ཀྲུང་གོ་བོད་ཀྱི་དྲ་བ།

བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས།

ཡོང་ཁུངས། : ​མཚོ་སྔོན་སྲིད་གཞུང་དྲ་བ།       སྤེལ་དུས། : 2016-09-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(1992ལོའི་ཟླ་4ཚེས་3ཉིན་ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བདུན་པའི་གྲོས་ཚོགས་ཐེངས་ལྔ་པའི་ཐོགགྲོས་འཆམ་བྱུང་།2005ལོའི་ཟླ་བརྒྱད་པའི་ཚེས་28ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་གྲོས་ཚོགས་ཐེངས་བཅུ་བདུན་པའི་ཐོག་གི་′བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མྭན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན་ལ་གཞིགས་ཏེ་དག་བཅོས་བྱས།)  

ལེའུ་དང་པོ། སྤྱིའི་དོན་ཚན།   

དོན་ཚན་དང་པོ། བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་དང་།སྐྱེས་པ་དང་བུད་མེད་འདྲ་མཉམ་ཡོང་བར་སྐུལ་འདེད། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཚུགས་སྐྲུན་བྱེད་པའི་ནང་བུད་མེད་ཀྱི་ནུས་བ་འདོན་སྤེལ་གང་ལེགས་བཅས་བྱེད་ཆེད་རྩ་ཁྲིམས་དང་རང་རྒྱལ་གྱི་གནས་ཚུལ་དངོས་ལ་གཞིགས་ནས་བཅའ་ཁྲིམས་འདི་གཏན་ལ་ཕབ་པ་ཡིན།   

དོན་ཚན་གཉིས་པ། ཆབ་སྲིད་དང་། དཔལ་འབྱོར།རིག་གནས། ཁྱིམ་ཚང་གི་འཚོ་བ་ལ་སོགས་པའི་ཐད་ནས་བུད་མེད་རྣམས་ལ་སྐྱེས་པ་དང་འདྲ་མཉམ་གྱི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད།   སྐྱེས་པ་དང་བུད་མེད་འདྲ་མཉམ་ཡོང་བར་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་གཞི་རྩའི་རྒྱལ་ཇུས་ཡིན།རྒྱལ་ཡོངས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱ་རྒྱུའི་ལམ་ལུགས་ཁག་མུ་མཐུད་དེ་འཐུས་སྒོ་ཚང་དུ་བཏང་ནས།བུད་མེད་ལ་རྣམ་པ་སྣ་མང་གི་མཐོང་ཆུང་བྱེད་རིགས་སེལ་དགོས།   བཅའ་ཁྲིམས་ལྟར་ལོངས་སུ་སྤྱོད་རྒྱུ་ཡོད་པའི་བུད་མེད་ཀྱི་དམིགས་བསལ་ཁེ་དབང་རྒྱལ་ཁབ་ཀྱིས་སྲུང་སྐྱོང་བྱ་རྒྱུ།   བུད་མེད་ལ་མཐོང་ཆུང་དང་།མནར་གཅོད་གཏོང་བ།སྐྱུར་བ།གནོད་འཚེ་གཏོང་བ་བཅས་བྱེད་རིགས་གཏན་འགོག་བྱ་རྒྱུ། 

དོན་ཚན་གསུམ་པ།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་གོའི་བུད་མེད་ཡར་རྒྱས་གཏོང་རྒྱུའི་རྩ་གནད་གཏན་འབེབས་བྱ་རྒྱུ་མ་ཟད།དེ་ཉིད་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་འགོད་ནང་དུ་བཙུད་དགོས།   རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་ཀྲུང་གོའི་བུད་མེད་ཡར་རྒྱས་གཏོང་རྒྱུའི་སྐོར་གྱི་རྩ་གནད་ལ་གཞིགས་ཏེ།སྲིད་འཛིན་ས་ཁུལ་དེ་གའིབུད་མེད་ཡར་རྒྱས་གཏོང་རྒྱུའི་སྐོར་གྱི་འཆར་འགོད་གཏན་འབེབས་བྱ་རྒྱུ་མ་ཟད།དེ་ཉིད་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་འགོད་ནང་དུ་བཙུད་དགོས

དོན་ཚན་བཞི་པ། བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་རྒྱུ་ནི་སྤྱི་ཚོགས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན།རྒྱལ་ཁབ་གཞུང་གི་ལས་ཁུངས་དང་།སྤྱིཚོགས་ཀྱི་ཚོགས་པ།ཁེ་ལས་དང་བྱ་ལས་སྡེ་ཚན།གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་མང་ཚོགས་རང་བཞིན་ལྡན་པའི་རང་སྐྱོང་རྩ་འཛུགས་དག་གིས་བཅའ་ཁྲིམས་འདི་དང་འབྲེལ་ཡོད་བཅའ་ཁྲིམས་ནངའཁོད་གཏན་འབེབས་ལ་གཞིགས་ནས་བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱ་དགོས།   བུད་མེད་ཀྱིས་ཁྲིམས་མཐུན་ལྟར་ཁེ་དབང་སྤྱོད་པར་རྒྱལ་ཁབ་ཀྱིས་བྱེད་ཐབས་གོ་ཆོད་སྤྱད་དེ་དགོས་ངེས་ཀྱི་ཆ་རྐྱེན་འདོན་རྒྱུ།  

དོན་ཚན་ལྔ་བ། བུ་མེད་ཀྱིས་རང་བརྩི་རང་བཀུར་དང་།རང་ལ་ཡིད་ཆེས།རང་མགོ་རང་མཐོ།རང་སྤོབས་རང་བསྐྱེད་བཅས་བྱས་ཏེབཅའ་ཁྲིམས་ལ་བརྩི་སྲུང་དང་།སྤྱི་ཚོགས་ཀྱི་སྤྱོད་བཟང་ལ་བརྩི་འཇོགབཅའ་ཁྲིམས་ནང་གཏན་ལ་ཕབ་པའི་འོས་འགན་སྒྲུབ་པ་དང་བཅས་བྱ་དགོས།   

དོན་ཚན་དྲུག་པ། མི་དམངས་སྲིད་གཞུང་རིམ་ཁག་གིས་བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་ཕྱོགས་ཀྱི་ལས་དོན་ལ་མཐོང་ཆེན་དང་ཤུག་སྣོན་རྒྱག་དགོས།   རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བུད་མེད་དང་བྱིས་པའི་ལས་དོན་འགན་འཁུར་ཀྱིས་འབྲེལ་ཡོད་སྡེ་ཁག་ལ་བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་པའི་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྒྲིག་འཛུགས་དང་། མཐུན་འགྲིགམཛུབ་སྟོན།ལྟ་སྐུལ་བཅས་བྱེད་པའི་འགན་འཁུར་དགོས།   རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་རང་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱ་རྒྱུའི་ལས་དོན་ལེགས་པོ་བསྒྲུབ་དགོས།   

དོན་ཚན་བདུན་པ། ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ས་གནས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རིམ་པ་ཁག་གི་བཅའ་ཁྲིམས་དང་ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་ཡིག་ལ་གཞིགས་ནས།མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་ཚོའི་ཁེ་ཕན་གྱི་མཚོན་བྱེད་དང་སྲུང་སྐྱོང་བྱས་ཏེ་བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་པའི་ལས་དོན་ལེགས་པོ་བསྒྲུབ་དགོས།   

དོན་ཚན་བརྒྱད་པ། བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པར་བྱས་རྗེས་མངོན་གསལ་དོད་པོ་འཇོག་པའི་རྩ་འཇུགས་དང་སྐྱེ་བོར་མི་དམངས་སྲིད་གཞུང་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་བསྟོད་བསྔགས་བྱ་དགོས་པ་དང་བྱ་དགའ་སྤྲོད་དགོས།  

ལེའུ་གཉིས་པ། ཆབ་སྲིད་ཐབ་ད་ཀྱི་ཁེ་དབང་།   

དོན་ཚན་དགུ་པ། རྒྱལ་ཁབ་ཀྱིས་བུད་མེད་ལ་སྐྱེས་པ་དང་འདྲ་མཉམ་གྱི་ཆབ་སྲིད་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད་པའི་འགན་སྲུང་བྱ་དགོས།   

དོན་ཚན་བཅུ་པ། བུད་མེད་རྣམས་ལཐབས་ལམ་དང་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་ལས་དོན་བདག་སྐྱོང་དང་།དཔལ་འབྱོར་དང་རག་གནས་བྱ་གཞག་བདག་སྐྱོང་།སྤྱི་ཚོགས་ལས་དོན་བདག་སྐྱོང་བཅས་བྱེད་པའི་དབང་ཆ་ཡོད།   བཅའ་ཁྲིམས་དང་།ཁྲིམས་སྲོལ།སྒྲིག་སྲོལ།སྤྱི་པའི་སྲིད་ཇུས་བཅས་གཏན་འབེབས་བྱེད་སྐབས།བུད་མེད་ཀྱི་ཁེ་དབང་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་དང་འཕྲད་ཚེ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་དགོང་འཆར་གསན་འཇོག་བྱ་དགོས།   བུད་མེད་དང་བུད་མེད་རྩ་འཛུགས་ཀྱིས་རིམ་པ་ཁག་གི་རྒྱལ་ཁབ་ལས་ཁུངས་ལ་བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་ཕྱོགས་ཐད་ཀྱི་དགོངས་འཆར་དང་གྲོས་འགོ་འདོན་དབང་ཡོད།   

དོན་ཚན་བཅུ་གཅིག་པ། བུད་མེད་རྣམས་ལ་སྐྱེས་པ་དང་འདྲ་མཉམ་དུ་འདེམས་བསྐོ་བྱེད་དབང་དང་གདམ་བྱའི་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད།   རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་ས་གནས་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་གིའཐུས་མིའི་ནང་བུད་མེད་འཐུས་མིའི་ཁ་གྲངས་འོས་འཚམ་ཡོད་དགོས།རྒྱལ་ཁབ་ཀྱིས་བྱེད་ཐབས་སྤྱད་དེ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་ས་གནས་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་ནང་གི་བུད་མེད་འཐུས་མིའི་བསྡུར་ཚད་རིམ་བཞིན་མཐོ་རུ་གཏོང་དགོས།   གྲོང་མི་ཨུ་ཡོན་ལྷན་ཁང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་བུད་མེད་མི་གྲངས་འོས་འཚམ་ཡོད་དགོས།   

དོན་ཚན་བཅུ་གཉིས། རྒྱལ་ཁབ་ནས་བུད་མེད་ལས་བྱེད་པ་གསོ་སྐྱོང་དང་གདམ་གསེས་གནས་སྤར་ཧུར་ཐག་བྱ་རྒྱུ།   རྒྱལ་ཁབ་གཞུང་གི་ལས་ཁུངས་དང་།སྤྱི་ཚོགས་ཀྱི་ཚོགས་པ།ཁེ་ལས་དང་བྱ་ལས་སྡེ་ཚན་བཅས་ཀྱི་ལས་བྱེད་པ་གསོ་སྐྱོང་དང་།འདེམས་བསྐོ།བཀོལ་སྤྱོད་བཅས་བྱེད་དུས་སྐྱེས་པ་དང་བུད་མེད་འདྲ་མཉམ་ཡིན་པའི་རྩ་དོན་ངེས་པར་དུ་རྒྱུན་འཁྱོངས་བྱ་དགོས་པ་མ་ཟད།འགོ་ཁྲིད་པའི་འགན་འཁུར་ཁོངས་མིའི་ཁྲོད་དུ་བུད་མེད་ཀྱི་གྲངས་ཚད་འོས་འཚམ་ཡོད་དགོས།   རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་བུད་མེད་ལས་བྱེད་པ་གསོ་སྐྱོང་དང་གདམ་གསེས་གནས་སྤར་བྱ་རྒྱུར་མཐོང་ཆེན་བྱ་དགོས།  

དོན་ཚན་བཅུ་གཉིས་པ། རྒྱལ་ཁབ་ནས་བུད་མེད་ལས་བྱེད་པ་གསོ་སྐྱོང་དང་གདམ་གསེས་གནས་སྤར་ཧུར་ཐག་བྱ་དགོས།   རྒྱལ་ཁབ་གཞུང་གི་ལས་ཁུངས་དང་།སྤྱི་ཚོགས་ཀྱི་ཚོགས་པ།ཁེ་ལས་དང་བྱ་ལས་སྡེ་ཚན་བཅས་ཀྱིས་ལས་བྱེད་པ་གསོ་སྐྱོང་དང་།འདེམས་བསྐོ།བཀོལ་སྤྱོད་བཅས་བྱེད་དུས་སྐྱེས་པ་དང་བུད་མེད་འདྲ་མཉམ་ཡིན་པའི་རྩ་དོན་ངེས་པར་དུ་རྒྱུན་འཁྱོངས་བྱ་དགོས་པ་མ་ཟད།འགོ་ཁྲིད་པའི་འགན་འཁུར་ཁོངས་མིའི་ཁྲོད་དུ་བུད་མེད་ཀྱི་གྲངས་ཚད་འོས་འཚམ་ཡོད་དགོས།   རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་བུད་མེད་ལས་བྱེད་པ་གསོ་སྐྱོང་དང་གདམ་གསེས་གནས་སྤར་བྱ་རྒྱུར་མཐོང་ཆེན་བྱ་དགོས།   

དོན་ཚན་བཅུ་གསུམ་པ། ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ས་གནས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རིམ་པ་ཁག་གིས་བུད་མེད་ཀྱི་ཚབ་ཏུ་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་ལས་དོན་དག་ལ་དམངས་གཙོ་དོ་དམ།དམངས་གཙོ་ལྟ་སྐུལ་བཅས་བྱེད་པར་ཧུར་བརྩོན་ཆེན་པོས་ཞུགས་དགོས།   བུད་མེད་མཉམ་འབྲེལ་ལྷན་ཚོགས་རིམ་པ་ཁག་དང་དེའི་ཁོངས་ཀྱི་ཚོགས་པ་དག་གིས་རྒྱལ་ཁབ་གཞུང་གི་ལས་ཁུངས་དང་།སྤྱི་ཚོགས་ཀྱི་ཚོགས་པ།ཁེ་ལས་དང་བྱ་ལས་སྡེ་ཚན་བཅས་ལ་བུད་མེད་ལས་བྱེད་པ་འོས་སྦྱོར་བྱས་ཆོག   

དོན་ཚན་བཅུ་བཞི་པ། བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་ལུགས་སྐོར་གྱི་སྐྱོན་བརྗོད་དམ་ལུགས་དང་མཐུན་པའི་གྲོས་འཆར་རྣམས་འབྲེལ་ཡོད་སྡེ་ཁག་གིས་ཉམས་འཇོགདང་དང་ལེན་བྱ་དགོས།བུད་མེད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་བའི་སྐོར་གྱི་གནས་ལུགས་ཞུ་བ་དང་།ཞུ་གཏུགཐེར་འདོན་བཅས་བྱེད་རིགས་འབྲེལ་ཡོད་སྡེ་ཁག་གིས་ངེས་པར་དུ་དོན་དངོས་རྩད་གཅོད་དང་ཐག་གཅོད་བྱེད་འགན་འཁུར་དགོས་ཤིང་།རྩ་འཛུགས་གང་ཞིག་དང་ཡང་ན་སྐྱིེ་བོ་སུས་ཀྱང་བཀག་འགོག་གམ་རྡུང་རྡེག་འཁོན་སློག་བྱས་མི་ཆོག   

ལེའུ་གསུམ་པ། རིག་གནས་དང་སློབ་གསོའི་ཐད་ཀྱི་ཁེ་དབང།   

དོན་ཚན་བཅོ་ལྔ་པ།རྒྱལ་ཁབ་ཀྱིས་བུད་མེད་རྣམས་ལ་སྐྱེས་པ་དང་འདྲ་མཉམ་གྱི་རིག་གནས་སློབ་གནས་སློབ་གསོ་ཐོབ་དབང་ཡོད་པའི་འགན་སྲུང་བྱ་རྒྱུ།   

དོན་ཚན་བཅུ་དྲུག་པ། སློབ་གྲྭ་དང་འབྲེལ་ཡོད་སྡེ་ཁག་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལག་ལེན་བསྟར་ནས་བུད་མེད་སློབ་གྲྭར་ཞུགས་པ་དང་།སློབ་རིམ་སྤོར་བ།སློབ་ཐོན་ལས་བགོས།ཡོན་གནས་སྤྲོད་པ།ཕྱི་རྒྱལ་དུ་སློབ་སྦྱོང་ལ་གཏོང་བ་སོགས་ཀྱི་ཐད་སྐྱེས་པ་དང་འདྲ་མཉམ་གྱི་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད་པའི་འགན་སྲུང་བྱ་དགོས།   སློབ་གྲྭས་སློབ་མ་བསྡུ་རིང་དུ་དམིགས་བསལ་གྱི་ཆེད་སྦྱོང་ཕུད།ཕོ་མོའི་དབྱེ་བ་ཕྱེ་ནས་བུད་མེད་མི་བསྡུ་བའམ་བུད་མེད་ལ་སློབ་བསྡུའི་ཚད་གཞི་མཐོ་རུ་གཏོང་རིགས་བྱས་མི་ཆོག   

དོན་ཚན་བཅུ་བདུན་པ། སློབ་གྲྭས་ཕྲུ་གུ་བུ་མོའི་ཁྱད་ཆོས་ལ་གཞིགས་ཏེ་སློབ་གསོ་དང་བདག་སྐྱོང་བྱེད་ལུགས་དང་སྒྲིག་བཀོད་བཅས་ཀྱི་ཐད་ལ་ཐབས་ཤེས་སྤྱད་ནས་ཕྲུ་གུ་བུ་མོའི་ལུས་སེམས་གཉིས་བདེའི་ངང་འཚར་ལོངས་ཡོང་བའི་འགན་སྲུང་བྱ་དགོས།

དོན་ཚན་བཅོ་བརྒྱད་པ། ཕ་མའམ་ལྟ་སྐུལ་སྐྱོང་བྱེད་མི་གཞན་དག་གིས་སློབ་ལོ་རན་པའི་ཕྲུ་གུ་བུ་མོ་ཚོར་འོས་འགན་སློབ་གསོ་འཐོབ་པའི་འགན་སྲུང་བྱ་རྒྱུའི་འོས་འགན་ངེས་པར་དུ་བསྒྲུབ་དགོས།   ནད་ཡོད་པའམ་ཡང་ན་དམིགས་བསལ་གྱི་གནས་ཚུལ་གཞན་དག་ཡོད་པའི་དབང་གིས་ས་གནས་དེ་གའི་མི་དམངས་སྲིད་གཞུང་ནས་ཆོགམཆན་ཐོབ་རིགས་ཕུད་སློབ་ལོ་རན་པའི་ཕྲུ་གུ་བུ་མོ་སློབ་གྲྭར་མི་གཏོང་བའི་ཕ་མའམ་ཡང་ན་ལྟ་སྐྱོང་བྱེད་མི་གཞན་པར་ས་གནས་དེ་གའི་མི་དམངས་སྲིད་གཞུང་གིས་སྐྱོན་བརྗོད་དང་སློབ་གསོ་རྒྱག་རྒྱུ་དང་འབྲེལ་བྱེད་ཐབས་ནུས་ལྡན་བཟུང་ནས་སློབ་ལོ་རན་པའི་ཕྲུ་གུ་བུ་མོ་སློབ་གྲྭར་གཏོང་འགན་དཀྲི་རྒྱུ།   སྲིད་གཞུང་དང་།སྤྱི་ཚོགས།སློབ་གྲྭ་བཅས་ཀྱིས་བྱེད་ཐབས་ནུས་ལྡན་སྤྱད་དེ།ལོ་ན་རན་པའི་ན་ཆུང་བུ་མོ་སློབ་གྲྭར་ཞུགས་དཀའ་བའི་གནས་ཚུལ་དངོས་ཐག་གཅོད་བྱ་དགོས་པ་མ་ཟད།ཆ་རྐྱེན་སྐྲུན་ནས་དབུལ་ཕོངས་དང་།དབང་བོ་སྐྱོན་ཅན།ཕྱོགས་འགྲུལ་པའི་ཁྲོད་ཀྱི་ལོ་ན་རན་པའི་ན་ཆུང་བུ་མོ་ཚོའི་འོས་འགན་སློབ་གསོ་ལེགས་འགྲུབ་ཡོང་བའི་འགན་ལེན་བྱ་དགོས།   

དོན་ཚན་བཅུ་དགུ་པ། མི་དམངས་སྲིད་གཞུང་རིམ་པ་ཁག་གིས་གཏན་འབེབས་ལྟར་བུད་མེད་ནང་གི་ཡིག་རྨོངས་དང་ཡིག་རྨོངས་ཕྱེད་ཙམ་སེལ་བའི་ལས་དོན་དེ་ཡིག་རྨོངས་སེལ་བ་དང་ཡིག་རྨོངས་བསལ་རྗེས་མུ་མཐུད་སློབ་གསོ་གཏོང་རྒྱུའི་འཆར་གཞིའི་ནང་བཅུག་ནས་བུད་མེད་ཀྱི་ཁྱད་ཆོས་དང་མཐུན་པའི་རྩ་འཛུགས་ཀྱི་རྣམ་པ་དང་ལས་ཀའི་བྱེད་ཐབས་བཟུང་ནས་འབྲེལ་ཡོད་སྡེ་ཁག་གིས་དངོས་སུ་དོན་འཁྱོལ་བྱེད་པའི་སྒྲིག་འཛུགས་དང་ལྟ་སྐུལ་བྱ་དགོས།   

དོན་ཚན་ཉི་ཤུ་པ། མི་དམངས་སྲིད་གཞུང་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་བྱེད་ཐབས་སྤྱད་དེ།གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་བཅས་ཀྱི་བུད་མེད་ཀྱི་དགོས་མཁོར་གཞིགས་ཏེ།བུད་མེད་ཚོར་ལས་རིགས་ཀྱི་སློབ་གསོ་ལེན་དུ་འཇུག་པ་དང་སྤྱོད་གོ་ཆོད་པའི་ལག་རྩལ་སྦྱོང་བརྡར་གྱི་སྒྲིག་འཛུགས་བྱ་དགོས།   
    དོན་ཚན་ཉེར་གཅིག་པ། རྒྱལ་ཁབ་གཞུང་གི་ལས་ཁུངས་དང་། སྤྱི་ཚོགས་ཀྱི་ཚོགས་པ། ཁེ་ལས་དང་བྱ་ལས་སྡེ་ཚན་བཅས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལག་བསྟར་བྱས་ནས་བུད་མེད་རྣམས་ཚན་རིག་དང་། ལག་རྩལ།རྩོམ་རིགསྒྱུ་རྩལ་བཅས་དང་རིག་གནས་ཀྱི་ལས་སྒོ་གཞན་དག་སྒྲུབ་པར་སྐྱེས་པ་དང་འདྲ་མཉམ་གྱི་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད་པའི་འགན་ལེན་བྱ་དགོས

ལེའུ་བཞི་པ།ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་ཐད་ཀྱི་ཁེ་དབང་།   

དོན་ཚན་ཉེར་གཉིས་པ། རྒྱལ་ཁབ་ཀྱིས་བུད་མེད་རྣམས་སྐྱེས་པ་དང་འདྲ་མཉམ་གྱི་ངལ་རྩོལ་བྱེད་དབང་དང་སྤྱི་ཚོགས་འགན་སྲུང་བྱེད་དབང་ལོངས་སུ་སྤྱོད་རྒྱུ་ཡོད་པའི་འགན་ལེན་བྱ་རྒྱུ། 

དོན་ཚན་ཉེར་གསུམ་པ། སྡེ་ཚན་ཁག་གིས་ལས་བཟོ་པ་བསྡུ་སྐབས་བུད་མེད་རྣམས་ལ་མི་འའཚམ་པའི་ལས་རིགས་སམ་ལས་གནས་ཕུད་ཕོ་མོའི་དབྱེ་བར་ཁ་གཡར་ནས་བུད་མེད་མི་བསྡུ་བའམ་བུད་མེད་བསྡུ་རྒྱུའི་ཚད་གཞི་མཐོ་རུ་གཏོང་རིགས་བྱས་མི་ཆོག   སྡེ་ཚན་ཁག་གིས་བུད་མེད་ལས་བཟོ་པ་བསྡུ་སྐབས་ཁྲིམས་མཐུན་ལྟར་དེ་དང་ངལ་རྩོལ་(གདན་ཞུ)གན་རྒྱའམ་ཞབས་ཞུའི་གྲོས་མཐུན་ནང་བུད་མེད་ལས་བཟོ་པར་གཉེན་སྒྲིག་དང་བུ་བཙའི་ནང་དོན་སྐོར་གྱི་ཚོད་འཛིན་བཀག་འགོག་བྱ་དགོས།       

དོན་ཚན་ཉེར་བཞི་པ། སྐྱེས་པ་དང་བུད་མེད་ལས་ཀ་འདྲ་བར་ཐོབ་ཆ་འདྲ་བ་སྤྲོད་དགོས་པ་དང་།ཕན་བདེའི་ཐོབ་ཆ་ལོངས་སུ་སྤྱོད་རྒྱུའི་ཐད་བུད་མེད་ལ་སྐྱེས་པ་དང་འདྲ་མཉམ་གྱི་ཁེ་དབང་ཡོད་དགོས།       

དོན་ཚན་ཉེར་ལྔ་པ། གོ་གནས་སྤོར་བ་དང་།རིམ་པ་སྤོར་བ།ཆེད་ལས་ལག་རྩལ་གྱི་གོ་གནས་དཔྱད་བསྡུར་གཏན་འབེབས་བྱེད་པ་ལ་སོགས་པའི་ཐད་སྐྱེས་པ་དང་མཐོང་ཆུང་བྱས་མི་ཆོག  

དོན་ཚན་ཉེར་དྲུག་པ། སྡེ་ཚན་གང་ཡིན་ལ་མ་བལྟོས་པར་ཚང་མས་བུད་མེད་ཀྱི་ཁྱད་ཆོས་ལ་གཞིགས་ནས་ཁྲིམས་མཐུན་ལྟར་བུད་མེད་རྣམས་ལས་ཀ་དང་ངལ་རྩོལ་བྱེད་དུས་ཀྱི་བདེ་འཇགས་དང་བདེ་ཐང་ལ་འགན་སྲུང་བྱ་དགོས་པ་ལས་བུད་མེད་ཚོར་མི་འཚམ་པའི་ལས་ཀ་དང་ངལ་རྩོལ་བཀོལ་སྒྲིག་བྱས་མི་ཆོག   བུད་མེད་ཚོ་ཟླ་མཚན་ཡོང་བ་དང་།མངལ་ཆགས་པ།ཕྲུ་གུ་སྐྱེས་པ།ནུ་མ་སྣུན་པ་བཅས་ཀྱི་དུས་སུ་དམིགས་བསལ་སྲུང་སྐྱོང་བྱ་རྒྱུ།   

དོན་ཚན་ཉེར་བདུན་པ། སྡེ་ཚན་གང་ཞིག་གིས་ཀྱང་གཉེན་སྒྲིག་དང་།མངལ་ཆགས་པ།བཙའ་གསོའི་ངལ་གསོ།ནུ་མ་སྣུན་པ་སོགས་ལ་ཁ་གཡར་ནས་བུད་མེད་ལས་བཟོ་པའི་གླ་ཆ་གཅོག་པ་དང་།ལས་ཀ་ནས་འབུད་པ།ཕྱོགས་གཅིག་རང་ནས་ངལ་རྩོལ་(གདན་ཞུ)་གན་རྒྱའམ་ཞབས་ཞུའི་གྲོས་མཐུན་ཕྱིར་འཐེནབཅས་བྱས་མི་ཆོགའོན་ཀྱང་བུད་མེད་ལས་བཟོ་པས་ངལ་རྩོལ་(གདན་ཞུ་)གན་རྒྱའམ་ཡང་ན་ཞབས་ཞུའི་གྲོས་མཐུན་འཇོག་ཞུ་རེ་འདོན་རིགས་འདིར་མི་ཚུད།   སྡེ་ཁག་གིས་རྒྱལ་ཁབ་ཀྱི་ལས་འཁྱུར་ངལ་གསོའི་ལམ་ལུགས་ལག་བསྟར་བྱེད་སྐབས་ཕོ་མོའི་དབྱེ་བ་ཕྱེ་ནས་བུད་མེད་ལ་མཐོང་ཆུང་བྱས་མི་ཆོག   

དོན་ཚན་ཉེར་བརྒྱད་པ། རྒྱལ་ཁབ་ཀྱིས་སྤྱི་ཚོགས་ཀྱི་འགན་བཅོལ་དང་། སྤྱིཚོགས་ཀྱི་རྒུད་སྐྱོབ།སྤྱི་ཚོགས་ཀྱི་ཕན་བདེ།སྨན་བཅོསའཕྲོད་བསྟེན་གྱི་བྱ་གཞག་བཅས་གོང་འཕེལ་བཏང་ནས་བུད་མེད་ལ་སྤྱི་ཚོགས་ཀྱི་འགན་བཅོལ་དང་། སྤྱི་ཚོགས་ཀྱི་རྒུད་སྐྱོབ།སྤྱི་ཚོགས་ཀྱི་ཕན་བདེ། འཕྲོད་བསྟེན་བདེ་སྲུང་ལ་སོགས་པའི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད་པའི་འགན་སྲུང་བྱ་དགོས།   བུད་མེད་ལ་རོགས་སྐྱོར་དང་ཕྱིར་སྤྱི་ཚོགས་ཀྱི་སྤྱི་ཕན་ལས་སྒོ་སྤེལ་བར་རྒྱལ་ཁབ་ཀྱིས་དར་སྤེལ་གཏོང་བ་དང་བསྔགས་སྐུལ་བྱ་དགོས།  

དོན་ཚན་ཉེར་དགུ་པ། རྒྱལ་ཁབ་ཀྱིས་སྐྱེས་གསོ་འགན་བཅོལ་ལམ་ལུགས་ཁྱབ་སྤེལ་གཏོང་རྒྱུ་དང་།སྐྱེས་གསོ་དང་འབྲེལ་བ་ཡོད་པའི་འགན་སྲུང་ལམ་ལུགས་གཞན་གཞན་དག་འཛུགས་རྒྱུ་དང་འཐུས་སྒོ་ཚང་དུ་གཏོང་དགོས།   ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས་བུད་མེད་དབུལ་རིགས་ལ་སྐྱེས་གསོའི་རོགས་སྐྱོབ་དགོས་ངེས་མཁོ་འདོན་བྱ་དགོས། 

ལེའུ་ལྔ་པ། རྒྱུ་ནོར་ཐད་ཀྱི་ཁེ་དབང་།  

དོན་ཚན་སུམ་ཅུ་བ། རྒྱལ་ཁབ་ཀྱིས་བུད་མེད་རྣམས་ལ་སྐྱེས་པ་དང་འདྲ་མཉམ་ཡིན་པའི་རྒྱུ་ནོར་གྱི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད་པའི་འགན་ལེན་བྱ་རྒྱུ། 

དོན་ཚན་སོ་གཅིག་པ། གཉེན་སྒྲིལ་བྱས་པ་དང་། ཁྱིམ་ཚང་ཐུན་མོང་གི་རྒྱུ་ནོར་འབྲེལ་བ་བྱུང་བའི་ནང་བུད་མེད་རྣམས་ལ་ཁྲིམས་མཐུན་གཞིར་བཟུང་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད་པར་བཅན་གནོན་བྱས་མི་ཆོག   

དོན་ཚན་སོ་གཉིས་པ། གྲོང་གསེབ་ཏུ་ས་ཞིང་འགན་གཙང་བླངས་ཏེ་གཉེར་སྐྱོང་དང་། ཐོན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཕན་ཁེ་ཐོབ་རིགས་བགོ་འགྲེམས།ས་ཞིང་གཞུང་བསྡུའམ་སྤྱོད་ཁ་གསབ་རོགས་དངུལ་བེད་སྤྱོད་དང་དེ་བཞིན་དུ་ཁང་ས་བེད་སྤྱོད་སོགས་ཀྱི་ཐད་བུད་མེད་རྣམས་ལ་སྐྱེས་པ་དང་འདྲ་མཉམ་གྱི་ཁེ་ཕན་ལོངས་སུ་སྤྱོད་རྒྱུ་ཡོད།   

དོན་ཚན་སོ་གསུམ་པ། རྩ་འཛུགས་དང་མི་སྒེར་གང་འདྲ་ཞིག་ཡིན་རུང་བུད་མེད་གཉེན་སྒྲིག་བྱས་མེད་པ་དང་། གཉེན་སྒྲིག་བྱས་ཟིན་པ། བཟའ་ཚང་ཁ་བྲལ་བ།བཟའ་ཟླ་ཚེ་ལས་འདས་པ་སོགས་ལ་ཁ་གཡར་ནས་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཁྲོད་ཀྱི་བུད་མེད་ཀྱི་ཁེ་དབང་ཁག་ལ་གནོད་འཚེ་བཏང་མི་ཆོག   གཉེན་སྒྲིག་བྱས་པའི་དབང་གིས་ཁྱོ་ག་བཟའ་ཟླ་མོའི་ཁྱིམ་དུ་གཞིས་ཆགས་དགོས་བྱུང་ཚེ།ཁྱོ་ག་དང་ཕྲུ་གུར་གནས་དེའི་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མི་དང་འདྲ་མཉམ་གྱི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད།   

དོན་ཚན་སོ་བཞི་པ། བུད་མེད་རྣམས་སྐྱེས་པ་དང་འདྲ་མཉམ་གྱི་རྒྱུ་ནོར་ཤུལ་འཛིན་བྱེད་དབང་ལོངས་སུ་སྤྱོད་རྒྱུ་ཡོད་པར་བཅའ་ཁྲིམས་ཀྱི་ཐོག་ནས་སྲུང་སྐྱོབ་བྱ་རྒྱུ་དང་།གོ་རིམ་གཅིག་མཚུངས་ཀྱི་ཁྲིམས་བཀོལ་ཤུལ་འཛིན་པའི་གྲས་ཀྱི་བུད་མེད་ལ་མཐོང་ཆུང་བྱས་མི་ཆོག   ཁྱོ་ག་ཚེ་ལས་འདས་པའི་བུད་མེད་ཀྱིས་ཤུལ་འཛིན་བྱེད་པའི་རྒྱུ་ནོར་སྟེར་འཚོང་གང་བྱེད་རང་དབང་ཡོད་པས་སྐྱེ་བོ་སུ་ཞིག་གིས་ཀྱང་ཐེ་ཇུས་བྱས་མི་ཆོག   

དོན་ཚན་སོ་ལྔ་པ། ཁྱོ་ག་ཚེ་ལས་འདས་པའི་བུད་མེད་གང་དེས་སྒྱུག་པོ་དང་རྒྱུག་མོར་ཞངས་ཏོག་ཞུ་བའི་འོས་འགན་གཙོ་བོ་ཁུར་ཡོད་ན་སྒྱུག་པོ་དང་སྒྱུག་མོའི་ཁྲིམས་བཀོད་ལྟར་གོ་རིམ་དང་པོའི་ཤུལ་འཛིན་པ་ཡིན་པས་དེའི་ཤུལ་འཛིན་བྱེད་དབང་ལ་སྒྱུག་པོ་དང་སྒྱུག་མོའི་བུ་ཕྲུག་གིས་ཚབ་བྱེད་ཤུལ་འཛིན་བྱེད་པའི་གནོད་སྐྱོན་མི་ཕོག་རྒྱུ།  

ལེའུ་དྲུག་པ། ལུས་ཁམས་ཐད་ཀྱི་ཁེ་དབང་།  

དོན་ཚན་སོ་དྲུག་པ། རྒྱལ་ཁབ་ཀྱིས་བུད་མེད་ལ་སྐྱེས་པ་དང་འདྲ་མཉམ་ཡིན་པའི་ལུས་ཁམས་ཀྱི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད་པའི་འགན་སྲུང་བྱ་དགོས།   

དོན་ཚན་སོ་བདུན་པ། བུད་མེད་ཀྱི་རང་ལུས་རང་བཙན་ལ་བཙན་གནོན་བྱས་མི་ཆོགཁྲིམས་འགལ་གྱིས་བཙན་ཉར་དང་ཁྲིམས་འགལ་གྱི་རང་ལུས་རང་བཙན་ལ་ཚོད་འཛིན་བྱེད་རིགས་མི་ཆོག་པ་དང་།ཁྲིམས་འགལ་གྱིས་བུད་མེད་ཀྱི་ལུས་པོ་བསྔོག་བཤེར་བྱེད་རིགས་མི་ཆོག 

དོན་ཚན་སོ་བརྒྱད་པ། བུད་མེད་ཀྱི་ཚེ་སྲོག་བདེ་ཐང་གི་ཁེ་དབང་ལ་བཙན་གནོན་བྱས་མི་ཆོགབུ་མོ་དམར་འབྱར་ཆུ་གཏོང་བ་དང་།སྐྱུར་བ།གདུག་གསོད་གཏོང་བ་བཅས་གཏན་འགོག་དང་། ཕྲུ་གུ་བུ་མོ་བཙས་པའི་བུད་མེད་དང་ཕྲུ་གུ་མི་འཁོར་བའི་བུད་མེད་ལ་མཐོང་ཆུང་དང་མནར་གཅོད་གཏོང་རིགས་གཏན་འགོགརྨོངས་དད་དང་དྲག་ཤུགས་ཀྱི་ཐབས་ལ་བརྟེན་ནས་བུད་མེད་གདུག་གསོད་གཏོང་རིགས་གཏན་འགོག་ནད་ཀྱི་མནར་བ་དང་དབང་བོ་སྐྱོན་ཅན་གྱི་བུད་མེད་དང་རྒན་མོར་མནར་གཅོད་དང་སྐྱུར་རིགས་གཏན་འགོག་བཅས་བྱ་རྒྱུ།   

དོན་ཚན་སོ་དགུ་པ། བུད་མེད་བསླུ་འཚོང་དང་བཙན་ཁྲིད་བྱེད་རིགས་གཏན་འགོག་དང་།བསླུ་འཚོང་དང་བཙན་ཁྲིད་བྱས་པའི་བུད་མེད་བསླུ་ཉོ་བྱེད་རིགས་གཏན་འགོགབསླུ་འཚོང་དང་བཙན་ཁྲིད་བྱས་པའི་བུད་མེད་སྐྱོབ་པར་བཀག་འགོག་བྱེད་རིགས་གཏན་འགོག་བཅས་བྱ་རྒྱུ།   བསླུ་འཚོང་དང་།བཙན་འཁྲིད་བྱས་པའི་བུད་མེད་རྣམས་མི་དམངས་སྲིད་གཞུང་རིམ་པ་ཁག་དང་།སྤྱི་བདེ།དམངས་སྲིད།ངལ་རྩོལ།སྤྱི་ཚོགས་འགན་སྲུང་།འཕྲོད་བསྟེན་ལ་སོགས་པའི་སྡེ་ཁག་སོ་སོའི་འགན་འཁྲི་ལྟར་དུས་ཐོག་ཏུ་སྐྱོབ་ཐབས་བྱ་དགོས་པ་དང་།སྐྱོབ་རྗེས་ཀྱི་ལས་དོན་ལེགས་པོ་བསྒྲུབ་དགོས་པ་དང་།བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་འབྲེལ་ཡོད་ལེགས་པོ་བསྒྲུབ་རྒྱུར་རོགས་སྐྱོར་དང་རམ་འདེགས་བྱ་དགོས།བསླུ་འཚོང་དང་བཙན་ཁྲིད་དུ་ཚུད་པའི་བུད་མེད་ལ་སྐྱེ་བོ་སུ་ཞིག་གིས་ཀྱང་མཐོང་ཆུང་བྱས་མི་ཆོག   དོན་ཚན་བཞི་བཅུ་བ།བུད་མེད་ལ་ཆགས་རྩེད་སྙད་བརྐོའི་རིགས་གཏན་འགོག་བྱ་རྒྱུ་དང་།གནོད་འཚེ་ཕོག་པའི་བུད་མེད་ཀྱིས་སྡེ་ཚན་དང་འབྲེལ་ཡོད་ལས་ཁུངས་ལ་ཞུ་གཏུག་བྱས་ཆོག 

དོན་ཚན་ཞེ་གཅིག་པ། སྨད་འཚོང་དང་འཆལ་པོ་རྒྱུག་རིགས་གཏན་འགོག་བྱ་རྒྱུ།   བུད་མེད་རྣམས་སྒྲིག་འཛུགས་དང་། བཙན་ཤེད། སླུ་བྲིད། ཉར་བ། ངོ་སྤྲོད་བཅས་གང་རུང་གི་སྒོ་ནས་སྨད་འཚོང་དུ་འཇུག་པའམ་བུད་མེད་ལ་ཆགས་རྩེད་རྩེ་རིགས་གཏན་འགོག་བྱ་རྒྱུ།   བུད་མེད་རྣམས་སྒྲིག་འཛུགས་དང་།བཙན་ཤེད།སླུ་བྲིད་བཅས་གང་རུང་གི་སྒོ་ནས་འདོད་ལོག་གི་བྱ་བ་བྱེད་དུ་འཇུག་རིགས་གཏན་འགོག་བྱ་དགོས།  

དོན་ཚན་ཞེ་གཉིས་པ། བུད་མེད་ཀྱི་མིང་གྲགས་ཁེ་དབང་དང་།མཚན་བསྟོད་ཐོབ་དབང་།སྒེར་གྱི་གསང་དོན་དབང་ཆ།འདྲ་པར་གྱི་བདག་དབང་ལ་སོགས་པའི་མིའི་ལ་རྒྱར་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱ་རྒྱུ།   བརྙས་བཅོས་དང་མ་ཉེས་ཁ་ཁག་འདོགས་ལ་སོགས་པའི་ཐབས་ལ་བརྟེན་ནས་བུད་མེད་ཀྱི་ལ་རྒྱར་གནོད་འཚེ་གཏོང་རིགས་གཏན་འགོག་བྱ་རྒྱུ་དང་།སྤྱི་དམངས་ཀྱི་སྨྱན་སྦྱོར་རམ་ཡང་ན་བྱེད་ཐབས་གཞན་དག་ལ་བརྟེན་ནས་བུད་མེད་ཀྱི་ལ་རྒྱར་དམའ་འབེབས་དང་གནོད་འཚེ་གཏོང་རིགས་གཏན་འགོག་བྱ་རྒྱུ།དོ་བདག་གི་མོས་མཐུན་མ་བྱུང་བར་ཁེ་བཟང་གི་ཆེད་དུ་མཚམས་སྦྱོར་བརྡ་ཁྱབ་དང་།ཚོང་རྟགས།ཤེལ་བཀྲའི་བཀྲམ་སྟོན།ཚགས་པར།དུས་དེབ།དེབ།སྒྲ་བརྙན་ཕབ་རྫས།གློག་རྡུལ་དཔར་སྐྲུན་དངོས་པོ།དྲ་སྦྲེལ་ལ་སོགས་པའི་རྣམ་པ་བརྒྱུད་ནས་བུད་མེད་ཀྱི་འདྲ་པར་བེད་སྤྱོད་བྱས་མི་ཆོག       

ལེའུ་བདུན་པ། གཉེན་སྒྲིག་དང་ཁྱིམ་ཚང་ཐད་ཀྱི་ཁེ་དབང་། 

དོན་ཚན་ཞེ་གསུམ་པ། རྒྱལ་ཁབ་ཀྱིས་བུད་མེད་ལ་སྐྱེས་པ་དང་འདྲ་མཉམ་གྱི་གཉེན་སྒྲིག་དང་ཁྱིམ་ཚང་ཐད་ཀྱི་དབང་ཆ་ཡོད་པའི་འགན་སྲུང་བྱ་རྒྱུ།  

དོན་ཚན་ཞེ་བཞི་པ། རྒྱལ་ཁབ་ཀྱིས་བུད་མེད་ལ་གཉེན་སྒྲིག་གི་རང་དབང་ཡོད་པའི་འགན་སྲུང་བྱ་རྒྱུ།བུད་མེད་ཀྱི་གཉེན་སྒྲིག་དང་བཟའ་ཚང་ཁ་བྲལ་གྱི་རང་དབང་ལ་ཐེ་ཇུས་བྱས་མི་ཆོག 

དོན་ཚན་ཞེ་ལྔ་པ། བུད་མེད་ལ་མངལ་འཁོར་རིང་དང་།ཕྲུ་གུ་བཙས་པའི་རྗེས་ཀྱི་ལོ་གཅིག་ནང་ངམ་མངལ་འཁོར་མཚམས་བཅད་པའི་རྗེས་ཀྱི་ཟླ་བ་དྲུག་གི་ནང་ཚུན་དུ་ཁྱོ་གས་བཟའ་ཚང་ཁ་བྲལ་རྒྱུའི་རེ་འདུན་ཞུས་མི་ཆོགབུད་མེད་ཀྱིས་བཟའ་ཚང་ཁ་བྲལ་རྒྱུའི་རེ་འདུན་ཞུས་པའམ་ཡང་ན་མི་དམངས་ཁྲིམས་ཁང་གིས་བཟའ་ཚང་ཁ་བྲལ་རྒྱུའི་ཁྱོ་གའི་རེ་འདུན་དངོས་གནས་བདག་སྤྲོད་དགོས་ངེས་འདུག་སྙམ་པའི་རིགས་འདིའི་ཁོངས་སུ་མི་གཏོགས། 

དོན་ཚན་ཞེ་དྲུག་པ། ཁྱིམ་ཚང་ནང་བུད་རད་མེད་ལ་དྲག་ཤུགས་སྤྱོད་རིགས་གཏན་འགོག་བྱ་དགོས།   ཁྱིམ་ཚང་ནང་དྲག་ཤུགས་སྤྱོད་རིགས་རྒྱལ་ཁབ་ཀྱིས་སྔོན་འགོག་དང་ཐབ་བཀག་སྡོམ་བྱ་རྒྱུའི་བེད་ཐབས་སྤྱོད་དགོས།   སྤྱི་བདེ་དང་། དམངས་སྲིད། ཁྲིམས་འཛིན་སྲིད་འཛིན་སོགས་པའི་སྡེ་ཁག་དང་དེ་བཞིན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་མང་ཚོགས་རང་བཞིན་ལྡན་པའི་རང་སྐྱོང་རྩ་འཛུགས་དང་།སྤྱི་ཚོགས་ཀྱི་ཚོགས་པས་རང་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་ཁྱིམ་ཚང་གི་དྲགས་ཤུགས་སྔོན་འགོག་དང་བཀག་སྡོམ་བྱས་སྟེ།གནོད་འཚེ་ཕོག་པའི་བུད་མེད་ལ་ཁྲིམས་མཐུན་ལྟར་རོགས་སྐྱོབ་བྱེད་རོགས་བྱ་དགོས། 

དོན་ཚན་ཞེ་བདུན་པ། བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཁྱོ་ཤུག་ཐུན་མོང་ལ་དབང་བའི་རྒྱུ་ནོར་ཡིན་རིགས་བུད་མེད་ལ་བཟའ་ཟླ་དང་འདྲ་མཉམ་གྱི་བདག་བཟུང་དང་། བེད་སྤྱོད་། ཁེ་ཟ། སྟེར་འཚོང་གང་བྱེད་བཅས་ཀྱི་དབང་ཆ་ཡོད།དེ་ཡང་བཟའ་ཚང་ཕྱོགས་གཉིས་པོའི་ཡོང་འབབ་ཀྱི་གནས་སྟངས་དང་བསྟུན་མི་དགོས།   ཁྱོ་ཤུག་བར་གཉེན་སྒྲིག་གི་འབྲེལ་བ་གནས་རིང་རྒྱུ་ནོར་བསགས་རིགས་རང་རང་སོ་སོར་བདག་པའི་ཡིག་ཐོག་གི་ཁ་དན་བཞག་བཞག་ཡོད་ཀྱང་།བུད་མེད་ཕྱོགས་ནས་ཕྲུ་གུ་གསོ་བ་དང་།རྒན་རྒོན་ལ་ཞབས་ཏོག་ཞུ་བ།ཁྱོ་གར་ལས་རིགས་སོགས་པའི་འོས་འགན་མང་ཙམ་འཁུར་རིགས་ཀྱིས་བཟའ་ཚང་ཁ་བྲལ་སྐབས་ཁྱོ་གར་ཁ་གསབ་སྤྲོད་རེ་བཏོན་ཆོག 

དོན་ཚན་ཞེ་བརྒྱད་པ། ཁྱོ་ཤུག་ཐུན་མོང་ལ་དབང་བའི་ཁང་པ་ཡིན་ན།བཟའ་ཚང་ཁ་བྲལ་ནས་ཁང་པ་བགོ་བཤའ་རྒྱག་དུས་ཁྱོ་ཤུག་གཉིས་པོ་གྲོས་མོལ་གྱིས་ཐག་གཅོད་རྒྱུ། གྲོས་མཐུན་མ་བྱུང་ན་མི་དམངས་ཁྲིམས་ཁང་གི་ཁྱོ་ཤུག་གཉིས་ཀྱི་གནས་ཚུལ་དངོས་ལ་གཞིགས་ཤིང་བུད་མེད་དང་བུ་ཕྲུག་གི་ཁེ་དབང་ལ་ལྟ་ལྟོག་བྱེད་པའི་རྩ་དོན་ལྟར་དཔྱད་མཚམས་གཏོང་རྒྱུ།ཁྱོ་ཤུག་གཉིས་པོས་ཁ་ཆད་ལོགས་སུ་བྱས་རིགས་འདིའི་ཁོངས་སུ་མི་གཏོགས།   ཁྱི་ཤུག་ལྷན་དུ་ཁང་པ་གླས་པ་ཡིན་ན།བཟའ་ཚང་ཁ་བྲལ་དུས་བུད་མེད་ཀྱི་སྡོད་ཁང་དེ་བུད་མེད་དང་བུ་ཕྲུག་གི་ཁེ་དབང་ལ་ལྟ་རྟོག་བྱེད་པའི་རྩ་དོན་ལྟར་ཐག་གཅོད་བྱ་དགོས།   

དོན་ཚན་ཞེ་དགུ་པ། ཕ་མ་གཉིས་ཀར་ལོ་ན་མ་སོན་པའི་ཕྲུག་གུ་ལྟ་སྐྱོང་བྱེད་དབང་གཅིག་མཚུངས་སུ་ཡོད།   ཕ་ཚེ་ལས་འདས་པའམ་བྱ་སྤྱོད་སྤེལ་ནུས་མེད་པར་གྱུར་པའམ་ཡང་ན་གནས་ཚུལ་གཞན་གྱི་རྐྱེན་པས་ལོ་ན་མ་སོན་པའི་བུ་ཕྲུག་ལ་ལྟ་སྐྱོང་བྱེད་མི་ཐུབ་གྱུར་ཚེ་མའི་ལྟ་སྐྱོང་བྱེད་དབང་ལ་སྐྱེ་བོ་སུ་གཞི་གིས་ཀྱང་ཐེ་ཇུས་བྱས་མི་ཆོག  

དོན་ཚན་ལྔ་བཅུ་པ། བུད་མེད་ཕྱོགས་སྐྱེ་རྒྱུན་གཅོད་པའི་གཤགས་བཅོས་བྱས་པའམ་ཡང་ན་རྒྱུ་རྐྱེན་གཞན་དག་གི་དབང་གིས་བུ་ཕྲུག་སྐྱེ་ནུས་མེད་པར་གྱུར་ཟིན་ན་བཟའ་ཚང་ཁ་བྲལ་དུས་བུ་ཕྲུག་གསོ་སྐྱོང་སྐོར་གྱི་གནད་དོན་ཐག་གཅོད་སྐབས་བུ་ཕྲུག་གི་ཁེ་དབང་ལ་ཕན་པའི་ཆ་རྐྱེན་འོག་བུད་མེད་ཀྱི་ལུགས་མཐུན་རེ་བར་ལྟ་རྟོག་བྱ་དགོས།  

དོན་ཚན་ང་གཅིག་པ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་བུད་མེད་ལ་ཕྲུ་གུ་སྐྱེ་བའི་དབང་ཆ་ཡོད་ལ།ཕྲུ་གུ་མི་སྐྱེ་བའི་རང་དབང་ཡང་ཡོད།   བུ་བཙའི་ལོ་ཚད་སོན་པའི་བཟའ་ཟླ་གཉི་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཏན་འབེབས་ལྟར་འཆར་ཡོད་བུ་བཙའ་བྱེད་པར་འབྲེལ་ཡོད་སྡེ་ཁག་གིས་ཉེན་མེད་ནུས་ལྡན་གྱི་སྦྲུམ་འགོག་སྨན་རིགས་སྤྱད་ཆས་དང་ལག་རྩལ་མཁོ་འདོན་བྱ་དགོས་པ་དང་སྐྱེ་རྒྱུན་གཅོད་པའི་གཤགས་བཅོས་བྱེད་སྐབས་བུད་མེད་ཀྱི་ལུས་ཁམས་བདེ་ཐངས་དང་བདེ་འཇགས་ལ་འགན་སྲུང་བྱ་དགོས།   རྒྱལ་ཁབ་ཀྱིས་གཉེན་སྒྲིག་མ་བྱས་གོང་གི་བདེ་སྲིང་དང་མངའ་འཁོར་རིང་དང་ཕྲུ་གུ་བཙས་རིང་གི་བདེ་སྲུང་ལམ་ལུགས་ལག་བསྟར་བྱས་ཏེ།མ་བུའི་བདེ་སྲུང་བྱ་གཞག་གོང་དུ་སྤེལ་དགོས།མི་དམངས་སྲིད་གཞུང་རིམ་པ་ཁག་གིས་བྱེད་ཐབས་སྤྱད་དེ་བུད་མེད་ལ་འཆར་ལྡན་བུ་བཙའི་ལག་རྩལ་ཞབས་ཞུ་ལོངས་སུ་སྤྱོད་དབང་ཡོད་པ་དང་བུད་མེད་ཀྱི་སྐྱེས་འཕེལ་བདེ་ཐང་ཚད་བཟང་དུ་གཏོང་རྒྱུའི་འགན་སྲུང་བྱ་དགོས།  

ལེའུ་བརྒྱད་པ། ཁྲིམས་འབྲེལ་ཁུར་འཁྲི།  

དོན་ཚན་ང་གཉིས་པ། བུད་མེད་ཀྱི་ཁྲིམས་མཐུན་ཁེདབང་ལ་གནོད་འཚེ་ཕོག་རིགས་ཀྱིས་འབྲེལ་ཡོད་སྡེ་ཁག་ལ་ཁྲིམས་མཐུན་ལྟར་ཐག་གཅོད་བྱེད་རེ་ཞུ་པའམ་ཁྲིམས་མཐུན་ལྟར་འདུམ་གཅོད་ལས་ཁུངས་ལ་འདུམ་གཅོད་རེ་ཞུ་བའམ་ཡངམན་མི་དམངས་ཁྲིམས་ཁ་ལ་ཞུ་སྦྱོར་བྱེད་དབང་ཡོད།   དཔལ་འབྱོར་ཐད་ཀྱི་དཀའ་ངལ་འཕྲད་པའི་བུད་མེད་ལ་བཅའ་ཁྲིམས་ཀྱི་རོགས་སྐྱོར་རམ་ཁྲིམས་འཛིན་གྱི་རོགས་སྐྱོབ་དགོས་ཚེ།ས་གནས་དེ་གའི་བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་སམ་མི་དམངས་ཁྲིམས་ཁང་གིས་རོགས་སྐྱོར་བྱ་དགོས་པ་དང་།ཁྲིམས་མཐུན་ལྟར་གང་དེར་བཅའ་ཁྲིམས་ཀྱི་རོགས་སྐྱོར་དང་ཁྲིམས་འཛིན་རོགས་སྐྱོབ་བྱ་དགོས། 

དོན་ཚན་ང་གསུམ་པ། བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་རིགས་ཀྱིས་བུད་མེད་རྩ་འཛུགས་ལ་ཞུ་གཏུག་བྱས་ཆོག་ཅིང་།བུད་མེད་ཀྱི་རྩ་འཛུགས་ཀྱིས་གནོད་འཚེ་ཕོག་པའི་བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་དགོས་པ་དང་།འབྲེལ་ཡོད་སྡེ་ཁག་གམ་སྡེ་ཚན་ལ་ཞིབ་བཤེར་ཐག་གཅོད་བྱེད་རེ་ཞུ་དབང་ཡོད་པ་མ་ཟད་ཐག་གཅོད་བྱེད་རོགས་ཀྱང་བྱ་དགོས།འབྲེལ་ཡོད་སྡེ་ཁག་གམ་སྡེ་ཚན་གྱིས་ཁྲིམས་མཐུན་ལྟར་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་མ་ཟད་ལན་ཡང་འདེབས་དགོད།   དོན་ཚན་ང་བཞི་པ།བུད་མེད་རྩ་འཛུགས་ཀྱིས་བུད་མེད་ལ་གཏུག་བཤེར་བྱ་རྒྱུའི་རོགས་རམ་བྱ་དགོས་ཚེ་རོགས་སྐྱོར་བྱ་དགོས།   བུད་མེད་མཉམ་འབྲེལ་ལྷན་ཚོགས་སམ་འབྲེལ་ཡོད་བུད་མེད་རྩ་འཛུགས་ཀྱིས་བུད་མེད་ཚོ་པ་ངེས་ཅན་གྱི་ཁེ་ཕན་ལ་གནོད་འཚེ་གཏོང་རིགས་ལ་མང་ཚོགས་ཀྱི་སྨྱན་སྦྱོར་ཐོག་ནས་ཐེར་འདོན་དང་སྐྱོན་བརྗོད་བྱས་ཆོག་པ་མ་ཟད།འབྲེལ་ཡོད་སྡེ་ཁག་ལ་ཁྲིམས་མཐུན་ལྟར་ཞིབ་བཤེར་ཐག་གཅོད་བྱེད་རེ་ཞུགདབང་ཡང་ཡོད།  

དོན་ཚན་ང་ལྔ་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ་བུད་མེད་གཉེན་སྒྲིག་བྱས་མེད་པ་དང་། གཉེན་སྒྲིག་བྱས་ཟིན་པ། བཟའ་ཚང་ཁ་བྲལ་བ།བཟའ་ཟླ་གྲོངས་པ་སོགས་ལ་ཁ་གཡར་ནས་གྲོང་་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ནང་གི་བུད་མེད་ཀྱི་ཁེ་དབང་ཁག་ལ་གནོད་འཚེ་གཏོང་རིགས་སམ་ཡང་ན་གཉེན་སྒྲིག་བྱས་པའི་དབང་གིས་ཁྱོ་ག་དེ་བཟའ་ཟླ་མོ་གནས་སར་གཞིས་ཆགས་སྐབས།ཁྱོ་ག་དང་བུ་ཕྲུག་ལ་གནས་ཡུལ་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མི་དང་འདྲ་མཉམ་གྱི་ཁེ་དབང་ཡོད་པར་གནོད་འཚེ་བཏང་ན།ཞང་གྲོང་མི་དམངས་སྲིད་གཞུང་གིས་ཁྲིམས་མཐུན་ལྟར་འདུམ་སྒྲིག་བྱ་རྒྱུ་དང་།གནོད་འཚེ་ཕོག་མཁན་གྱིས་ཀྱང་ཁྲིམས་མཐུན་ལྟར་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་པའི་ཁྲུན་གཅོད་སྒྲིག་གཞིར་ཁྲུན་ཐག་གཅོད་རེ་ཞུས་ཆོག་པའམ་མི་དམངས་ཁྲིམས་ཁང་ལའང་ཞུ་སྦྱོར་བྱས་ཆོག་པ་དང་།མི་དམངས་ཁྲིམས་ཁང་གིས་ཁྲིམས་མཐུན་ལྟར་བདག་སྤྲོད་བྱད་དགོས། 

དོན་ཚན་ང་བདུན་པ། བུད་མེད་ཀྱི་ཁེ་དབང་ལ་གནོད་འཚེ་གཏོང་ཚུལ་སྐོར་གྱི་གནས་ལུགས་ཞུ་བ།ཞུ་གཏུགདང་ཉེས་འདོན་བཅས་བཅས་བྱེད་པར་བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ་རང་འགན་གཞན་དཀྲི་དང་།ནར་འགྱངས།བཙན་གནོན་བཅས་བྱས་ཏེ་ཞིབ་གཅོད་མི་བྱེད་པའི་རིགས་སམ།གནས་ལུགས་ཞུ་བ་དང་། ཞུ་གཏུགཉེས་འདོན་བཅས་བྱེད་མཁན་ལ་རྡུང་བརྡེགས་འཁོན་ལེན་སློག་རིགས་ལ།དེ་ཉེད་གནས་ནའི་སྡེ་ཚན་དང་། གཙོ་སྐྱོང་སྡེ་ཁག་གམ་གོང་རིམ་ལས་ཁུངས་བཅས་ཀྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱ་མ་ཟད།ཁྲིམས་མཐུན་ལྟར་ཐད་ཀར་འགན་འཁྲི་ཡོད་པའི་གཙོསྐྱོང་མི་སྣའམ་ཐད་ཀར་འགན་འཁྲི་ཡོད་པའི་མི་སྣ་གཞན་དག་ལ་སྲིད་འཛིན་ཐོག་གི་ཆད་པའང་གཅོད་རྒྱུ།   རྒྱལ་ཁབ་ལས་ཁུངས་དང་དེའི་མི་སྣས་འགན་འཁྲི་ཁྲིམས་མཐུན་ལྟར་མ་བསྒྲུབ་པར་བུད་མེད་གྱི་ཁེ་དབང་ལ་གནོད་འཚེ་གཏོང་རིགས་དུས་ཐོག་ཏུ་བཀག་འགོག་མ་བྱས་པའམ་ཡང་ན་གནོད་འཚེ་ཕོག་པའི་བུ་མེད་ལ་དགོས་ངེས་ཀྱི་རོགས་སྐྱོར་མ་བྱས་པར་མཇུག་འབྲས་ཚབས་ཆེན་བཟོས་ན། དེ་ཉིད་གནས་སའི་སྡེ་ཚན་ནམ་གོང་རིམ་ལས་ཁུངས་ཀྱིས་ཐད་ཀར་འགན་འཁྲི་ཡོད་པའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་འགན་འཁྲི་ཡོད་པའི་མི་སྣ་གཞན་དག་ལ་ཁྲིམས་མཐུན་ལྟར་སྲིད་འཛིན་ཐོག་གི་ཆད་པ་གཅོད་དགོས།   བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ་བུད་མེད་ཀྱི་རིག་གནས་དང་སློབ་གསོའི་ཁེ་དབང་དང་། ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་གི་ཁེ་དབང་། ལུས་ཁམས་དང་རྒྱུ་ནོར་གྱི་ཁེ་དབང་དང་དེ་བཞིན་གཉེན་སྒྲིག་དང་ཁྱིམ་ཚང་གི་ཁེ་དབང་ལ་གནོད་འཚེ་གཏོང་རིགས་ལ་དེ་ཉིད་གནས་སའི་སྡེ་ཚན་དང་། གཙོ་སྐྱོང་སྡེ་ཁག་གམ་གོང་རིམ་ལས་ཁུངས་བཅས་ཀྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། ཐད་ཀར་འགནའཁྲི་ཡོད་པའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་འགན་འཁྲི་ཡོད་པའི་མི་སྣ་གཞན་དག་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣའི་ཁོངས་སུ་གཏོགས་ན། དེ་ཉིད་གནས་སའི་སྡེ་ཚན་ནམ་གོང་རིམ་ལས་ཁུངས་ཀྱིས་ཁྲིམས་མཐུན་ལྟར་སྲིད་འཛིན་ཐོག་གི་ཆད་པ་གཅོད་རྒྱུ།   

དོན་ཚན་ང་བརྒྱད་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ་བུད་མེད་ལ་ཆགས་རྩེད་སྙད་བརྐོའམ་ཁྱིམ་ཚང་དུ་དྲག་སྤྱོད་སྤྱད་དེ་བདེ་སྐྱོང་དོ་དམ་དང་འགལ་བའི་བྱ་སྤྱོད་དུ་གྲུབ་ཚེ། ཁྲིམས་འགལ་མི་སྣར་ཁྲིམས་མཐུན་ལྟར་སྲིད་འཛིན་གྱི་ཆེ་པ་གཅོད་རོགས་ཞེས་གནོད་འཚེ་ཕོག་མཁན་གྱིས་སྤྱི་བདེ་ལས་ཁུངས་ལ་ཞུས་ཆོག་ལ་ཁྲིམས་མཐུན་ལྟར་མི་དམངས་སྲིད་ཁྲིམས་ཁང་ལ་དམངས་དོན་གྱི་གཏུག་བཤེར་བྱས་ཀྱང་ཆོག 

དོན་ཚན་ང་དགུ་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ་མང་ཚོགས་ཀྱི་སྨན་སྦྱོར་རམ་བྱེད་ཐབས་གཞན་དག་ལ་བརྟེན་ནས་བུ་མེད་ཀྱི་ཐོབ་ཐང་ལ་དམའ་འབེབས་དང་གྱོན་གུན་བཟོ་རིགས་ལ། རིག་གནས་དང་གློག་བརྙན་ལས་ཁུངས་བཅས་དང་། གསར་འགྱུར་དཔེ་བསྐྲུན་ཁང་ངམ་འབྲེལ་ཡོད་སྡེ་ཁག་གཞན་དག་གིས་རང་རང་སོ་སོའི་འགན་དབང་ལ་གཞིགས་ནས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་མ་ཟད་ཁྲིམས་མཐུན་ལྟར་སྲིད་འཛིན་ཐོག་གི་ཆད་པའང་གཅོད་རྒྱུ། 

ལེའུ་དགུ་པ།ཞར་བྱུང་དོན་ཚན།  

དོན་ཚན་དྲུག་བཅུ་པ། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱན་ལས་ཨུ་ཡོན་ལྷན་ཁང་གིས་བཅའ་ཁྲིམས་འདིར་གཞིགས་ནས་ལག་བསྟར་བྱེད་ཐབས་གཏན་འབེབས་བྱེད་ཆོག   མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་བཅའ་ཁྲིམས་འདིར་འཁོད་གཏན་འབེབས་ཀྱི་རྩ་དོན་གཞིར་བཟུང་ཞིང་།ས་ཆ་དེ་གེའི་མི་རིགས་ཀྱི་བུ་མེད་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་བབ་མཐུན་ནམ་ཁ་གསབ་ཀྱི་གཏན་འབེབས་བཟོས་ཆོགརང་སྐྱོང་ལྗོངས་ཀྱིས་གཏན་འབེབས་བྱས་པ་རྣམས་རྒྱལ་ཡོངས་མི་དམངས་མཐུས་མིའི་ཚོགས་ཆེན་གྱི་རྒྱན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་གསེང་ཞུས་ཏེ་ཆོག་མཆན་ཐོབ་རྫེས་རྩིས་འགྲོ་ཡོད་པ་དང་།རང་སྐྱོང་ཁུལ་དང་རང་སྐྱོང་རྫོང་གིས་གཏན་འབེབས་བྱསམཔ་རྣམས་ཞིང་ཆེན་དང་།རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་རྩིས་འགྲོ་ཡོད་པ་དང་འབྲེལ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱན་ལས་ཨུ་ཡོན་ལྷན་ཁང་ལའང་ཐོ་འགོད་སྙན་སེང་ཞུ་དགོས།  

དོན་ཚན་རེ་གཅིག་པ། བཅའ་ཁྲིམས་འདི1992ལོའི་ཟླ10ཚེས1ཉིན་ནས་ལག་ལེན་བསྟར་བ་ཡིན། །                                  

རྩོམ་སྒྲིག་པ། : ཀླུ་མོ་མཚོ།