ཀྲུང་གོ་བོད་ཀྱི་དྲ་བ།

ལག་ཁྱེར་ཁ་པར་ལ་ད་དུང་བྱེད་ནུས་འདི་དག་ཡོད་པ་ཁྱོད་ཀྱིས་ཤེས་སམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2019-07-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དེང་སྐབས་སྤྱི་ཚོགས་འཕེལ་རྒྱས་སུ་སོང་བར་བསྟུན། མི་རྣམས་ཀྱི་འཚོ་བའི་ཆུ་ཚད་ཀྱང་དེ་བཞིན་གོང་འཕེལ་དུ་འགྲོ་བཞིན་ཡོད་པས། འཚོ་བའི་མཁོ་ཆས་ཉིན་ནས་ཟླ་དང་། ཟླ་ནས་ལོ་རེར་བསྟུད་མར་ཚོང་རར་ཐོན་གྱིན་ཡོད། མཁོ་ཆས་རིགས་ཀྱི་ནང་ནས་ཁ་པར་བེད་སྤྱོད་སྐབས་མཉམ་འཇོག་བྱ་དགོས་ས་མང་པོ་ཞིག་ཡོད། མི་མང་ཆེ་བས་ལག་ཁྱེར་ཁ་པར་གྱི“འཕུར་སྐྱོད་རྣམ་པ”(飞行模式)ནི་གནམ་གྲུར་སྡོད་དུས་མ་གཏོགས་དགོས་མཁོ་ཅི་ཡང་མེད་པར་འདོད་པ་དང་། དོན་དངོས་སུ་དེ་འདྲ་ཞིག་ཡིན་མིན་ཐད་ང་ཚོས་བསམ་བློ་གཏོང་དགོས། གཤམ་གྱི་ནང་དོན་ལ་གཟིགས་དང་གསལ་ཐག་ཆོད་ངེས།

གཅིག ཁ་པར་གྱི་འགྱེད་འཕྲོའི་གནད་དོན་ཐག་གཅོད་བྱ་ཐུབ།

གྲོགས་པོ་མང་པོ་ཞིག་དགོང་མོ་ཉལ་བའི་སྐབས་སུ་ལག་ཁྱེར་ཁ་པར་གྱི་སྒོ་མ་བརྒྱབ་ན་འགྱེད་འཕྲོ་འདུག་སྙམ་སྟེ་སེམས་བདེ་པོས་གཉིད་ཁུག་ཐུབ་ཀྱིན་མེད། ཡིན་ནའང་ལག་ཁྱེར་ཁ་པར་གྱི་སྒོ་རྒྱག་རྒྱུ་དང་སྒོ་ཕྱེ་རྒྱུར་སུན་སྣང་སྐྱེ་བཞིན་ཡོད།

གལ་སྲིད་ཁྱེད་ཀྱིས་སྔ་མོ་ནས“འཕུར་སྐྱོད་རྣམ་པ”ཡི་བྱེད་ནུས་ཤེས་ཡོད་ན། དེ་འདྲ་བྱེད་དགོས་དོན་ཅི་ལ་ཡོད། ཁ་པར“འཕུར་སྐྱོད་རྣམ་པ”རུ་བསྒྱུར་ན། གཉིད་སྐྱིད་པོ་ཞིག་ཡོང་ངེས་ཡིན། ང་ཚོས་ལག་ཁྱེར་ཁ་པར“འཕུར་སྐྱོད་རྣམ་པ”རུ་བསྒྱུར་རྗེས། ཁ་པར་གྱི་བརྡ་རྟགས་ནི་གཏོང་ལེན་མེད་པའི་རྣམ་པར་གནས་ཤིང་། འགྱེད་འཕྲོ་ཧ་ཅང་ཆུང་། གནས་སྟངས་འདི་འདྲའི་སྐབས་སུ་ཁ་པར་གྱི་གློག་གྲོན་ཆུང་བྱེད་ཐུབ་པར་མ་ཟད་འགྱེད་འཕྲོ་ཡང་ཆུང་དུ་གཏོང་ཐུབ་པས་གདམ་ག་ལེགས་པོ་ཞིག་ཡིན།

གཉིས།“འཕུར་སྐྱོད་རྣམ་པ”ཡི་སྐབས་སུ་ཁ་པར་གྱི་ཅོང་བརྡར་ཤུགས་རྐྱེན་མི་ཐེབས་པ།

ལག་ཁྱེར་ཁ་པར་གྱི་སྒོ་བརྒྱབ་རྗེས་ཅོང་བརྡས་ཀྱང་ལས་མཚམས་འཇོག་པའི་ཁ་པར་དེ་རིགས་ལ་མཚོན་ན། “འཕུར་སྐྱོད་རྣམ་པ”ནི་ཁོ་ཚོའི་ལེགས་སྐྱེས་ཡག་ཤོས་ཤིག་ཡིན།

གལ་སྲིད་ཁྱེད་ཀྱིས་ཁ་པར་གྱི་སྒོ་རྒྱག་འདོད་མེད་པར་མ་ཟད། ནམ་ཕྱེད་དུ་ཁ་པར་ཡོང་བའི་སྒྲ་སྣ་ཚོགས་ཀྱིས་གཉིད་ལས་དཀྲོགས་མི་འདོད་ན། ལག་ཁྱེར་ཁ་པར“འཕུར་སྐྱོད་རྣམ་པ”རུ་བསྒྱུར་རོགས། རྒྱུ་མཚན་ནི་ལག་ཁྱེར་ཁ་པར“འཕུར་སྐྱོད་རྣམ་པ”རུ་བསྒྱུར་རྗེས་ཁྱེད་ལ་དགོས་པའི་ཅོང་བརྡ་སྔར་བཞིན་དུས་ཚོད་ལྟར་གྲགས་ངེས་ཡིན།  

གསུམ། དྲ་རྒྱ་བསྐྱར་སྒྲིག་བྱེད་པ།

ཁ་པར་གྱི་བརྡ་རྟགས་ལེགས་པོ་མེད་པའི་སྐབས་སུ། མི་མང་ཆེ་བས་ཁ་པར་གྱི་སྒོ་ཡང་བསྐྱར་ཕྱེ་བཞིན་ཡོད། མ་གཞི་ད་དུང་དེ་ལས་སྟབས་བདེའི་ཐབས་ཤིག་ཡོད་དེ། དེ་ནི་ཁ་པར “འཕུར་སྐྱོད་རྣམ་པ”རུ་བསྒྱུར་ནས་སྐར་ཆ་འགའི་རྗེས་སུ་སྒོ་བརྒྱབ་པས་འཐུས།

འདི་ལྟར་ཁ་པར་གྱིས་བརྡ་རྟགས་དང་དྲ་རྒྱ་བསྐྱར་དུ་འཚོལ་བས། དེ་ནི་ལག་ཁྱེར་ཁ་པར་གྱི་སྒོ་ཡང་བསྐྱར་ཕྱེ་བའི་བྱེད་ནུས་དང་ཁྱད་པར་མེད་ལ། ད་དུང་དུས་ཚོད་དེ་བས་ཐུང་། དེ་མིན་སྐབས་ལ་ལར་ཁ་པར་གྲོན་དངུལ་ཆད་པ་དང་། གྲོན་དངུལ་བསྣན་རྗེས་སྔར་བཞིན་དྲ་རྒྱར་ཞུགས་མི་ཐུབ་པའི་གནས་ཚུལ་ལ་འཕྲད་སྐབས། ང་ཚོས་སྔར་བཞིན་ཁ་པར་དེ“འཕུར་སྐྱོད་རྣམ་པ”རུ་བསྒྱུར་ནས་སྐར་ཆ་ཁ་ཤས་འགོར་རྗེས་སྒོ་བརྒྱབ་པས་འཐུས།

བཞི། ཁ་པར་གྱི་གློག་གྲོན་ཆུང་ཐུབ་པ།

ཁ་པར་གྱིས་མཚམས་མེད་པར་བརྡ་རྟགས་བསྡུ་ལེན་བྱེད་པའི་གོ་རིམ་ནི་གྲོན་དངུལ་ཟད་གྲོན་ཆེ་བ་ཞིག་ཡིན་པ་དང་། ང་ཚོས་ཁ་པར་དེ“འཕུར་སྐྱོད་རྣམ་པ”རུ་བསྒྱུར་ན་གོ་རིམ་དེ་མེད་པར་གཏོང་བར་མ་ཟད། མ་ལག་གིས་ཀྱང་དྲ་རྒྱ་ནས་གཞི་གྲངས་ལེན་མཚམས་འཇོག་པས། གློག་གྲོན་ཆུང་ངེས་ཅན་བྱེད་ཐུབ། གལ་ཏེ་ཕྱི་རོལ་དུ་བསྐྱོད་སྐབས་ཁ་པར་གྱི་གློག་ཡོངས་སུ་ཟད་ལ་ཉེ་བ་མ་ཟད་གློག་གསོག་མི་བདེ་བའི་སྐབས་སུ། “འཕུར་སྐྱོད་རྣམ་པ”རུ་བསྒྱུར་རོགས།

གཞན་ད་དུང་ཁ་པར་ལ་གློག་གསོག་སྐབས“འཕུར་སྐྱོད་རྣམ་པ”རུ་བསྒྱུར་ན་གློག་གསོག་པའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་ཐུབ།

ལྔ། བློ་བདེ་པོས་དྲ་བར་ཞུགས་ཏེ་བར་ཆད་མེད་པར་བཟོ་བ།

བློ་བདེ་པོའི་ངང་ནས་རོལ་རྩེད་རྩེ་འདོད་པ་དང་ཁ་པར་སྣ་ཚོགས་ཀྱི་བར་ཆད་མེད་ན་སྙམ་པའི་སྐབས་སུ། “འཕུར་སྐྱོད་རྣམ་པ”རུ་བསྒྱུར་རོགས།“འཕུར་སྐྱོད་རྣམ་པ” ཡི་སྐབས་སུ་དྲ་རྒྱ་རང་འགུལ་གྱིས་གཅོད་སྲིད་མོད། ཡིན་ནའང་ཁྱེད་རང་ནསwifiམནན་ནས་ཡང་བསྐྱརwifiཡི་སྒོ་ཕྱེ་ཆོག བརྙན་འཕྲིན་ལ་ལྟ་བ་དང་རོལ་རྩེད་རྩེ་བའི་སྐབས་སུ“འཕུར་སྐྱོད་རྣམ་པ”ནི་ཁྱེད་ཀྱི་གྲོགས་སུ་འགྱུར་ཐུབ།

དྲུག བྱིས་པས་ཁ་པར་རྩེ་རྒྱུ་འགོག་པ།

བྱིས་པ་མང་པོས་ཁྱིམ་བདག་གི་ཁ་པར་བཟུང་ནས་རོལ་རྩེད་རྩེ་བཞིན་ཡོད་པས། ཁྱིམ་བདག་ཚོས་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད། གལ་སྲིད་ངེས་པར་དུ་བྱིས་པར་ཁ་པར་རྩེ་མཚམས་འཇོག་ཏུ་འཇུག་དགོས་པར་འཕྲད་སྐབས། ཁ་པར་དེ“འཕུར་སྐྱོད་རྣམ་པ”རུ་བསྒྱུར་རྒྱུ་ནི་ཐབས་ལེགས་ཤོས་ཤིག་ཡིན་སྲིད། དེ་ལྟར་ཁ་པར་ལ་སྤོ་འགུལ་གཞི་གྲངས་མེད་པས། འཕྲིན་ཐུང་བསྐུར་མི་ཐུབ་ལ་ཁ་པར་ཡང་རྒྱག་མི་ཐུབ། གཞན་གང་འདོད་དུ་དྲ་རྒྱར་ཞུགས་ཏེ་བཞུར་ཚད་བཀོལ་སྤྱོད་བྱེད་པར་སྐྲག་མི་དགོས་ཤིང་། མི་གཞན་ལ་ཁ་པར་དང་འཕྲིན་ཐུང་བསྐུར་ཏེ་རྙོག་དྲ་བཟོ་རྒྱུར་ཡང་སྐྲག་མི་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།