མཚོ་སྔོན་ཞིང་ཆེན་གྱི་དབུལ་སྐྱོར་སྡེ་སྤེལ་ལས་གཞི་དོ་དམ་བྱེད་ཐབས་ཀྱི་དྲི་བ་དྲིས་ལན།(༥)

བཅུ་གཅིག  དབུལ་སྐྱོར་སྡེ་སྤེལ་ལས་གཞིར་འཆར་གཞི་འཐེན་སྐབས་ཞིབ་མཆན་གོ་རིམ་གང་དག་ཡོད་དམ།

(གཅིག)རྫོང་སོ་སོའི་དབུལ་སྐྱོར་གསར་སྤེལ་འཆར་འགོད་གཞིར་བྱས་ཐོག  དབུལ་ཕོངས་མང་ཚོགས་ཀྱི་བསམ་འཆར་ལ་བརྩི་མཐོང་དང་།  རྫོང་རིམ་པའི་དབུལ་སྐྱོར་སྡེ་སྤེལ་ལས་གཞིའི་མཛོད་ཁང་འཛུགས་སྐྲུན་བྱེད་པ།

(གཉིས)རྫོང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་གི་གཅིག་གྱུར་འགོ་ཁྲིད་འོག་དབུལ་སྐྱོར་གསར་སྤེལ་ཅུས་སྣེ་འཁྲིད་དེ།  འབྲེལ་ཡོད་སྲིད་འཛིན་ལས་ཁུངས་དང་ཡུལ་ཚོ་དང་སྡེ་བའི་ལས་བྱེད་པ་ཁྱིམ་ཚང་རེ་རེར་སོང་སྟེ།  ཕྱོགས་ཡོངས་ནས་དབུལ་ཕོངས་སུ་གྱུར་བའི་རྒྱུ་རྐྱེན་ལ་དབྱེ་ཞིབ་དང་།  རྨང་གཞིའི་སྒྲིག་བཀོད་དང་སྤྱི་ཚོགས་ལས་དོན་གྱི་གནས་བབ་རྒྱུས་ལོན་བྱེད་པ།  རྫོང་ཁོངས་དཔལ་འབྱོར་གྱི་འཕེལ་རྒྱས་རྣམ་པ་དང་ཟུང་འབྲེལ་བྱས་ནས།  རང་སྡེའི་གནས་བབ་ལ་གཞིགས་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་ལས་གཞི་དང་ཆ་ཚང་འཛུགས་སྐྲུན་ཐད་ཀྱི་རྨང་གཞི་སྒྲིག་བཀོད་དང་སྤྱི་ཚོགས་ལས་དོན་ལས་གཞི་ཞིབ་འཇུག་བྱས་ནས་འདོན་པ་དང་།  ནན་ཏན་སྒོས་དབུལ་སྐྱོར་སྡེ་སྤེལ་ལས་གཞིའི་ལག་བསྟར་འཆར་གཞི་རྩོམ་སྒྲིག་བྱེད་པ་མ་ཟད།  རོགས་སྐྱོར་དབུལ་ཁྱིམ་གྱི་མིང་ཐོ་ཟུར་བཀོད་བྱེད་དགོས།  ལས་གཞི་ལག་བསྟར་འཆར་གཞི་རྫོང་རིམ་པའི་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་དང་ཡང་ན་རྫོང་སྲིད་གཞུང་གིས་ཞིབ་བཤེར་བརྒྱུད་ཡིད་འཐད་བྱུང་རྗེས་གཞུང་མཐིལ་རྒྱབ་ནས་ཁུལ་དབུལ་སྐྱོར་གསར་སྤེལ་ཅུས་ལ་ཞུ་འབུལ་བྱེད་པ།

(གསུམ)ཁུལ་སོ་སོའི་དབུལ་སྐྱོར་གསར་སྤེལ་ཅུས་འབྲེལ་ཡོད་ཆེད་མཁས་པ་གདན་དྲངས་སྟེ།  ནོར་སྲིད་སྡེ་ཁག་དང་མཉམ་འབྲེལ་སྒོས།  ཞིང་ཆེན་རིམ་པའི་དབུལ་སྐྱོར་གསར་སྤེལ་ཅུའི་མཛུབ་སྟོན་འོག་ཏུ།  རང་ས་གནས་ནས་ཞུ་འབུལ་བྱས་པའི་དབུལ་སྐྱོར་སྡེ་སྤེལ་ལས་གཞིའི་ལག་བསྟར་འཆར་གཞི་ལ་ཞིབ་བཤེར་དང་རིགས་པའི་སྒྲུབ་པ།རྫོང་སོ་སོའི་དབུལ་སྐྱོར་གསར་སྤེལ་ཅུས་དེའི་རྨང་གཞི་ལག་བསྟར་འཆར་གཞིར་ཁ་གསེབ་བཟོ་བཅོས་བྱེད་པ།ཁུལ་དབུལ་སྐྱོར་གསར་སྤེལ་ཅུས་བཟོས་བཅོས་བྱས་པའི་ལས་གཞི་ལ་ཆོག་མཆན་ཡི་གེ་གནང་བའམ།ལས་གཞི་ཕྱོགས་བསྡོམས་བྱས་རྗེས།  ལས་གཞིའི་ཆོག་མཆན་དང་ལས་གཞའི་ཕྱོགས་སྡོམ་རེའུ་མིག་དང་ལས་གཞི་ལག་བསྟར་འཆར་གཞི་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུར་ཕུལ་དེ་ཡིག་ཚགས་སུ་འཇོག་པ།  ཁུལ་སོ་སོའི་དབུལ་སྐྱོར་གསར་སྤེལ་ཅུས་ནན་ཏན་སྒོས་འགག་སྒོ་སྲུང་དགོས་པ།  ལས་གཞི་ལག་བསྟར་འཆར་གཞིར་རྫོང་སྲིད་གཞུང་གིས་ཞིབ་བཤེར་ཡིད་འཐད་མ་བྱུང་བར་ཞིབ་བཤེར་ཁུངས་སྐྱེལ་བྱེད་མི་རུང་།  ནན་ཏན་སྒོས་བཟོས་བཅོས་ལེགས་པོ་མ་བྱས་ན་ལས་གཞིའི་ཆོག་མཆན་གནང་མི་ཆོག  ཆོག་མཆན་མ་གནང་བའི་ལས་གཞི་འཛུགས་སྐྲུན་བྱེད་མི་རུང་།

(བཞི)ལས་གཞིར་ཆོག་མཆན་གནང་རྗེས་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་ཕྱོགས་སྡོམ་བྱེད་པ་དང་།  ལོ་དེའི་ནང་དུ་ལག་བསྟར་བྱས་པའི་དབུལ་སྐྱོར་སྡེ་སྤེལ་ལས་གཞི《མཚོ་སྔོན་ཉིན་རེའི་ཚགས་པར》སོགས་ཞིང་ཆེན་རིམ་པའི་ཤོག་བཟོས་སྨྱན་གཟུགས་སྟེང་སྤྱི་བསྒྲགས་བྱེད་པ།  རྫོང་དབུལ་སྐྱོར་གསར་སྤེལ་ཅུའི་ལྟ་སྐུལ་འོག་ཡུལ་ཚོ་དང་སྡེ་བར་སྤྱི་བསྒྲགས་བྱེད་དུ་འཇུག་པ་དང་།  དབུལ་སྐྱོར་སྡེ་སྤེལ་ལས་གཞིའི་སྤྱི་བསྒྲགས་བྱང་བུ་འགེལ་པ།

(ལྔ།)རྫོང་སོ་སོའི་དབུལ་སྐྱོར་གསར་སྤེལ་ཅུས་ནན་ཏན་སྒོས་ལས་གཞིའི་ཆོག་མཆན་ལྟར་ལག་བསྟར་བྱེད་པ་ལས།   རང་དགར་ལས་གཞའི་གནས་ཡུལ་དང་འཛུགས་སྐྲུན་བྱེད་ཕྱོགས།  ལས་གཞིའི་མ་དངུལ་སོགས་བསྒྱུར་བཅོས་བྱེད་མི་རུང་།  གལ་ཏེ་ངེས་པར་དུ་བསྒྱུར་བཅོས་བྱ་དགོས་ཚེ་ལས་གཞིའི་འགྲོ་རིམ་ལྟར་གཙོ་གཉེར་སྡེ་ཁག་དག་ལ་སྙན་སེང་ཞུ་  དགོས། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་ཡིད་འཐད་བྱུང་བ།  དེ་ནས་ཁུལ་དབུལ་སྐྱོར་གསར་སྤེལ་ཅུས་བསྒྱུར་བཅོས་བྱེད་ཆོག་པའི་ཆོག་མཆན་གནང་རྗེས་ད་གཟོད་ལག་བསྟར་བྱས་ཆོག   ཆོག་མཆན་མ་གནང་བར་རང་དགར་བསྒྱུར་བཅོས་བྱེད་མི་ཆོག

 བཅུ་གཉིས།   དབུལ་སྐྱོར་སྡེ་སྤེལ་ལས་གཞིའི་བྱ་བའི་འགན་འཁྲི་གང་དག་ཡོད་དམ།

1、ཁུལ་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་གིས་རང་ས་གནས་ཀྱི་དབུལ་སྐྱོར་སྡེ་སྤེལ་བྱ་བར་གཅིག་གྱུར་བཀོད་འདོམས་བྱེད་པ་སྟེ།  ལས་རིགས་ཁག་གི་དབུལ་སྐྱོར་ལས་གཞི་དང་མ་དངུལ་མཐུན་སྦྱོར་ལག་བསྟར་བྱེད་པ་དང་།  ལས་གཞིའི་ལག་བསྟར་གནས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་པ།  ལས་གཞིར་བསྐྱར་ཞིབ་བྱེད་པ།   དབུལ་སྐྱོར་སྡེ་སྤེལ་ལས་གཞིའི་དམིགས་འབེན་དང་འགན་ཁུར་དུས་ལྟར་ལེགས་འགྲུབ་བྱུང་བར་ཁག་ཐེག་བྱེད་པ།

2、རྫོང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་གི་འགོ་ཁྲིད་གཙོ་བོས་རང་རྫོང་གི་དབུལ་སྐྱོར་སྡེ་སྤེལ་བྱ་བར་སྤྱི་འགན་འཁུར་དགོས་ཞིང་།  ལས་བགོས་འགོ་ཁྲིད་ཀྱིས་དངོས་འགན་འཁུར་བ། དེའི་འགན་འཁྲི་གཙོ་བོ་ནི།  མ་དངུལ་དང་ཐོན་ཁུངས་གཅིག་བསྡུས་བྱེད་པ།  ལས་གཞའི་འཆར་གཞི་ལག་བསྟར་བྱེད་པར་རྩ་འཛུགས་བྱེད་པ།  སྤྱི་ཚོགས་ཞབས་ཕྱི་འདོན་སྤྲོད་བྱེད་པ། དངོས་སྤྱོད་ལག་རྩལ་གྱི་གསོ་སྦྱོང་སྤེལ་བ།  ལས་གཞིར་བདའ་འདེད་ཞིབ་བཤེར་དང་རང་སྟེང་དཔྱད་ཞིབ་དང་རྗེས་ཕྱོགས་དོ་དམ་བྱ་བ་སོགས་དམ་འཛིན་བྱེད་པ།  

3、ཡུལ་ཚོ་དང་གྲོང་རྡལ་མི་དམངས་སྲིད་གཞུང་གི་འགན་འཁྲི་གཙོ་བོ་དབུལ་སྡེའི་མང་ཚོགས་སྐུལ་ལྷུང་དང་རྩ་འཛུགས་བྱས་ནས་ལས་གཞི་ལག་བསྟར་བཟང་བོ་བྱེད་པ་དང་།

དབུལ་སྡེའི་ལས་གཞི་ལག་བསྟར་བཡེད་པའི་གནས་ཚུལ་དང་མ་དངུལ་བཀོལ་སྤྱོད་གནས་ཚུལ་ལ་ལྟ་ལྟོག་དང་ཞིབ་བཤེར་བྱེད་པ།  དབུལ་སྡེའི་དབུལ་སྐྱོར་སྡེ་སྤེལ་ལས་གཞིའི་རྨང་གཞིའི་རྩ་བའི་གཞི་གྲངས་ཞིབ་དཔྱོད་དང་ཕྱོགས་སྡོམ་བྱེད་པ།ལས་གཞིའི་ལྟ་སྐུལ་དོ་དམ་འགན་འཁྲི་ལག་བསྟར་བྱེད་པ།  ལས་གཞིའི་འཁོར་བསྐྱོད་གནས་ཚུལ་དང་ནོར་སྲིད་སྙན་ཞུའི་རེའུ་མིག་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཏེ།  ལས་གཞིའི་ཁྱིམ་ཚང་གི་ཁེ་ཕན་སྲུང་སྐྱོང་བྱེད་པ།

4、སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་(སྡེ་བའི་ཀྲི་པུའུ་ཧྲུའུ་ཅི)ནི་རང་སྡེ་བའི་དབུལ་སྐྱོར་སྡེ་སྤེལ་ལས་གཞིའི་དངོས་འགན་འཁུར་མཁན་ཡིན།  སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་རྫོང་དབུལ་སྐྱོར་གསར་སྤེལ་ཅུས་ལ་རོགས་རམ་བྱས་ནས་ལས་གཞིའི་ལག་བསྟར་འཆར་གཞི་བཟོ་སྒྲིག་བྱེད་པ་དང་།  འཛིན་ཡིག་ཕྱོགས་སྡོམ་གྱི་འགན་འཁུར་བ།  ལག་བསྟར་བྱེད་པའི་ལས་གཞི་སྤྱི་བསྒྲགས་བྱེད་པ།  མང་ཚོགས་རྩ་འཛུགས་བྱས་ནས་ངལ་ལས་གཏོང་བ།ལས་གཞི་འཛུགས་སྐྲུན་གྱི་མྱུར་ཚད་དང་རྒྱུ་སྤུས་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་པ།ལས་གཞིའི་རྒྱུ་ནོར་དང་རྗེས་ཕྱོགས་དོ་དམ་ལ་ཤུགས་སྣོན་བྱེད་པ།དབུལ་སྐྱོར་གྲུབ་འབྲས་སྲ་བརྟན་གཏོང་བ།

   བཅུ་གསུམ།  དབུལ་སྐྱོར་སྡེ་སྤེལ་ལས་གཞིའི་མ་དངུལ་དོ་དམ་དང་ལྟ་སྐུལ་ནང་དོན་གང་དག་ཡོད་དམ།

1、དབུལ་སྐྱོར་སྡེ་སྤེལ་ལས་གཞིའི་མ་དངུལ་དེ་རྒྱལ་ཁབ་ཀྱི《ནོར་སྲིད་དབུལ་སྐྱོར་ཆེད་སྤྱོད་མ་དངུལ་དོ་དམ་བྱེད་ཐབས་》དང་《མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་ལས་གཞི་དང་མ་དངུལ་དོ་དམ་བྱེད་ཐབས》ལྟར་མ་དངུལ་གྱི་བཀོལ་སྤྱོད་ཁྱབ་ཁོངས་དང་གཏོང་ཡུལ་གཏན་ཁེལ་བྱས་ཏེ།  གང་འདོད་ལྟར་སྒྲུབ་པ་དང་བསྐྱར་སྐྲུན།  རྨོངས་ཚོད་ཀྱིས་གཏོང་བ་སྔོན་འགོག་བྱེད་དགོས།

2、དབུལ་སྐྱོར་སྡེ་སྤེལ་མ་དངུལ་བདེ་འཇགས་ངང་འཁོར་སྐྱོད་བྱེད་ཆེད།  དབུལ་སྐྱོར་མ་དངུལ་ངེས་པར་དུ་ཆེད་དམིགས་ཁྱིམ་ཚང་གིས་དོ་དམ་བྱེད་པ་དང་།  ནང་སྡོམ་འཁོར་སྐྱོད་བྱས་ཏེ།  མ་དངུལ་ཆེད་དབུལ་ཆེད་སྤྱོད་བྱེད་པར་ཁག་ཐེག་བྱེད་པ།དབུལ་སྐྱོར་མ་དངུལ་གྱི་ཁ་གྲངས་དང་གཏོང་ཡུལ་གཉིས་ངེས་པར་དུ་སྤྱི་བསྒྲགས་བྱེད་དགོས།  དབུལ་སྐྱོར་དང་ནོར་སྲིད།  རྩིས་བཤེར་སོགས་སྡེ་ཁག་གིས་ལས་གཞིའི་མ་དངུལ་གྱི་བཀོལ་སྤྱོད་གནས་ཚུལ་དུས་བཅད་ལྟར་ལྟ་སྐུལ་དང་ཞིབ་བཤེར་བྱེད་པ།རྫོང་སོ་སོའི་དབུལ་སྐྱོར་གསར་སྤེལ་ཅུས་རྫོང་རིམ་པའི་རྩིས་བཤེར་སྡེ་ཁག་གདན་འདྲེན་ཞུས་ཏེ་དབུལ་སྐྱོར་སྡེ་སྤེལ་ལས་གཞིའི་འཛུགས་སྐྲུན་དང་མ་དངུལ་བཀོལ་སྤྱོད་གནས་ཚུལ་ལ་རྩིས་བཤེར་བྱེད་པ་མ་ཟད།  རྩིས་བཤེར་སྙན་ཞུ་འདོན་སྤྲོད་བྱེད་དགོས།

བཅུ་བཞི། དབུལ་སྐྱོར་སྡེ་སྤེལ་ལས་གཞི་ལག་བསྟར་བྱེད་པའི་ནང་དོན་གཙོ་བོ་གང་དག་ཡོད་དམ།

1、དབུལ་སྐྱོར་སྡེ་སྤེལ་ལས་གཞི་ལག་བསྟར་བྱེད་ཡུན་སྤྱིར་བཏང་ལོ་གཅིག་ཡིན་ལ། དབུལ་སྡེ་ཁ་ཤས་གཅིག་བསྡུས་འཛུགས་སྐྲུན་བྱེད་པའི་གསོ་སྤེལ་གནས་གཞི་དང་ཐོན་ལས་གཉིས་པ་དང་གསུམ་པའི་ལས་གཞི་དག་ལོ་དེར་མི་འགྲུབ་ན་ལོ་བརྒལ་ནས་ལག་བསྟར་བྱེད་དགོས།དབུལ་སྐྱོར་སྡེ་སྤེལ་ལས་གཞི་ལག་བསྟར་བྱེད་ཚེ་ངེས་པར་དུ་ཆོག་མཆན་ནང་དུ་འཁོད་པ་ནང་བཞིན་དུས་ལྟར་ལེགས་འགྲུབ་བྱུང་དགོས་པ་དང་འབྲེལ་ཡོད་ལས་རིགས་ཀྱི་གཏན་ཁེལ་ཚད་གཞིར་སླེབས་སུ་འཇུག་དགོས།

2、དབུལ་སྐྱོར་སྡེ་སྤེལ་ལས་གཞི་གཟབ་ནན་སྒོས་ལས་རིགས་ཀྱི་ཚད་གཞི་ལྟར་ལག་བསྟར་བྱེད་པ་དང་། དངོས་པོ་འབོར་ཆེན་དང་སྒྲིག་ཆས་ངེས་པར་དུ་ཡོངས་བསྒྲགས་སྒོས་འོས་འགུག་འོས་འཇུག་ལམ་ལུགས་ལག་བསྟར་བྱེད་པ་དང་། སྲིད་གཞུང་གིས་གཅིག་བསྡུས་ཉོ་སྒྲུབ་ལམ་ལུགས་ལག་བསྟར་བྱེད་པ། གསོན་ཕྱུགས་གཞན་སར་གཏོང་འདྲེན་བྱེད་ཚེ་ངེས་པར་དུ་ལས་རིགས་གཙོ་གཉེར་སྡེ་ཁག་གི་གཏན་ཁེལ་ལྟར། འབྲེལ་ཡོད་འགྲོ་ལུགས་འགྲིམ་དགོས་པ་དང་།ཞིང་ཕྱུགས་སྡེ་ཁག་དང་མཉམ་དུ་རྒྱུ་སྤུས་གནད་འགག་དམ་འཛིན་བྱས་ཏེ་ཕྱུགས་ནད་སྔོན་འགོག་བྱ་བ་ལེགས་པར་སྒྲུབ་དགོས།

3、དབུལ་སྐྱོར་སྡེ་སྤེལ་ལས་གཞིའི་གཞི་འཛུགས་ལས་གཞིར་བཟོ་སྐྲུན་འོས་འགུག་ལམ་ལུགས་དང་གན་རྒྱ་དོ་དམ་ལམ་ལུགས་དང་ལས་གཞི་ལྟ་སྐུལ་ལམ་ལུགས་ལག་བསྟར་བྱེད་པ།  ངེས་པར་དུ་ལས་རིགས་ལག་རྩལ་ཚད་གཞི་ལྟར་ལག་བསྟར་བྱེད་དགོས་པ་དང་།ལས་སྒྲུབ་སྡེ་ཁག་གིས་གཟབ་ནན་སྒོས་འཆར་གཞའི་དཔེ་རིས་ལྟར་ཨར་ལས་སྒྲུབ་པ་ལས། གང་འདོད་ལྟར་འཛུགས་སྐྲུན་བྱ་ཡུལ་ལམ་གཞི་ཁྱོན་དང་ཚད་གཞི། འཛུགས་སྐྲུན་ནང་དོན་གཙོ་བོ་སོགས་བསྒྱུར་བཅོས་བྱེད་མི་ཆོག  ནུས་བབ་ལྡན་པའི་ལྟ་སྐུལ་དོ་དམ་ལས་ཁུངས་གདན་འདྲེན་ཞུས་ཏེ་ལས་གཞི་ལག་བསྟར་བྱེད་པའི་གོ་རིམ་ཡོངས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པ།རིམ་པ་སོ་སོའི་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་གིས་ལས་གཞི་ལག་བསྟར་གོ་རིམ་གྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ཏེ་རྒྱུ་སྤུས་འགག་སྒོ་ནན་སྲུང་བྱེད་དགོས།  

4、དབུལ་སྐྱོར་སྡེ་སྤེལ་ལས་གཞིར་བཏང་བའི་མ་དངུལ་ལས་གྲུབ་པའི་གཏན་འཇགས་རྒྱུ་ནོར་གྱི་ཐོན་དབང་དེ་ལས་གཞིའི་ཁེ་ཕན་ཐོབ་པའི་ཁྱིམ་ཚང་ལ་དབང་བ་ཡིན་ཞིང་། སྡེ་དམངས་ཨུ་ཡོན་ལྷན་ཁང་ངམ་ཆེད་ལས་མཉམ་ལས་ཁང་གིས་དོ་དམ་གྱི་འགན་ཁུར་བ། བུལ་སྐྱོར་སྡེ་སྤེལ་ལས་གཞིས་ངེས་པར་དུ་སྡེ་བ་སྡེ་ཚན་དུ་བྱས་ཏེ།  འཁོར་སྐྱོད་དོ་དམ་བྱེད་ཐབས་འདྲ་མིན་སྤྱད་དེ་ཁྱད་ཆོས་ཡོད་ཅིང་ནུས་སྟོབས་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་དགོས།འགན་ལེན་བདག་གཉེར་དང་བོགས་གཏོང་བདག་གཉེར། ཁྱིམ་འབྲེལ་བདག་གཉེར། མ་རྐང་འཇོག་པའམ་ལས་རིགས་མི་གཅིག་པ་དང་།  ཆེད་ལས་མཉམ་ལས་སོགས་རྣམ་པས་ཐོན་སྐྱེད་བདག་གཉེར་བྱེད་པ་དག  ངེས་པར་དུ་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་བདག་གཉེར་བྱེད་མཁན་དང་གྲོས་མཐུན་ཡི་གེ་འབྲི་དགོས་པ་དང་། རྒྱུ་ནོར་གཏའ་མར་བཞག་པའམ་དང་ཁྲིམས་ལུགས་གཞུང་དཔང་བྱས་པ་སོགས་འབྲེལ་ཡོད་ཡི་གེའི་རྒྱུ་ཆ་འདོན་སྤྲོད་བྱེད་པ།

བཅོ་ལྔ། དབུལ་སྐྱོར་སྡེ་སྤེལ་ལས་གཞིའི་སྡོམ་རྩིས་དང་ལྟ་ཞིབ་གྱི་ནང་དོན་གང་དག་ཡོད།

1、དབུལ་སྐྱོར་སྡེ་སྤེལ་ལས་གཞིའི་ལྟ་ཞིབ་དྲ་རྒྱ་འཛུགས་པའམ་འཐུས་ཚང་དུ་བཏང་སྟེ། དབུལ་སྐྱོར་སྡེ་སྤེལ་ལས་གཞིའི་མ་དངུལ་བཀོལ་སྤྱོད་དང་ལས་གཞིའི་ཕན་འབྲས་གནས་ཚུལ་ལ་བདའ་འདེད་ལྟ་སྐུལ་བྱེད་པ། ཁུལ་དང་རྫོང་སོ་སོའི་དབུལ་སྐྱོར་གསར་སྤེལ་ཅུས་དབུལ་སྐྱོར་སྡེ་སྤེལ་ལས་གཞིའི་ལྟ་ཞིབ་བྱ་བར་མཁོ་བའི་མི་སྣ་དང་གྲོན་དངུལ་ཁག་ཐེག་འགན་ལེན་བྱེད་དགོས།

2、དབུལ་ཁྱིམ་གྱི་མི་རེའི་ཆ་སྙོམས་ཡོངས་སྒོའམ་སྡོད་ཁང་གི་གནས་ཚུལ་དང་ཐོན་སྐྱེད་བདག་གཉེར་རང་བཞིན་གྱི་གཞི་ཁྱོན་དང་ཕན་འབྲས་སོགས་ལས་《དབུལ་ཁྱིམ་ལྟ་ཞིབ་རེའུ་མིག》བཟོས་ཏེ། ལོ་རེའི་ལོ་མཇུག་ཏུ་དབུལ་ཁྱིམ་གྱིས་རེའུ་མིག་རང་གིས་བྲིས་རྗེས། སྡེ་བ་སོ་སོའི་ལྟ་སྐུལ་བས་སྡོམ་རྩིས་རྒྱབ་སྟེ་རིམ་པ་བཞིན་ཕྱོགས་སྡོམ་དང་ཞུ་འབུལ་བྱེད།

3、སྡེ་བ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོངས་སྒོའམ་སྡོད་ཁང་དང་། བགྲོད་ལམ། མི་ཕྱུགས་འཐུང་ཆུའི་བཟོ་སྐྲུན། ཞིང་སའི་རྨང་གཞི་འཛུགས་སྐྲུན། གློག་འཐེན་པ། ཐོན་སྐྱེད་བདག་གཉེར་རང་བཞིན་གྱི་ལས་གཞི་སོགས་གནས་ཚུལ་ལ་བརྟེན་ནས《དབུལ་སྡེ་ཧྲིལ་བོའི་འཕེལ་རྒྱས་གནས་ཚུལ་གྱི་ལྟ་ཞིབ་རེའུ་མིག》བཟོས་ཏེ། ལོ་རེའི་ལོ་མཇུག་ཏུ་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་རེའུ་མིག་བྲིས་རྗེས། སྡོམ་རྩིས་རྒྱབ་སྟེ་རིམ་པ་བཞིན་ཕྱོགས་སྡོམ་དང་ཞུ་འབུལ་བྱེད་པ།

4、ཁུལ་དང་རྫོང་སོ་སོའི་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་གིས་ལོ་དེར་ལག་བསྟར་བྱས་པའི་ལས་གཞིར་སྐུལ་འདེད་ཞིབ་བཤེར་དང་། གོང་རིམ་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་ལ་སྙན་སེང་ཐོ་འགོད་ཞུ་བ། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་གིས་དབུལ་སྐྱོར་སྡེ་སྤེལ་ལས་གཞི་ལག་བསྟར་བྱས་པའི་གནས་ཚུལ་ལ་སྐབས་བསྟུན་ཟུར་བཤེར་བྱེད་པ་མ་ཟད། ཟུར་བཤེར་མཇུག་འབྲས་ཁུལ་དང་རྫོང་སོ་སོའི་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་ལ་བརྡ་ཁྱབ་གཏོང་བ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།