ཀྲུང་གོ་བོད་ཀྱི་དྲ་བ།

ལས་ཞུགས་སྐོར་གྱི་བཅའ་ཁྲིམས།(གཉིས )

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།     སྤེལ་དུས། : 2019-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བུད་མེད་ངལ་རྩོལ་མཁན་གྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ།

ངལ་རྩོལ་གན་རྒྱ་ལ་མིང་རྟགས་ཇི་ལྟར་འགོད་དགོས་སམ།

ངལ་རྩོལ་གན་རྒྱ་ནི་ངལ་རྩོལ་མཁན་དང་མི་བཀོལ་ལས་ཁུངས་ཕྱོགས་གཉིས་ཀའི་ཁྲིམས་མཐུན་ཁེ་དབང་གི་གཞི་འཛིན་ས་ཡིན། ངལ་རྩོལ་མཁན་གྱིས་ལས་ཀ་རྙེད་པ་ན་ཐོག་མར་མི་བཀོལ་ལས་ཁུངས་དང་ལས་བདག་བར་ལ་ཡིག་ཐོག་ངལ་རྩོལ་གན་རྒྱ་འཇོག་དགོས།

ནང་དོན་གསལ་བོར་གཤམ་གསལ་ལྟར།

ངལ་རྩོལ་གན་རྒྱའི་དུས་ཡུན།

བྱ་བའི་ནང་དོན་དང་ས་གནས།

བྱ་བའི་དུས་ཚོད་དང་ངལ་གསོ། གུང་གསེང་།

ངལ་རྩོལ་ལས་ཕོགས་དང་སྤྱི་ཚོགས་ཉེན་སྲུང་འགན་བཅོལ།

ངལ་རྩོལ་སྲུང་སྐྱོབ་དང་ངལ་རྩོལ་ཆ་རྐྱེན། ལས་རིགས་གནོད་འཚེ་འགོག་སྲུང་།

མི་བཀོལ་ལས་ཁུངས་ཀྱིས་བུད་མེད་ལས་བཟོ་བ་ལས་བསྡུ་བྱེད་པ་ལ་ངལ་རྩོལ་གན་རྒྱའི་ཁྲོད་དུ་བུད་མེད་ལས་བཟོ་བའི་གཉེན་སྒྲིག་དང་འཆར་ལྡན་བུ་སྐྱེ་སོགས་ཀྱི་ནང་དོན་གཏན་འབེབས་ཚོད་འཛིན་བྱས་མི་ཆོག

ངལ་རྩོལ་གན་རྒྱ་རྩིས་མེད་བཏང་མི་ཆོག་པའི་གནས་ཚུལ་ལ་སྤྱིར་བཏང་དུ་གང་དག་ཡོད་དམ།

བུད་མེད་ལས་བཟོ་པ་ལ་མངལ་ཆགས་པ་དང་སྦྲུམ་མའི་དུས། ནུ་མ་བསྣུན་པའི་དུས།

ལས་ཁུངས་གང་དེར་བསྟུད་མར་ལོ་ངོ15ཡི་ནང་ལ་ལས་ཀ་བྱས་པ་དང་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་ལས་འཁྱུར་ངལ་གསོའི་དུས་ཚོད་ལ་ལོ5ཡིས་མི་ལོངས་པ།

ལས་ཁུངས་གང་དེར་ལས་རིགས་ཀྱི་ནད་ཕོགས་པའམ་གཞུང་དོན་གྱི་རྐྱེན་གྱིས་རྨས་སྐྱོན་ཐེབས་པའི་དབང་གིས་རྐྱེན་ལམ་དུ་ཤོར་བ། ཡང་ན་ངལ་རྩོལ་གྱི་ནུས་པ་ཤོར་བ།

ནད་ཕོགས་པ་དང་ཡང་ན་གཞུང་དོན་མ་ཡིན་པའི་རྨས་སྐྱོན་གྱི་དབང་གིས་སྨན་བཅོས་བྱེད་པའི་གཏན་ཁེལ་གྱི་དུས་ཡུན་ནང་།

ལས་ཕོགས་དེ་ཇི་ལྟར་སྤྲོད་དགོས་སམ།

ལས་ཕོགས་དེ་ནི་ཁྲིམས་གཏན་དངུལ་ལོར(མི་དམངས་ཤོག་སྒོར)གྱི་རྣམ་པས་སྤྲོད་དགོས་ལ། དངོས་པོ་དང་རིན་ཐང་ཅན་གྱི་འཛིན་ཤོག་སོགས་ཀྱིས་ཚབ་སྤྲོད་བྱས་མི་ཆོག

མི་བཀོལ་ལས་ཁུངས་ཀྱིས་ངལ་རྩོལ་མཁན་ལ་སྤྲོད་པའི་ལས་ཕོགས་དེ་ས་གནས་སྲིད་གཞུང་གི་གཏན་འབེབས་བྱས་པའི་ཆེས་དམའ་བའི་ལས་ཕོགས་ཀྱི་ཚད་གཞི་ལས་དམའ་མི་རུང་།

ལས་ཕོགས་ངེས་པར་དུ་འདང་ངེས་སྤྲོད་དགོས་པ་མ་ཟད། ངེས་པར་དུ་ངལ་རྩོལ་གན་རྒྱའི་ནང་ལས་ཕོགས་སྤྲོད་པའི་བྱེ་བྲག་གི་ཉིན་མོ་དེ་གཏན་ཁེལ་བྱེད་དགོས། གལ་ཏེ་དུས་ཆེན་དང་ངལ་གསོའི་ཉིན་དང་ཁེལ་བ་ན་སྔོན་གྱི་ཉིན་འགའི་ནང་ལ་སྤྲོད་དགོས་ཤིང་། གཟའ་འཁོར་གཅིག་དང་ཉིན་གཅིག དུས་ཚོད་ལམ་ལུགས་བཅས་ཀྱི་ལས་ཕོགས་དེ་གཟའ་འཁོར་རེ་དང་ཉིན་གཅིག་རེ། དུས་ཚོད་གཅིག་རེ་བཅས་ཀྱི་ནང་དུ་སྤྲོད་དགོས།

ཁྲིམས་ལྟར་ངལ་རྩོལ་གན་རྒྱ་རྩིས་མེད་དང་མཚམས་འཇོག་པ་ལ། མི་བཀོལ་ལས་ཁུངས་ཀྱིས་ངལ་རྩོལ་གན་རྒྱ་དེ་རྩིས་མེད་དང་མཚམས་འཇོག་བྱེད་པ་དང་ཆབས་ཅིག་ངལ་རྩོལ་མཁན་གྱི་ལས་ཕོགས་ཡོད་ཚད་སྤྲོད་ཐེངས་གཅིག་གིས་འཕྲོད་དུ་འཇུག་དགོས།

གནས་ཚུལ་གང་ཞིག་ནི་ལས་རྨས་ལ་གཏོགས་སམ།

བྱ་བ་སྒྲུབ་པའི་དུས་ཚོད་དང་བྱ་བ་སྒྲུབ་སའི་ཡུལ་དངོས་སུ་བྱ་བའི་དབང་གིས་དོན་རྐྱེན་བྱུང་ནས་རྨས་སྐྱོན་ཐེབས་པ་དང་ཡང་ན་བྱ་བའི་འགན་ནུས་ལག་བསྟར་བྱེད་པའི་སྐབས་སུ་གཏུམ་སྤྱོད་སོགས་ཀྱིས་བསམ་ཡུལ་ལས་འདས་པའི་རྨས་སྐྱོན་བྱུང་པ།

བྱ་བ་སྒྲུབ་པའི་དུས་ཚོད་ཀྱི་སྔ་གཞུག་ཏུ་བྱ་བའི་ཡུལ་དངོས་སུ་དོན་དག་དང་བྱ་བ་གང་དེར་འབྲེལ་བ་ཡོད་པའི་གྲ་སྒྲིག་རང་བཞིན་དང་ཡང་ན་ལས་མཚམས་འཇོག་པའི་རང་བཞིན་གྱི་བྱ་བའི་སྐབས་སུ་རྨས་སྐྱོན་ཐེབས་པ།

ལས་རིགས་ནད་ཕོགས་པ།

དེ་ཡང་བྱ་བའི་དབང་གིས་ཕྱི་རོལ་དུ་འགྲོ་བའི་སྐབས་སུ་བྱ་བའི་རྒྱུ་རྐྱེན་གྱི་དབང་གིས་གནོད་སྐྱོན་དང་ཡང་ན་དོན་རྐྱེན་བྱུང་ནས་གར་སོང་ཆ་མེད་དུ་གྱུར་པ།

ལས་བཟོ་པ་ལུགས་མཐུན་གྱི་དུས་ཚོད་ནང་ལས་ཚོོགས་གྲོལ་རྗེས་ལས་ཡུལ་ནས་བཟའ་ཟླ་དང་ཕ་མ། བུ་ཕྲུག་སོགས་ཀྱི་སྡོད་ཡུལ་ལ་འགྲོ་བའི་ལུགས་མཐུན་གྱི་ལམ་ཐིག་སྟེང་། མི་སྒེར་ལ་འགན་འཁྲི་ཅི་ཡང་མེད་པའི་འགྲིམ་འགྲུལ་དོན་རྐྱེན་དང་ཡང་ན་གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ། འགྲུལ་སྐྱེལ་འཁོར་ལོ། མེ་འཁོར་དོན་རྐྱེན་བཅས་ཀྱི་དབང་གིས་རྨས་སྐྱོན་ཐེབས་པ་དེ་ཡང་ལས་རྨས་སུ་གཏན་ཁེལ་བྱས་ཆོག

རྩོམ་སྒྲིག་པ། : ཀླུ་མོ་མཚོ།