མཚོ་སྔོན་ཞིང་ཆེན་གྱི་དབུལ་སྐྱོར་སྡེ་སྤེལ་ལས་གཞི་དོ་དམ་བྱེད་ཐབས་ཀྱི་དྲི་བ་དྲིས་ལན།(༦)

བཅུ་དྲུག  དབུལ་སྐྱོར་སྡེ་སྤེལ་ལས་གཞིའི་རྗེས་ཕྱོགས་ཀྱི་དོ་དམ་ལ་ནང་དོན་གང་དག་ཡོད་དམ། 

1、དབུལ་སྐྱོར་སྡེ་སྤེལ་ལས་གཞིའི་རྗེས་ཕྱོགས་དོ་དམ་ལ་ཤུགས་སྣོན་ཆེད། ཁུལ་དང་རྫོང་སོ་སོས་དབུལ་སྐྱོར་སྡེ་སྤེལ་ལས་གཞིའི་རྗེས་ཕྱོགས་དོ་དམ་བྱེད་ཐབས་གཏན་འབེབས་བྱེད་དགོས་ཤིང་། མུ་མཐུད་དུ་རང་སྟེང་གི་འཕེལ་ནུས་མཐོར་འདེགས་བཏང་སྟེ། ལས་གཞིའི་ཕན་འབྲས་རྒྱུན་མ་ཆད་བར་འདོན་སྤེལ་བྱེད་པ་ཁག་ཐེག་བྱ་དགོས།

2、ལས་གཞིར་གཅིག་གྱུར་སྒོས་དོ་དམ་བྱེད་ཅིང་། རྨང་གཞིའི་སྒྲིག་བཀོད་ལས་གཞི་ཞིབ་བཤེར་རྩིས་ལེན་བྱས་རྗེས། དུས་ལྟར་འབྲེལ་ཡོད་ལས་ཁུངས་ལ་སྤྲད་དེ་དོ་དམ་བྱེད་དུ་འཇུག་དགོས་པ། སྡེ་ཨུ་ལྷན་ཁང་གིས་དོ་དམ་གྱི་འགན་འཁུར་ཡོད་པའི་ལས་གཞི་ཚང་མར་དོ་དམ་མི་སྣ་བཀོད་སྒྲིག་བྱས་ཏེ། དོ་དམ་དང་སྲུང་སྐྱོབ་ཀྱི་འགན་འཁྲི་ངེས་གསལ་བྱེད་དགོས།

3、དབུལ་སྐྱོར་སྡེ་སྤེལ་ལས་གཞིའི་བསྐྱར་བཤེར་ལམ་ལུགས་འཛུགས་པ། རྫོང་ དབུལ་སྐྱོར་གསར་སྤེལ་ཅུས་ལས་གཞིའི་འཁོར་སྐྱོར་གནས་ཚུལ་དང་ཕན་འབྲས་ལ་བདའ་འདེད་ཞིབ་བཤེར་བྱེད་དགོས་པ་དང་། ཐོན་སྐྱེད་བདག་གཉེར་གྱི་གོ་རིམ་ཁྲོད་ཕྲད་པའི་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་རོགས་བྱ་དགོས།

བཅུ་བདུན། དབུལ་སྐྱོར་སྡེ་སྤེལ་ལས་གཞིར་ཞིབ་བཤེར་རྩིས་ལེན་བྱེད་པའམ་དཔྱད་ཞིབ་དང་བྱ་དགའ་ཆད་གཅོད་སོགས་བྱེད་པར་གང་ལ་བརྟེན་དགོས་སམ།

དབུལ་སྐྱོར་སྡེ་སྤེལ་ལས་གཞིར་ཞིབ་བཤེར་རྩིས་ལེན་བྱེད་པའམ། དཔྱད་ཞིབ་དང་བྱ་དགའ་ཐག་གཅོད་སོགས་བྱེད་ཚེ།《མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་སྡེ་སྤེལ་ལས་གཞིའི་ཞིབ་བཤེར་རྩིས་ལེན་དང་དཔྱད་ཞིབ་འཕྲལ་སྤྱོད་བྱེད་ཐབས་》ལྟར་ལག་བསྟར་བྱེད་པ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།