང་པོ་བྱུང་།

སྤྱི་ལོ་1993ལོར། ཁམ་ཕུ་ཁྲེའི་རྩ་ཁྲིམས་གསར་བའི་འཆར་ཟིན་དངོས་སུ་བཏོན།

སྤྱི་ལོ་1995ལོར། ཧྲང་ཧེའི་དངུལ་ཁང་གི་གསེར་བྱང་ལས་གཞིའི་ATMདྲ་སྦྲེལ་དེ་རྒྱལ་ཡོངས་ནས་བཀོད་ཐུབ་པ་བྱུང་།

སྤྱི་ལོ་2004ལོར། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དྲུག་པའི་ཚངས་འཛོམས་གྲོས་ཚོགས་ཐེངས་བཞི་བར་《ཀྲུང་གུང་ཀྲུང་དབྱང་གི་ཏང་གི་སྲིད་འཛིན་ནུས་པ་ཆེ་རུ་གཏོང་བའི་སྐོར་གྱི་ཐག་གཅོད》ལ་གྲོས་ཆོད་བྱུང་ཞིང་། ཀྲུང་གོ་གུང་ཁྲན་ཏང་གིས་དངོས་སུ་“འཆམ་མཐུན་སྤྱི་ཚོགས་འཛུགས་པའི”་ལོ་རྒྱུས་དམིགས་འབེན་བཏོན།

སྤྱི་ལོ་2007ལོར། ཀྲུང་གོས་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ“རྒྱང་སྐྱོད་ཨང་བཞི་པའི་ཁ་པ”སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་བཏང་། ཀྲུང་གོ་དང་པར་ཙི་ཡིས་མཉམ་འབྲེལ་སྒོས་ཞིབ་འཇུག་གསར་བཟོ་བྱས་པའི་ཐེངས་གསུམ་པའི་“ཐོན་ཁུངས་ཨང་དང་པོ”སྲུང་སྐར་དེ་བདེ་བླག་ངང་བར་སྣང་དུ་སྐྱོད། སྲུང་སྐར་མ་ལག་དེ་ནི་ཀྲུང་གོའི་བར་སྣང་ལག་རྩལ་ཞིབ་འཇུག་ཁང་དང་པར་ཙིར་བར་སྣང་ཞིབ་འཇུག་ཁང་གིས་མཉམ་འབྲེལ་ཐོག་ཞིབ་འཇུག་གསར་བཟོ་བྱས་པ་ཞིག་ཡིན་པས“འཛམ་གླིང་ལྷོ་རྒྱུད་རྒྱལ་ཁབ་དབར་གྱི་མཉམ་ལས་དཔེ་མཚོན”ཞེས་བརྗོད་ཀྱིན་ཡོད།

སྤྱི་ལོ་2009ལོར། ཅིན་ཀྲེང་རི་ཡིས་རྒྱལ་ས་ཕིང་རང་དུ་ཧུའུ་ཅིན་ཐའོ་ཡི་ཆེད་མངགས་ཕོ་ཉ་ཏའེ་པིན་ཀའོ་དང་འཇལ་འཕྲད་གནང་།

སྤྱི་ལོ་2010ལོར། རྒྱལ་ཡོངས་དམིགས་བསལ་ཨོ་རྩལ་འགྲན་ཚོགས་སྐབས་ལྔ་བ་ཧྥུའུ་ཅན་ཧྥུའུ་ཀྲོའུ་རུ་འཚོགས།

སྤྱི་ལོ་2016ལོར། ལུའུ་ཡུས་མིང་དང་ཞུའེ་ཆི་ཁུན་གཉིས་ལ་འབྱུང་འགྱུར་ཚན་རིག་བྱ་དགའ་ཆེན་མོ་ཐོབ།

སྤྱི་ལོ་2017ལོར། མོ་ཞི་ཁོའི་དབུས་རྒྱུད་དུ་ཚད་རིམ་7.1ཅན་གྱི་ས་ཡོམ་བྱུང་།

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།