ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཆབ་མདོའི་ཝ་རྭ་དགོན་གྱི་གེ་སར་ལྡེབས་རིས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1505371332142718.jpg

བོད་ལྗོངས་ཆབ་མདོའི་ཝ་རྭ་དགོན།

ཝ་རྭ་དགོན་ནི་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཆའི་འཇོ་མདའ་རྫོང་ཐང་ཕུགས་ཞང་གི་མངའ་ཁོངས་སུ་གཏོགས་ཤིང་རྫོང་མཁར་ནས་སྤྱི་ལེ་ཉེར་ལྔའི་མཚམས་སུ་ཆགས། དགོན་པ་འདི་ལོ་རྒྱུས་ཀྱི་ངོས་ཐད་ནས་བཤད་ན། མཁས་གྲུབ་ཆོས་རྒྱལ་འཕགས་པས་བཞེངས་ཤིང་ད་བར་ལོ་ངོ་བདུན་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པར་བཤད། 

དགོན་པ་དེའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀརྨ་མི་འགྱུར་གྱིས་བཤད་པ་ལ། མཁས་གྲུབ་ཆོས་རྒྱལ་འཕགས་པ་མཚམས་ལ་བསྡད་པའི་སྐབས་སུ་གེ་སར་རྒྱལ་པོ་གཙོ་བྱས་པའི་དཔའ་རྟུལ་སུམ་ཅུའི་གཟུགས་བརྙན་ཡིད་ལ་དབང་མེད་དུ་ཤར་སྟེ་ལྷ་རིས་པ་གདན་འདྲེན་བྱས་ནས་གེ་སར་གྱི་གསོན་ཉམས་ལྡན་པའི་ལྡེབས་རིས་བྲིས་པ་ལགས། ཆབ་མདོའི་རིག་རྫས་སྡེ་ཁག་གིས་དགོན་པ་འདིའི་ལྡེབས་རིས་ལ་ཞིབ་འཇུག་བྱས་པ་ལྟར་ན། གེ་སར་གྱི་ལྡེབས་རིས་འདི་ད་སྔ་མདོ་དབུས་ཁམས་གསུམ་ན་ནང་དོན་ཕུན་སུམ་ཚོགས་ཤིང་བྲིས་ལེགས་པ་དང་། ཐུན་མོང་མ་ཡིན་པའི་ལྡེབས་རིས་ཤིག་ཡིན། དེར་རིག་གནས་དང་ལོ་རྒྱུས་ཀྱི་རིན་ཐང་ངེས་ཅན་ལྡན་ པར་བཤད། བཤད་རྒྱུན་ལ་དགོན་པ་ཡོད་སའི་ལུང་ཁོག་དེ་ན་གེ་སར་རྒྱལ་པོའི་འགྱིག་འདེབས་སའི་འགྱིག་རིས་དང་། འབྲུག་མོའི་ཐེམ་སྐས། རྡོ་བརྐོས་སོགས་དང་། ལུང་ཁོག་དེའི་བྲག་སྐེད་ན་གེ་སར་གྱི་བྲག་ཕུག་ཡོད་པ་དེར་དམངས་ཁྲོད་དུ་གེ་སར་རྒྱལ་པོས་བདུད་བཏུལ་པའི་བྲག་ཕུག་ཡིན་པར་བརྗོད།

ཆབ་འགག་ཇོ་རུའི་རིག་གནས་འཕྲིན་སྟེགས་ལས་བཤུས། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།