ཀྲུང་གོ་བོད་ཀྱི་དྲ་བ།

ཕྱུགས་རིགས་ཀྱི་ལོ་གྲངས་མཚོན་པའི་མིང་གི་རྣམ་གྲངས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-01-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1514863578227261.jpg

རྟའི་སྐོར།

ལོ་གཅིག་ཅན་ལ་རྟེའུ་དང་མོ་རྟེའུ་ཟེར།།

ལོ་གཉིས་ཅན་ལ་ཐོ་རུ་དང་ཐོ་མོ་དང་།།

ལོ་གསུམ་ཅན་ལ་རྒྱེའུ་དང་རྒྱ་མོ་ཟེར།།

ལོ་བཞི་ཅན་ལ་ཕོག་བཞི་ཟེར་བ་དང་།།

ལོ་ལྔ་ཅན་ལ་ན་སོ་གཅིག་པ་དང་།།

ལོ་དྲུག་ཅན་ལ་ན་སོ་གསུམ་པ་ཟེར།།

དེ་ལྟར་བགྲང་ན་རྟ་ཡི་ལོ་གྲངས་ངེས།།

1514863578694797.jpg

ཟོག་གི་སྐོར།

 ལོ་གཅིག་ཅན་ལ་བེའུ་དང་མོ་བེའུ་ཟེར།།

 ལོ་གཉིས་ཅན་ལ་ཡ་རུ་དང་ཡ་མོ་དང་།།

 ལོ་གསུམ་ཅན་ལ་ཤད་དང་ཤད་མོ་དང་།།

 ལོ་བཞི་ཅན་ལ་སོ་གཉིས་སོ་གཉིས་མ།།

ལོ་ལྔ་ཅན་ལ་སོ་བཞི་སོ་བཞི་མ།།

ལོ་དྲུག་ཅན་ལ་སོ་དྲུག་སོ་དྲུག་མ།།

ལོ་བདུན་ཅན་ལ་ཁ་གང་ཁ་གང་མ།།

ཁ་གཉིས་ཁ་གསུམ་ཞེས་པའི་མིང་བགྲངས་ན།།

ཟོག་གི་སྐོར་གྱི་ལོ་གྲངས་ཡིན་པར་ངེས།།

1514863578165595.jpg

ལུག་གི་སྐོར།

ལོ་གཅིག་ཅན་ལ་ལུ་གུ་མོ་ལུག་དང་།།

ལོ་གཉིས་ཅན་ལ་ལག་ག་ལག་མོ་དང་།།

ལོ་གསུམ་ཅན་ལ་ཐོང་བ་འཚེར་མོ་དང་།།

ལོ་བཞི་ཅན་ལ་སོ་གཉིས་སོ་གཉིས་མ།།

ལོ་ལྔ་ཅན་ལ་སོ་བཞི་སོ་བཞི་མ།།

ལོ་དྲུག་ཅན་ལ་སོ་དྲུག་སོ་དྲུག་མ།།

ལོ་བདུན་ཅན་ལ་ཁ་གང་དང་།།

ཁ་གཉིས་ཁ་གསུམ་ཞེས་པ་བཅས།།

ལུག་གི་ལོ་ཚད་རྩི་ཚུལ་ཡིན།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།