ཀྲུང་གོ་བོད་ཀྱི་དྲ་བ།

ས་ཞིང་གི་བདག་དབང་གཏན་འཁེལ་བྱེད་པར་ངེས་པར་དུ་ཤེས་དགོས་པའི་གནད་དོན་བཅུ།

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།     སྤེལ་དུས། : 2019-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ས་ཞིང་གི་བདག་དབང་གཏན་འཁེལ་བྱེད་པ་དེ་ཞིང་བ་མང་ཚོགས་ལ་མཚོན་ན་དངོས་ནས་ཁེ་བཟང་ཞིག་ཡིན།  གཅིག་ནས་ཞིང་བའི་ས་ཞིང་རྒྱུ་ནོར་དབང་ཆ་ལ་སྲུང་སྐྱོབ་བྱེད་པར་ཕན་ལ།   གཉིས་ནས་ས་ཞིང་དབང་ཆ་འཁོར་སྤྲོད་བྱེད་པ་དང་ཞིང་བའི་ཡོང་འབབ་འཕར་སྣོན་ཡོང་བར་ཕན་པ།  གསུམ་ནས་ས་ཞིང་དབང་ཆའི་དཔང་ཡིག་དངུལ་བུན་གྱི་གཏའ་མར་བཞག་ཆོག་པས་དེ་ནི་ཞིང་བ་མང་ཚོགས་ཀྱི་ཁེ་ཕན་ལ་འགན་སྲུང་བྱ་སྤྱད་ཅིག་ཡིན།

ས་ཞིང་བདག་དབང་གཏན་འཁེལ་བྱེད་པར་ས་ཞིང་ཐོ་འགོད་རེ་ཞུ་དང་ས་ཐོ་བརྟག་དཔྱད།  ས་ཁོངས་ཞིབ་དཔྱད།     ཐོ་འགོད་བྱེད་པ།  ས་ཞིང་དཔང་ཡིག་གནང་བ་སོགས་ཀྱི་གོ་རིམ་འདི་དག་བརྒྱུད་དགོས་ལ། གོ་རིམ་དེ་དག་གི་ཁྲོད་ནས་ཡང་ངེས་པར་དུ་ཤེས་དགོས་པའི་གནད་དོན་བཅུ་ནི་གཤམ་གསལ་ལྟར།

1. ཞིང་སྡེའི་ཁྱིམ་ཐོ་མིན་ན་སྡེ་བའི་ས་ཞིང་གི་བདག་དབང་གཏན་འཁེལ་བྱེད་ཐུབ་བམ།  

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་སྡེའི་ས་ཞིང་འགན་ལེན་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་དྲུག་གི་གཏན་འབེབས་ལྟར་ན།   འགན་ལེན་དུས་སྐབས་ནང་འགན་ལེན་མཁན་ཕྱོགས་ཀྱི་ཁྱིམ་ཚང་ཡོངས་གྲོང་ཁྱེར་དུ་གནས་སྤོ་བྱས་ནས་ཁྱིམ་ཐོ་མཁར་གྲོང་ཁྱིམ་ཐོ་རུ་བསྒྱུར་ན་ས་ཞིང་ཕྱིར་སྤྲོད་དགོས་ཟེར།   ཡིན་ནའང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འགྲེམས་སྤེལ་བྱས་པའི་ཡིག་ཆ〔2014〕ཨང་རྟགས25ལས་གཏན་འཁེལ་ལྟར་ན།    མཁར་གྲོང་ཁྱིམ་ཐོ་རུ་བསྒྱུར་ནའང་ས་ཞིང་དབང་ཆ་གཏན་འཁེལ་བྱས་ཆོག་པ་རེད་ཟེར།   ཡིག་ཆའི་གཏན་འབེབས་ལྟར་ན།  དེང་སྐབས་ས་ཞིང་འགན་ལེན་ཚོང་གཉེར་དབང་ཆ་དང་སྡོང་ཁང་རྟེན་གཞི་བཀོལ་སྤྱོད་དབང་ཆ།    སྤྱིའི་ཡོང་འབབ་བགོ་བྱའི་དབང་ཆ་ལས་འབུད་མི་ཆོག་པ་དེ་ཞིང་བ་མཁར་གྲོང་དུ་ཡོང་ནས་སྡོད་པའི་ཆ་རྐྱེན་ཡིན།     ཁྱིམ་ཚང་ཡོངས་གྲོང་ཁྱེར་དུ་གནས་སྤོ་བྱས་ནས་གྲོང་ཁྱེར་ཁྱིམ་ཐོ་རུ་བསྒྱུར་ནས་འགན་ལེན་ས་ཞིང་ཕྱིར་སྤྲད་པའམ་ཕྱིར་བླངས་ཡོད་ན་ས་ཞིང་བདག་དབང་གཏན་འཁེལ་ཐོ་འགོད་བྱས་མི་ཆོག        ཕྱིར་སྤྲད་མེད་པའམ་ཕྱིར་བླངས་མེད་ན་མི་རང་ཉིད་ཀྱི་འདོད་མོས་ལྟར་ཕྱིར་སྤྲོད་པར་འཐད་ན་ས་ཞིང་བདག་དབང་གཏན་འཁེལ་ཐོ་འགོད་བྱས་མི་ཆོག  ཕྱིར་སྤྲོད་པར་མི་འཐད་ན་ས་ཞིང་བདག་དབང་གཏན་འཁེལ་ཐོ་འགོད་བྱས་ཆོག་པ་རེད།

2. འགན་ལེན་ས་ཞིང་གི་རྒྱ་ཁྱོན་དངོས་ཡོད་རྒྱ་ཁྱོན་ལས་ཆུང་ན་ས་ཞིང་གི་བདག་དབང་ཅི་ལྟར་འགན་ལེན་བྱ་དགོས།

ས་ཞིང་འདེབས་འཛུགས་གོ་རིམ་ཁྲོད་འགན་ལེན་ས་ཞིང་གི་རྒྱ་ཁྱོན་དངོས་ཡོད་ས་ཞིང་འདེབས་འཛུགས་རྒྱ་ཁྱོན་ལས་ཆུང་བའི་གནས་ཚུལ་འདི་ལྟ་བུ།  ས་ཞིང་འགན་ལེན་མཁན་ལ་འགན་ལེན་ས་ཞིང་གི་རྒྱ་ཁྱོན་དེ་དངོས་ཡོད་ས་ཞིང་གི་རྒྱ་ཁྱོན་བཞིན་ཆེ་རུ་གཏོང་དགོས།  ས་ཞིང་བདག་དབང་གཏན་འཁེལ་ཐོ་འགོད་ཕྱིར་འགན་ལེན་མཁན་ལ་སྤྲོད་དགོས་ལ་འགན་ལེན་ས་ཞིང་ལས་བརྒལ་བའི་ས་ཞིང་བཙན་གྱིས་ཕྱིར་བསྡུ་མི་ཆོག

3.ཐུན་མོང་གིས་འགན་གསོ་བྱེད་པའི“ལྔ་སྐྱོང་ཁྱིམ་ཚང” གི་འགན་ལེན་ས་ཞིངགི་བདག་དབང་གཏན་འཁེལ་ཐོ་འགོད་བྱས་ཆོག་གམ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་སྡེའི་ས་ཞིང་འགན་ལེན་བཅའ་ཁྲིམས》སོགས་ཁྲིམས་སྲོལ་གྱི་འབྲེལ་ཡོད་གཏན་འབེབས་ལྟར་ན།  ཐུན་མོང་གིས་འགན་གསོ་བྱེད་པའི“ལྔ་སྐྱོང་ཁྱིམ་ཚང” གི་འགན་ལེན་ས་ཞིང“ལྔ་སྐྱོང་ཁྱིམ་ཚང” གི་འདོད་བློ་ལྟར་ས་ཞིང་བདག་དབང་གཏན་འཁེལ་ཐོ་འགོད་བྱས་ཏེ་དཔང་ཡིག་སྤྲོད་དགོས་ལ།   དེ་མིན“ལྔ་སྐྱོང་ཁྱིམ་ཚང”གི་འགན་ལེན་ས་ཞིང་ཐུན་མོང་གི་ས་ཞིང་དུ་བཞག་ནས་བཙན་གྱིས་ཕྱིར་བླངས་མི་ཆོག

4. ཁྱིམ་ཚང་གི་འགན་ལེན་ཕྱོགས་ཀྱི་འཐུས་ཚབ་པ་ཅི་ལྟར་གཏན་འཁེལ་བྱེད་དགོས།

ཁྱིམ་ཚང་གི་འགན་ལེན་ཕྱོགས་ཀྱི་འཐུས་ཚབ་མི་སྣ་འགན་ལེན་གན་རྒྱའི་ཡི་གེ་སྟེང་མིང་རྟགས་འགོད་མཁན་དང་ཡང་ན་ས་ཞིང་འགན་ལེན་ཚོང་གཉེར་དབང་ཆ་དཔང་ཡིག་སྟེང་གི་འཐུས་ཚབ་མི་སྣ་ཡིན་དགོས།  སྔོན་གྱི་གཏན་འཁེལ་བྱས་པའི་འཐུས་ཚབ་མི་སྣ་ཚེ་ལས་འདས་སོང་བའམ་དམངས་དོན་ཚབ་ཆེན་བྱུང་བ།  ཡང་ན་རྒྱུ་རྐྱེན་གཞན་གྱི་ཡུལ་དངོས་སུ་ཐོན་མ་ཐུབ་ན་ཞིང་བ་ཁྱིམ་མི་ཡོངས་ཀྱིས་མཉམ་དུ་འདེམས་བསྐོ་བྱེད་དགོས།

5.འགན་ལེན་ས་ཞིང་གི་བརྟག་དཔྱད་མཇུག་འབྲས་སྟེང་སུས་མིང་རྟགས་འགོད་དགོས།  

ཁྱིམ་ཚང་གི་འགན་ལེན་བྱེད་སྟངས་ཀྱི་བརྟག་དཔྱད་མཇུག་འབྲས་སྟེང་ཁྱིམ་ཚང་འགན་ལེན་ཕྱོགས་ཀྱི་འཐུས་ཚབ་པས་མིང་རྟགས་བཀོད་ནས་ཁས་ལེན་བྱེད་དགོས།  བྱེད་སྟངས་གཞན་གྱི་འགན་ལེན་གྱི་བརྟག་དཔྱད་མཇུག་འབྲས་ལ་བྱེད་སྟངས་གཞན་པའི་འགན་ལེན་ཕྱོགས་ཀྱི་འཐུས་ཚབ་པས་མིང་རྟགས་བཀོད་ནས་ཁས་ལེན་བྱེད་དགོས།

6. ས་ཞིང་འགན་ལེན་ཚོང་གཉེར་དབང་ཆའི་དཔང་ཡིག་དང་ཐོ་འགོད་ཀྱི་གྲོན་དངུལ་སུས་འགན་ལེན་བྱེད་དགོས།

ས་ཞིང་བདག་དབང་གཏན་འཁེལ་བྱེད་པའི་གྲོན་དངུལ་ཡོངས་སུ་རྫོགས་པ་སྤྱིའི་འགན་ལེན་བྱེད་དགོས་ལ་ཞིང་བས་ལག་ནས་གྲོན་དངུལ་གཅིག་ཀྱང་བླངས་མི་ཆོག

7.གསར་སྐྱེས་བྱིས་པར་ས་ཞིང་བགོ་ཆོག་གམ།

སྔོན་ལ་དབང་བའི་ས་ཞིང་གི་རྒྱ་ཁྱོན་ཇི་འདྲ་ཡིན་ན་དེ་འདྲ་ཞིག་དབང་བ་མ་གཏོགས་ཁྱིམ་མིའི་མི་གྲངས་ཀྱི་འཕོ་འགྱུར་ལྟར་ས་ཞིང་ཇེ་ཆེར་མི་གཏོང་ལ་ཇེ་ཆུང་དུ་ཡང་གཏོང་མི་སྲིད།  ཡིན་ནའང་གཤམ་གྱི་ཆ་རྐྱེན་འདི་དག་ཚང་ན་ས་ཞིང་རེ་ཞུ་བྱས་ཆོག  ༡སྤྱིའི་དཔལ་འབྱོར་རྩ་འཛུགས་ཀྱི་ཁྲིམས་ལྟར་སྔོན་ལ་བཞག་པའི་ས་ཞིང་རིགས། ༢ཁྲིམས་ལྟར་གསར་སྤོལ་སོགས་ཀྱི་བྱེད་སྟངས་བརྒྱུད་ནས་ཁ་སྣོན་བྱས་ཆོག་པའི་རིགས། ༣ འགན་ལེན་ཕྱོགས་ཀྱིས་ཁྲིམས་ལྟར་དང་འཐད་མོས་ཀྱིས་ཕྱིར་སྤྲད་པའི་རིགས།  

8. ས་ཞིང་གི་བདག་དབང་གཏན་འཁེལ་བྱས་རྗེས་རྒྱལ་ཁབ་ཀྱིས་བསྡུ་སྤྱོད་བྱས་པ་ཡིན་ན།  དེའི་ཁ་གསབ་ཅི་ལྟར་བགོ་བྱ་རྒྱག་དགོས།

ཞིང་བའི་འགན་ལེན་ས་ཞིང་བསྡུ་སྤྱོད་བྱས་ན། གཅིག་ནས་སྡེ་བ་སྤྱིའི་སྔོན་ལ་བཞག་པའི་ས་ཞིང་ཤོར་བའི་ཞིང་བས་སྤྲད་པའི་སྤྱི་ཚོགས་འགན་སྲུང་དངུལ་དང་ས་ཞིང་གི་ཁ་གསབ་མ་དངུལ་གཙོ་བོ་ས་ཞིང་བསྡུ་སྤྱོད་བྱས་པའི་ཞིང་བར་བགོ་དགོས།  གཉིས་ནས་ཞིང་བ་མ་ཡིན་པའི་འགན་ལེན་བྱས་པའི་གཞན་པའི་ཐུན་མོང་ས་ཞིང་བསྡུ་སྤྱོད་བྱས་ན། ས་ཞིང་གི་ཁ་གསབ་དངུལ་གཅིག་བསྡུས་དཔལ་འབྱོར་རྩ་འཛུགས་ཀྱི་ཚོགས་མི་ཡོངས་ཀྱིས་ཐུན་མོང་གིས་བགོ་བྱ་རྒྱག་དགོས།   《ཞིང་སྡེ་དང་འབྲེལ་བ་ཡོད་པའི་ས་ཞིང་འགན་ལེན་རྩོད་གཞིའི་གྱོད་དོན་འདྲི་རྟོག་ཞིབ་བཤེར་བྱེད་པར་ཁྲིམས་ལུགས་བཀོལ་སྤྱོད་བྱེད་པའི་ཐད་ཀྱི་གནད་དོན》ལས་དོན་ཚན24གཏན་འབེབས་ལྟར་ན།     ཞིང་སྡེའི་གཅིག་བསྡུས་དཔལ་འབྱོར་རྩ་འཛུགས་སམ་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཚོགས་མི་དང་སྡེ་མིའི་ཚན་ཆུང་གིས་ཁྲིམས་ལུགས་ཀྱི་གཏན་འབེབས་བྱས་པའི་དམངས་གཙོའི་གྲོས་ཐག་བཅད་པའི་གོ་རིམ་ལྟར།  གཅིག་བསྡུས་དཔལ་འབྱོར་རྩ་འཛུགས་ནང་ཁུལ་ནས་བགོ་བྱ་རྒྱག་པའི་ས་ཞིང་གི་ཁ་གསབ་དངུལ་གཏན་འཁེལ་བྱས་ཆོག    བསྡུ་སྤྱོད་ཁ་གསབ་བཀོད་སྒྲིག་ཇུས་གཞི་གཏན་འཁེལ་བྱེད་སྐབས་ཐེངས་དེའི་གཅིག་བསྡུས་དཔལ་འབྱོར་རྩ་འཛུགས་ཀྱི་ཚོགས་མིའི་ཐོབ་ཐང་ཡོད་པའི་མི་ཡོད་དགོས་ལ།  དེར་བསྟུན་གྱི་བགོ་བྱ་རྒྱག་པ་རྒྱབ་སྐྱོར་བྱེད་པར་རེ་ཞུ་བྱེད་དགོས།

9. རྩོད་གཞི་ཡོད་པའི་ས་ཞིང་གི་བདག་དབང་ཅི་ལྟར་གཏན་འཁེལ་བྱེད་དགོས།

ས་ཞིང་བདག་དབང་གཏན་འཁེལ་ཐོ་འགོད་ཁྲོད་ས་ཞིང་འགན་ལེན་ཚོང་གཉེར་དབང་ཆ་ལ་རྩོད་གཞི་བྱུང་ཚེ་གང་ཐུབ་ཀྱིས་འདུམ་འགྲིག་གི་སྒོ་ནས་ཐག་གཅོད་བྱེད་དགོས།  འདུམ་འགྲིག་བྱེད་མ་ཐུབ་ན་འདུམ་གཅོད་དང་གཏུགས་བཤེར་གོ་རིམ་བརྒྱུད་དགོས།  ཐག་གཅོད་བྱེད་མ་ཐུབ་ན་ས་ཞིང་བདག་དབང་གཏན་འཁེལ་གྱི་ཐོ་འགོད་གནས་སྐབས་སུ་འཇོག་དགོས་ལ་རྩོད་གཞི་ཐག་གཅོད་བྱས་རྗེས་ཡང་བསྐྱར་ས་ཞིང་བདག་དབང་གཏན་འཁེལ་ཐོ་འགོད་བྱེད་དགོས།

10ཚེ་ལས་འདས་འདས་པའི་ཞིང་བའི་བཞག་པའི་ས་ཞིང་གི་བདག་དབང་ཅི་ལྟར་གཏན་འཁེལ་བྱེད་དགོས།

ས་ཞིང་འགན་ལེན་ཚོང་གཉེར་འགན་ལེན་དུས་སྐབས་སུ་ཆུང་མ་དང་བྱིས་པ་མེད་པའི་ཁྱིམ་བདག་ཚེ་ལས་འདས་ཚེ་འགན་ལེན་ས་ཞིང་སྤྱི་ལ་སྤྲད་ནས་ཐག་གཅོད་བྱེད་དགོས། གལ་ཏེ་འགན་ལེན་ཁྱིམ་ཚང་གི་ཁྱིམ་མི་ཡོངས་ཚེ་ལས་འདས་བ་ཡིན་ན་འགན་ལེན་ས་ཞིང་ཁྲིམས་ལྟར་ཕྱིར་བསྡུ་དགོས་ཤིང་ས་ཞིང་གི་བདག་དབང་གཏན་འཁེལ་ཐོ་འགོད་བྱས་མི་ཆོག་ལ།  ཕྱིར་བསྡུས་པའི་ས་ཞིང་ཐུན་མོང་གི་ས་ཞིང་ནང་དུ་བཞག་ནས་དོ་དམ་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།