ཀྲུང་གོ་བོད་ཀྱི་དྲ་བ།

བཅའ་ཁྲིམས་རོགས་སྒྲུབ་ཀྱི་སྐོར།

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།     སྤེལ་དུས། : 2019-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རོགས་སྒྲུབ་འཐོབ་པའི་མི་ཡིས་ཁེ་དབང་གང་དག་ལོངས་སུ་སྤྱད་ཆོག

རོགས་སྒྲུབ་འཐོབ་པའི་མི་ཡིས་གཤམ་གསལ་གྱི་ཁེ་དབང་འདི་དག་ལོངས་སུ་སྤྱད་ཆོག

བཅའ་ཁྲིམས་ཀྱི་རོགས་སྒྲུབ་བྱེད་སྒོའི་འཕེལ་རིམ་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཆོག

དོན་དངོས་སུ་བཅའ་ཁྲིམས་རོགས་སྒྲུབ་འགན་སྒྲུབ་མི་སྣའི་འགན་ནུས་ལག་བསྟར་བྱས་པ་འོས་འཚམ་མིན་པའི་བདེན་དཔང་ཡོད་ན། འགན་སྒྲུབ་མི་སྣ་བརྗེ་རེས་བྱེད་པའམ་ཁེ་གནོད་ཀྱི་འགལ་ཟླ་ཡོད་པའི་བཅའ་ཁྲིམས་རོགས་སྒྲུབ་མི་སྣ་ཕྱིར་གཤོལ་བྱེད་པའི་རེ་འདུན་བཏོན་ཆོག

རོགས་སྒྲུབ་མི་སྣས་འོས་འགན་གང་དག་ལག་བསྟར་བྱེད་དགོས།

རོགས་སྒྲུབ་མི་སྣས་གཤམ་གྱི་འོས་འགན་འདི་དག་ལག་བསྟར་བྱེད་དགོས། རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་ཐོབ་པའི་དོན་དངོས་ཀྱི་དངོས་ཡོད་བདེན་དཔང་དང་འབྲེལ་ཡོད་ཡིག་ཆ་བཅས་ཀྱིས་དཔལ་འབྱོར་ལ་དཀའ་ཁག་ཡོད་པ་བདེན་དཔང་བྱས་ནས། རིན་དངུལ་ཉུང་འཕྲི་བྱས་ཆོག བཅའ་ཁྲིམས་ཞབས་ཞུའི་རིན་དངུལ་མེད་པར་གཏོང་བའི་བདེན་དཔང་ཡིག་ཆ་ནི་བཅའ་ཁྲིམས་རོགས་སྒྲུབ་མི་སྣ་ལ་མཁོ་སྤྲོད་བྱེད་རྒྱུའི་དགོས་ངེས་ཀྱི་ཆ་རྐྱེན་ཞིག་ཡིན། རོགས་སྒྲུབ་མི་སྣ་ལ་རོགས་སྒྲུབ་གྱོད་དོན་དང་དོན་ཚན་གྱི་ཐག་གཅོད་ལས་ཁེ་སྤོགས་ཆེན་པོ་ཐོབ་པའི་སྐབས་སུ་བཅའ་ཁྲིམས་རོགས་སྒྲུབ་སྒྲིག་འཛུགས་ལ་བབ་བསྟུན་གྱིས་རིན་དངུལ་གཏན་འབེབས་བྱས་པའི་ཚད་གཞི་ལྟར་རིན་དངུལ་ཡོད་ཚད་དང་རིན་དངུལ་གྱི་ཆ་ཤས་སྤྲོད་དགོས།

བཅའ་ཁྲིམས་རོགས་སྒྲུབ་ལ་རེ་འདུན་ཇི་ལྟར་ཞུ་དགོས་སམ།

བཅའ་ཁྲིམས་རོགས་སྒྲུབ་ལ་རེ་འདུན་ཞུ་དུས་ཆ་རྐྱེན་གཉིས་ངེས་པར་དུ་ཚང་དགོས།

གཅིག་ནི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཐེབས་མཁན་ཡིན་དགོས་ཤིང་། གཉིས་ནི་དཔལ་འབྱོར་ཐད་ལ་དངོས་གནས་དཀའ་ཁག་ཡོད་པ། (སྡོད་དམངས་སྡོད་ཡུལ་གྱི་ས་གནས་དེའི་ལོ་རེའི་ཆེས་དམའ་བའི་འཚོ་བའི་འགན་སྲུང་ཚད་གཞི་ཡི་ལྡབ་གསུམ་ལས་དམའ་བ། )དོ་བདག་མི་སྣས་བཅའ་ཁྲིམས་རོགས་སྒྲུབ་ནི་གལ་ཏེ་གྱོད་དོན་ཞུ་གཏུག་ཡིན་ན། དོ་བདག་མི་སྣས་མངའ་ཁོངས་བདག་དོམ་དབང་ཆའི་མི་དམངས་ཁྲིམས་ཁང་ཡོད་སའི་རིམ་པ་མཚུངས་བའི་བཅའ་ཁྲིམས་རོགས་སྒྲུབ་ལས་ཁུངས་ལ་སྙན་ཞུ་ཞུས་ཆོག གལ་ཏེ་ཞུ་གཏུག་མིན་པའི་བཅའ་ཁྲིམས་ཀྱི་དོན་རྐྱེན་ཡིན་ཚེ་དུས་ཡུན་རིང་བོར་གཏན་སྡོད་བྱེད་ས་དང་བྱ་བ་སྒྲུབ་སའི་ལས་ཁུངས་ཡོད་སའི་བཅའ་ཁྲིམས་རོགས་སྒྲུབ་སྒྲིག་འཛུགས་ལ་རེ་འདུན་ཞུ་དགོས། བཅའ་ཁྲིམས་རོགས་སྒྲུབ་ལས་ཁུངས་ལ་རེ་འདུན་མ་བཏོན་པའི་ཡར་སྔོན་དུ་ཡིག་ཆ་རབས་དང་རིམ་པ་མང་པོ་ཞིག་གྲ་སྒྲིག་བྱེད་དགོས་ཤིང་། དཔེར་ན་ཐོབ་ཐང་དཔང་ཡིག་དང་དཔལ་འབྱོར་གནས་ཚུལ་ཐད་ཀྱི་བདེན་དཔང་། གྱོད་དོན་ངོ་སྤྲོད་མདོར་བསྡུས་དང་དེར་འབྲེལ་བདེན་དཔང་སོགས་ལྟ་བུའོ།

བཅའ་ཁྲིམས་རོགས་སྒྲུབ་ཀྱི་རྣམ་པ་ལ་གང་དག་ཡོད་དམ།

བཅའ་ཁྲིམས་འདྲི་རྟོག་དང་བཅའ་ཁྲིམས་གཞུང་ཡིག་ཚབ་འབྲི་བྱེད་པ། ཉེས་དོན་དག་འབུད་དང་ཉེས་དོན་ཞུ་གཏུག་གི་ཚབ་བྱེད། དམངས་དོན། སྲིད་འཛིན་ཞུ་གཏུག་ཚབ་བྱེད། ཞུ་གཏུག་མ་ཡིན་པའི་བཅའ་ཁྲིམས་དོན་ཚན་གྱི་ཚབ་བྱེད་བཅས་ཡོད།

སྤྱི་དམངས་ཀྱིས་ས་གནས་བཅའ་ཁྲིམས་རོགས་སྒྲུབ་སྒྲིག་འཛུགས་ལ་ཡིག་ཆ་གང་དག་སྤྲོད་དགོས་སམ།

ཐོབ་ཐང་ལག་འཁྱེར་དང་འཐུས་ཚབ་རེ་འདུན་མཁན་གྱིས་སྤྲོད་འོས་པའི་འཐུས་ཚབ་དབང་ཆའི་བདེན་དཔང་། དཔལ་འབྱོར་དཀའ་ཁག་གི་བདེན་དཔང་། རེ་འདུན་དོན་ཚན་ལ་འབྲེལ་བ་ཡོད་པའི་གྱོད་དོན་གྱི་རྒྱུ་ཆ་བཅས་ཡིན།

བཅའ་ཁྲིམས་རོགས་སྒྲུབ་ཀྱི་ཁྱབ་ཁོངས།

ཉེས་དོན་གྱོད་དོན། གཉོར་སྐྱོང་རིན་དངུལ་སྤྲོད་པའི་རེ་ཞུ། གཉོར་སྐྱོང་རིན་དངུལ། གསོ་སྐྱོང་རིན་དངུལ། འཆི་གོད་གྱོང་གསབ་རིན་དངུལ། རོགས་སྐྱོར་མ་དངུལ། སྤྱི་ཚོགས་ཀྱི་ཉེན་སྲུང་འགན་བཅོལ་དམིགས་གསལ་གཟིགས་སྐྱོང་དང་ཆེས་དམའ་བའི་འཚོ་བའི་འགན་སྲུང་གི་དམིགས་གསལ་གཟིགས་སྐྱོང་སྤྲོད་པ། ངལ་རྩོལ་ལས་ཕོགས་དང་འགྲིམ་འགྲུལ་དོན་རྐྱེན། དོན་རྐྱེན་གྱི་སྨན་རིན། ལས་རྨས་དོན་རྐྱེན། ཡང་ན་དེ་ལས་གཞན་པའི་མི་ལུས་ལ་གནོད་འཚེ་ཐེབས་པའི་གནོད་ཐེབས་མཁན། སྨན་རིན་ཕྱིར་ལེན་པ་དང་སྐྱིན་ཚབས་སྤྲོད་པ། དབང་བོ་སྐྱོན་ཅན། ནར་མ་སོན་པའི་མི། བགྲེས་སོང་། བུད་མེད་བཅས་ཀྱི་མི་ལུས་ལ་ཐེབས་པའི་གནོད་འཚེ་ཡི་སྐྱིན་ཚབས། རྒྱལ་ཁབ་ཀྱི་སྐྱིན་ཚབས་གྱོད་དོན་རེ་ཞུ་བྱེད་པ། རང་བདག་རང་བཙན་གྱི་བྱ་སྤྱོད་ལས་བསླངས་པའི་དམངས་དོན་ཁེ་ཕན་གྱི་དོན་ཚན། དེ་ལས་གཞན་པའི་བཅའ་ཁྲིམས་ཀྱི་རོགས་སྒྲུབ་དོན་ཚན་དགོས་མཁོ་ཅན། ངལ་རྩོལ་ལས་ཕོགས་དང་སྤྱི་ཚོགས་འགན་བཅོལ་སོགས་ཀྱི་གནད་དོན་ལ་གནོད་འཚེ་ཐེབས་པའི་ཁྲིམས་མཐུན་ངལ་རྩོལ་གྱི་ཁེ་ཕན། ས་བོན་རྫུན་མ་དང་ལུད་རྫས་རྫུན་མ། ཞིང་སྨན་རྫུན་མ། དེ་མིན་ཁོར་ཡུག་སྦགས་བཙོག་སོགས་ཀྱི་གནད་དོན་གྱིས་རང་ལུས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཐེབས་པ། ཁྱིམ་ཚང་གི་གཏུམ་སྤྱོད་དང་མནར་གཅོད། ཁྱིམ་ནས་སྒོར་ཕུད་པ་སོགས་ཀྱིས་མི་ལུས་ཀྱི་ཁེ་དབང་ལ་གནོད་འཚེ་ཐེབས་པ་སོགས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།