མཚོ་སྔོན་ཞིང་ཆེན་གྱི་དབུལ་སྐྱོར་སྡེ་སྤེལ་ལས་གཞི་དོ་དམ་བྱེད་ཐབས་ཀྱི་དྲི་བ་དྲིས་ལན།(༤)

དགུ། དབུལ་སྐྱོར་སྡེ་སྤེལ་ལས་གཞིའི་དོ་དམ་གོ་རིམ་གང་དག་ཡོད་དམ།

1、ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་ལོ་རེའི་ལོ་མགོར་ཞིང་ཆེན་སྲིད་གཞུང་གིས་གཏན་ཁེལ་བྱས་པའི《ཞིང་ལས་མ་དངུལ་བཀོད་སྒྲིག་འཆར་གཞི》ནང་བཀོད་སྒྲིག་བྱས་པའི་དབུལ་སྐྱོར་སྡེ་སྤེལ་ཐད་བཀོལ་བའི་མ་དངུལ་གྱི་ཚད་དང་། དབུལ་སྐྱོར་སྡེ་སྤེལ་བྱས་ཚར་བའི་སྡེ་གྲངས། ལོ་འཁོར་མོའི་ནང་ཇེ་ཉུང་དུ་སོང་བའི་དབུལ་ཕོངས་མི་གྲངས་བཅས་གཞིར་བཞག་ཐོག དབུལ་སྐྱོར་སྡེ་སྤེལ་གྱི་རོགས་སྐྱོར་ཚད་གཞིར་བརྟེན་ནས་ལོ་དེར་ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་སྡེ་སྤེལ་ལས་གཞི་སྒྲུབ་པའི་དབུལ་ཕོངས་སྡེ་བའི་ཁ་གྲངས་ཞིབ་རྩིས་བྱེད་པ་ཡིན།

2、ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས《མཚོ་སྔོན་ཞིང་ཆེན་གྱི་དབུལ་སྐྱོར་གསར་སྤེལ་འཆར་འགོད》ལ་བརྟེན་ནས་ལོ་འཁོར་མོའི་འཆར་གཞི་བགོས་ནས་ས་གནས་སོ་སོའི་ལོ་དེའི་འཆར་གཞི་ལག་བསྟར་བྱེད་པའི་དབུལ་སྡེའི་ཁ་གྲངས་གཏན་ཁེལ་བྱེད་པ། ལམ་ལུགས་གཉིས་ལ་བརྟེན་ནས་དབུལ་སྐྱོར་ཁྱིམ་ཚང་ཞིབ་རྩིས་བྱེད་ཅིང་། ལོ་སྔོན་མའི་ཞིང་ཆེན་རིམ་པའི་ཞིབ་བཤེར་དང་རྩིས་ལེན། དཔྱད་ཞིབ་མཇུག་འབྲས་བཅས་ལེགས་སྒྲིག་བྱས་རྗེས། ལོ་ཐོག་དབུལ་སྐྱོར་སྡེ་སྤེལ་བྱེད་པའི་དབུལ་སྡེའི་ཁ་གྲངས་དང་། དབུལ་ཁྱིམ་ཁ་གྲངས་། མི་གྲངས། མ་དངུལ་གྱི་གཞི་ཁྱོན་སོགས་དམིགས་ཚད་དབྱེ་ཕྲལ་བྱས་ནས་ཁུལ་སོ་སོའི་(ས་གནས་གྲོང་ཁྱེར)དབུལ་སྐྱོར་གསར་སྤེལ་ཅུ་ལ་བརྒྱུད་བསྒྲགས་བྱེད་དགོས།

3、ཁུལ་སོ་སོའི་(ས་གནས་གྲོང་ཁྱེར)དབུལ་སྐྱོར་གསར་སྤེལ་ཅུས་རང་ས་གནས་ཀྱི་མ་དངུལ་ལམ་དབུལ་སྐྱོར་ཁྱིམ་གྲངས་དང་མི་གྲངས། མ་དངུལ་སོགས་ཚོད་འཛིན་དམིགས་ཚད་དེ། མངའ་ཁུལ་ཀྱི་རྫོང་སོ་སོའི་དབུལ་སྐྱོར་གསར་སྤེལ་ཅུར་དབྱེ་ཕྲལ་བརྒྱུད་སྤྲོད་བྱེད་པ་དང་། རྫོང་སོ་སོས་རྫོང་རིམ་པའི་དབུལ་སྐྱོར་གསར་སྤེལ་འཆར་འགོད་ལྟར་དཀའ་མོ་སྔོན་དང་སླ་མོ་རྗེས་སུ་སྒྲུབ་པའི་རྩ་དོན་ལྟར། དབུལ་ཕོངས་ཚད་རིམ་ལ་གཞིགས་ནས་དབུལ་སྐྱོར་སྡེ་སྤེལ་ལས་གཞི་སྒྲུབ་པའི་དབུལ་སྡེའི་མིང་ཐོ་འདོན་པ་དང་། རྫོང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་ལ་ཡར་ཞུ་བྱས་ནས་གཏན་ཁེལ་བྱེད་པ་ཡིན། འཆར་འགོད་ནང་བཞག་མེད་པའི་སྡེ་བ་གཞན་པར་དབུལ་སྐྱོར་སྡེ་སྤེལ་ལས་གཞི་བཀོད་སྒྲིག་བྱེད་མི་རུང་།

བཅུ། དབུལ་སྐྱོར་སྡེ་སྤེལ་ལས་གཞིའི་དམིགས་འབེན་ཅི་ཞིག་ཡིན་ནམ།

(གཅིག)དབུལ་ཕོངས་རོང་འབྲོག་པའི་མི་རེའི་ཡོངས་སྒོ་ཇེ་མཐོར་འགྲོ་བ།

1、ལས་གཞི། རོགས་སྐྱོར་བྱས་པའི་དབུལ་ཁྱིམ་ལ་ཡོང་སྒོ་བརྟན་པོ་ཡིན་པའི་ལས་གཞི་སྣ་གཅིག་ཡོད་པ། དབུལ་སྡེའི་སྤུས་ལེགས་ཐོན་ལས་ཀྱི་རྣམ་པ་ཧ་ལམ་གྲུབ་ཟིན་པ། རྒྱུན་འཁྱོངས་འཕེལ་རྒྱས་ཀྱི་ནུས་ཤུགས་སྔར་ལས་མཐོར་འདེགས་ཡོང་བ།

2、ཡོངས་སྒོ། རོགས་སྐྱོར་བྱས་པའི་དབུལ་ཁྱིམ་གྱི་ལོའི་ཡོང་སྒོ་རྐྱང་བ12%ཡན་ལ་འཕར་བ། འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་སྟེ། ཞིང་ མི་རེའི་ཆ་སྙོམས་ཡོང་སྒོ་རྐྱང་བ་ལོའི་ནང་དུ་སྒོར2300ཡན་ལ་སླེབས་པ།

(གཉིས།)གཞི་རྩའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་སྒྱུར་བྱེད་པ།

1、འཐུང་ཆུ། སྡེ་བ་ཡོངས་ཀྱི་མི་ཕྱུགས་འཐུང་ཆུའི་དཀའ་ངལ་ཐག་གཅོད་བྱེད་པ་དང་འཐུང་ཆུའི་བདེ་འཇགས་ཚད་གཞིར་སླེབས་པ།

2、གློག་འཐེན་པ། ཕྱི་ཚུལ་ནས་མཁོ་འདོན་བྱེད་པའི་གློག་དང་ཡང་ན་ཉི་འོད་ནུས་པའི་གློག་ཁུངས་སོགས་བྱེད་ཐབས་སྤྱད་དེ་དབུལ་སྡེའི་ཐོན་སྐྱེད་འཚོ་བར་མཁོ་བའི་གློག་ཐག་གཅོད་བྱེད་དགོས་པ།

3、བགྲོད་ལམ། ཞིང་ལས་ས་ཁུལ་གྱི་ཡུལ་ཚོ་དང་དབུལ་སྡེ་བར་གྱི་བགྲོད་ལམ་ཤར་གཏོང་ཐུབ་པ། སྡེ་བ་དང་སྡེ་བའི་བར་གྱི་བགྲོད་ལམ་འབྲེལ་མཐུད་ཡིན་པ། ཆ་རྐྱེན་ལྡན་པའི་དབུལ་སྡེར་སྣུམ་སྙིགས་བཏིང་བའི་ལམ་བསྐྲུན་པ། སྡེ་བ་ནང་གི་བགྲོད་ལམ་ཨར་འདམ་སྲ་འགྱུར་གྱི་ལམ་བསྐྲུན་པ། ཕྱུགས་ལས་ས་ཁུལ་གྱི་ཡུལ་ཚོ་དང་འབྲོག་ཨུ་ཁང་། འབྲོག་ཨུ་ཁང་སོ་སོའི་བར་ཚད་རིམ་བཞི་བའི་ཟེགས་མའི་ལམ་དང་ཡང་ན་སྟབས་སྡེའི་ལམ་བསྐྲུན་པ།

(གསུམ།)ཐུན་མོང་ཞབས་ཕྱིའི་སྒྲིག་བཀོད་ལེགས་སྒྱུར་བྱེད་པ།

1、རྨང་གཞིའི་སློབ་གསོ། སློབ་སྒྲུབ་ཆ་རྐྱེན་ལེགས་སྒྱུར་བྱེད་པ་དང་འབྲིང་ཆུང་སློབ་གྲྭའི་སྒྲིག་གཞི་ལེགས་སྒྲིགས་བྱེད་པ། ལོ་དགུའི་འོས་འགན་སློབ་གསོ་ལག་བསྟར་བྱེད་པ། ཧུར་བརྩོན་སྒོས་སློབ་སྔོན་དང་མཐོ་འབྲིང་རིམ་པའི་སློབ་གསོར་སྐུལ་འདེད་བཏང་སྟེ། སློབ་ལོ་རན་པའི་བྱིས་པ་སློབ་འཇུག་གི་ཚད 98% ཡན་ལ་སླེབས་པ། གཞོན་དར་མི་སྣའི་ཡིག་རྨོངས་སེལ་ཞིང་མང་ཚོགས་ཀྱི་རིག་གནས་ཆུ་ཚད་མཐོར་འདེགས་གཏོང་བ།

2、སྨན་བཅོས་འཕྲོད་བསྟེན། དབུལ་སྡེས་འཕྲོད་བསྟེན་ཁང་འཛུགས་དགོས་པ་དང་། དེའི་ཚད་གཞི་ནི་ཞིང་ཆེན་རིམ་པའི་འཕྲོད་བསྟེན་ཁང་གི་ཚད་གཞིར་སླེབས་དགོས་པ། ཚད་མཐུན་གྱི་ཞིང་སྡེའི་སྨན་པ་བཀོད་སྒྲིག་བྱེད་ཅིང་། ཡུལ་ཚོ་དང་སྡེ་བའི་ཞབས་ཞུའི་་ཕུང་བོ་དོ་མཉམ་ཡོང་དགོས་པའི་བླང་བྱ་ལྟར། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་མཐོར་འདེགས་བཏང་སྟེ་རོང་འབྲོག་པ་མང་ཚོགས་སྨན་ཁང་སྟོན་དཀའ་བའི་གནད་དོན་ཐག་གཅོད་བྱེད་པ།

3、རིག་གནས་ལས་དོན། རྒྱང་བསྒྲགས་བརྙན་འཕྲིན་སྡེ་བར་ཐོན་ཚད 98%དང་85% ཡན་ལ་སླེབས་པ། སྡེ་བར་རིག་གནས་བྱ་འགུལ་སྤེལ་གནས་ཡོད་པ། མང་ཚོགས་ཀྱི་རིག་གནས་འཚོ་བ་ཇེ་ལེགས་སུ་གཏོང་བ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།