མཚོ་སྔོན་ཞིང་ཆེན་གྱི་དབུལ་སྐྱོར་སྡེ་སྤེལ་ལས་གཞི་དོ་དམ་བྱེད་ཐབས་ཀྱི་དྲི་བ་དྲིས་ལན།(༣)

དྲུག དབུལ་སྐྱོར་སྡེ་སྤེལ་ལས་གཞིའི་གོ་རིམ་ལ་དབྱེ་ན་གང་དག་ཡོད་དམ།

ལས་གཞི་ལག་བསྟར་བྱེད་སའི་དབུལ་ཕོངས་སྡེ་བ་གཏན་ཁེལ་བྱེད་པ། ཞུ་འབུལ་ཞིབ་མཆན་འགོད་པ། ལས་གཞི་ལག་བསྟར་བྱེད་པ། ཞིབ་བཤེར་རྩིས་ལེན་བྱེད་པ། རྗེས་ཕྱོགས་དོ་དམ་བྱེད་པ་བཅས་གོ་རིམ་ལྔའོ།

བདུན།དབུལ་སྐྱོར་སྡེ་སྤེལ་ལས་གཞི་དུས་ལྟར་ལེགས་འགྲུབ་འབྱུང་བའི་ཆ་རྐྱེན་ཅི་ཡིན་ནམ།

ཞིང་ཆེན་གྱིས་སྤྱི་འགན་འཁུར་ཞིང་ས་གནས་ཀྱིས་གཅིག་འདོམས་བྱེད་པ། རྫོང་གིས་ལག་བསྟར་འཛིན་པ། བྱ་བ་སྡེ་བར་ཐོན་པ་དང་དབུལ་སྐྱོར་ཁྱིམ་ཚང་ལ་ཐོབ་པ་བཅས་ཀྱི་དོ་དམ་སྒྲིག་གཞི་རྒྱུན་འཁྱོངས་བྱེད་པ་དང་། དབུལ་སྐྱོར་སྡེ་སྤེལ་ལས་གཞིར་ཏང་སྲིད་འགོ་ཁྲིད་ཀྱི་འགན་ཁུར་ལམ་ལུགས་དང་ལས་གཞིའི་ཁྲིམས་མི་ལམ་ལུགས་ལག་བསྟར་བྱེད་པ། ཁུལ་སོ་སོ(གྲོང་ཁྱེར་དང་ས་གནས)དང་རྫོང་ཏང་སྲིད་འགོ་ཁྲིད་ཀྱིས་གཙོ་འགན་འཁུར་བ་དང་། ལས་བགོས་འགོ་ཁྲིད་ཀྱིས་དངོས་སུ་འཛིན་པ། ཁུལ་སོ་སོའི་(གྲོང་ཁྱེར་དང་ས་གནས)དབུལ་སྐྱོར་གསར་སྤེལ་ཅུའི་ཅུ་ཀྲང་གིས་འགན་དངོས་འཁུར་བ། དབུལ་སྐྱོར་གསར་སྤེལ་ཅུ་ནི་ལས་གཞིའི་ཁྲིམས་མི་ཡིན་པ་དང་། དེའི་འགན་འཁྲི་ནི་རྩ་འཛུགས་བྱས་ནས་ལག་བསྟར་བྱེད་པ་དང་དབུལ་སྐྱོར་སྡེ་སྤེལ་ལས་གཞིར་དོ་དམ་བྱེད་པར་མ་ཟད། ཆེད་བསྐོས་མི་སྣ་མངགས་གཏོང་བྱས་ནས་དབུལ་སྐྱོར་སྡེ་སྤེལ་དམིགས་འབེན་མངོན་འགྱུར་ཡོང་བར་ཁག་ཐེག་བྱེད་དགོས།

བརྒྱད། དབུལ་སྐྱོར་སྡེ་སྤེལ་ལས་གཞིའི་སྡེ་བ་དང་ལས་གཞིའི་ཁྱིམ་ཚང་གཉིས་ཇི་ལྟར་ངོས་འཛིན་བྱེད་དགོས་སམ།

དབུལ་སྐྱོར་སྡེ་སྤེལ་ལས་གཞི་སྒྲུབ་པའི་སྡེ་བ་དེ་ངེས་པར་དུ《མཚོ་སྔོན་ཞིང་ཆེན་གྱི་དབུལ་སྐྱོར་གསར་སྤེལ་འཆར་འགོད》ནང་གཏན་ཁེལ་བྱས་པའི་དབུལ་ཕོངས་སྡེ་བ་ཡིན་དགོས་ལ། ལས་གཞིའི་ཁྱིམ་ཚང་དེ་ངེས་པར་དུ་དབུལ་ཕོངས་ཁྱིམ་ཚང་ཡིན་དགོས། དབུལ་སྐྱོར་སྡེ་སྤེལ་ལས་གཞི་བསྒྲུབས་ཟིན་པའི་དབུལ་ཕོངས་སྡེ་བ་དེ་དག་ཡང་བསྐྱར་བཀོད་སྒྲིག་བྱེད་མི་འོས། དབུལ་སྐྱོར་སྡེ་སྤེལ་ལས་གཞིས་རོགས་སྐྱོར་བྱེད་པའི་དབུལ་ཕོངས་ཁྱིམ་ཚང་དེ། ལམ་ལུགས་གཉིས་ལ་བརྟེན་ནས་གཏན་ཁེལ་བྱས་པའི་དབུལ་ཕོངས་ཁྱིམ་གྲངས་དང་མི་གྲངས་རྨང་གཞིར་བྱེད་དགོས་ཤིང་། སྡེ་དམངས་ཚོགས་ཆེན་སྟེང་ནན་ཏན་སྒོས་གྲོས་བསྡུར་བྱས་ནས་རང་སྡེའི་དབུལ་སྐྱོར་ཁྱིམ་ཚང་གཏན་ཁེལ་བྱེད་པ། དབུལ་སྐྱོར་ཁྱིམ་ཚང་ལ་དངོས་གནས་ཕན་འབྲས་འབྱུང་བ་ཁག་ཐེག་བྱེད་དགོས། ཡིག་ཚགས་དང་བྱང་བུ་འཛུགས་པའི་བྱ་བ་འཐུས་ཚང་དུ་བཏང་སྟེ། ཡུལ་ཚོ་དང་སྡེ་བར་རུའི་མིག་ཡོད་པ་དང་ཁྱིམ་ཚང་ལ་བྱང་བུ་ཡོད་པ་བྱ་དགོས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།