2016ལོའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ཐེངས་བཅུ་གསུམ་པའི་ལོ་ལྔའི་འཆར་འགོད་ཀྱི་རྩ་གནད།(11)

རྒྱལ་ཁབ་ཟོང་སྐྱེལ་སྤྱི་བའི་ཆ་འཕྲིན་གྱི་མཚོ་སྔོན་ཞབས་ཞུ་སྟེགས་བུ་བཙུགས་ནས། ཆ་འཕྲིན་མཉམ་སྤྱོད་དང་ཟོང་སྐྱེལ་མཐུན་སྦྱོར་ཡོང་བར་སྐུལ་འདེད་གཏོང་རྒྱུ། གྲོང་ཁྱེར་གྱི་སྡེ་ཁུལ་དང་སྡེ་བ་དང་གྲོང་རྡལ་དུ་བཀོད་སྒྲིག་སྒོས་ཐུན་མོང་སྐྱེལ་འདྲེན་གྱི་མཇུག་མཐའི་དྲ་ཚིགས་བཙུགས་ཏེ། མཁོ་འཚོང་མ་ལག་དང་སྦྲགས་སྲིད་མ་ལག ཚོང་ཟོག་སིལ་འཚོང་མ་ལག་བཅས་ཀྱི་སྣེ་ཁྲིད་ཁེ་ལས་ཀྱིས་བགོ་སྐྱེལ་བྱེད་སྒོ་རྒྱ་སྐྱེད་པར་སྐུལ་སློང་བྱ་རྒྱུ། ཟི་ལིང་གི་ཐུན་མོང་བགོ་སྐྱེལ་ཚོད་ལྟ་གྲོང་ཁྱེར་དུ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ།

ཚོང་དོན་ཞབས་ཞུ།འཐབ་ཇུས་འཆར་འགོད་དང་གཉེར་འཚོང་ཇུས་ཆོད། ཚོང་རའི་བརྟག་དཔྱད། དོ་དམ་བློ་འདྲི། རྒྱུ་ནོར་དོ་དམ། རྒྱུ་ནོར་དཔྱད་དཔག དཔང་དངོས་ཁས་ལེན་སོགས་ཀྱི་བློ་འདྲི་ཞབས་ཞུ་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང་། བརྡ་ཁྱབ་དང་འགྲེམ་ཚོགས། རྩིས་གཉེར། རྩིས་བཤེར། ཁྲལ་དོན། བཅའ་ཁྲིམས། ཡིད་རྟོན་དཔྱད་དཔག་སོགས་ཆེད་ལས་ཞབས་ཞུ་ཧུར་བརྩོན་སྒོས་འཕེལ་རྒྱས་སུ་གཏོང་རྒྱུ། ཚོང་དོན་ཞབས་ཞུའི་འདུས་སྡོད་ཁུལ་དང་དམངས་ཀྱིས་གསར་སྐྲུན་བྱེད་པའི་བར་སྟོང་ལ་བརྟེན་ནས། ཚོང་དོན་མཐོ་གྲས་ཀྱི་བློ་འདྲི་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་ཁབ་ཕྱི་ནང་གི་ཚོང་དོན་བློ་འདྲི་ཁེ་ལས་གྲགས་ཅན་ཧུར་བརྩོན་གྱིས་ནང་འདྲེན་བྱས་ཏེ་ཡན་ལག་ལས་ཁུངས་འཛུགས་རྒྱུ་དང་། ཚོང་དོན་བློ་འདྲི་ལས་རིགས་དེ་འདུས་འཛོམས་ཅན་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ། གཙོ་བོ་ཧྲའེ་ཅིན་ཤང་ཀྲུང་དབྱང་ཚོང་དོན་ཁུལ་དང་ཧའེ་ཧུའུ་སྤྱི་ཁྱབ་དཔལ་འབྱོར་ཁུལ། ནན་ཁྲོན་གནས་སྐོར་རིག་གནས་ཚོང་དོན་འགྲེམ་འཚོང་ཁུལ། ཅན་གོ་ཕྱོགས་བསྡུས་ཚོང་དོན་ཁུལ་བཅས་མྱུར་དུ་འཛུགས་སྐྲུན་དང་འཕེལ་རྒྱས་སུ་གཏོང་རྒྱུ། ཚོང་དོན་བློ་འདྲི་ཞབས་ཞུ་ལས་རིགས་ལ་གདེང་འཇོག་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་ནས། ཧུར་བརྩོན་གྱིས་ཁེ་ལས་ཅན་གྱི་བདག་གཉེར་དང་ཚད་ལྡན་ཅན་གྱི་དོ་དམ། སྤྱི་ཚོགས་ཅན་གྱི་ཞབས་ཞུ་འཛོམས་པའི་ཚོང་དོན་ཞབས་ཞུ་ལས་ཁུངས་གསོ་སྐྱོང་བྱ་རྒྱུ།

ཚན་རྩལ་ཞབས་ཞུ།ཧུར་བརྩོན་གྱིས་ཞིབ་འཇུག་གསར་སྐྲུན་གྱི་ཇུས་འགོད་ཞབས་ཞུ་སྤེལ་ཏེ། རྒྱུ་ཆ་གསར་བ་དང་ཐོན་རྫས་གསར་བ། བཟོ་རྩལ་གསར་བ་ཞིབ་འཇུག་གསར་སྐྲུན་དང་ཁྱབ་གདལ་བཀོལ་སྤྱོད་བྱེད་ཚད་ཇེ་དྲག་ཏུ་གཏོང་རྒྱུ། "ཕྱི་རོལ་ནས་ཞིབ་འཇུག་དང་ནང་ཁུལ་ནས་ཐོན་སྐྱེད"བྱེད་པར་སྐུལ་སློང་བྱེད་པ་དང་། ཞིང་ཆེན་ནང་ཁུལ་ཁེ་ལས་ཀྱིས་རྒྱལ་ནང་གི་རིག་ནུས་འདུས་སྡོད་ཁུལ་དུ་ལག་རྩལ་ཞིབ་འཇུག་གསར་སྤེལ་ལྟེ་གནས་འཛུགས་པར་རྒྱབ་སྐྱོར་བྱས་ཏེ། ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ཐོན་རྫས་གསར་བ་གསར་སྤེལ་བྱ་རྒྱུ་དང་། ཕྱི་རོལ་གྱི་རིག་སྟོབས་སྤྱད་དེ་ཚན་རྩལ་ཞབས་ཞུའི་ནུས་པ་ཇེ་མཐོར་གཏོང་རྒྱུ། ཕྱོགས་གསུམ་པས་ཞིབ་བཤེར་ཚད་ལེན་དང་བདེན་དངོས་ར་སྤྲོད་བྱེད་པའི་ཞབས་ཞུ་མྱུར་དུ་འཕེལ་རྒྱས་སུ་གཏོང་བ་དང་། ཚད་འཇལ་དང་ལག་རྩལ་ཞིབ་བཤེར། དམག་ཆས་ཞིབ་བཤེར། ཚད་གཞི་ཅན་གྱི་ཚོད་ལྟ་ཁང་སོགས་ཀྱི་རྨང་གཞིའི་ནུས་པ་འཛུགས་སྐྲུན་བྱེད་ཚད་ཇེ་དྲག་ཏུ་བཏང་ནས། དབང་བའི་ལམ་ལུགས་མི་འདྲ་བའི་ཞིབ་བཤེར་ཚད་ལེན་དང་བདེན་དངོས་ར་སྤྲོད་ལས་ཁུངས་འདྲ་མཉམ་སྒོས་ཚོང་རའི་འགྲན་རྩོད་ནང་ཞུགས་པར་རྒྱབ་སྐྱོར་བྱ་རྒྱུ། ནུས་སྲི་སྙིགས་འཕྲི་ཞབས་ཞུ་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་བསྐྱར་འབྱུང་ཐོན་ཁུངས་ཕྱིར་བསྡུ་བྱེད་པའི་མ་ལག་མྱུར་དུ་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ། རྒྱང་རིང་ནས་ཚད་ལེན་ནད་དཔྱད་བྱེད་པ་དང་འཁོར་སྐྱོད་ཚོང་གཉེར་སྲུང་སྐྱོབ། ལག་རྩལ་རྒྱབ་སྐྱོར་སོགས་ཀྱི་བཙོང་རྗེས་ཞབས་ཞུའི་ལས་རིགས་སྐུལ་སློང་དང་འཕེལ་རྒྱས་སུ་གཏོང་རྒྱུ།

གློག་རྡུལ་ཚོང་དོན། གློག་རྡུལ་ཚོང་དོན་དེ་བཟོ་ལས་ཐོན་སྐྱེད་བདག་གཉེར་དང་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཁྱབ་ཁོངས་སུ་བསྲིང་བ་དང་། "མཚོ་སྔོན་ཁྲའོ་ཡང་རྒྱལ་ཁབ་གློག་རྡུལ་ཚོང་དོན་དཔེ་སྟོན་རྟེན་གཞི"མྱུར་དུ་འཛུགས་སྐྲུན་བྱེད་པ། གློག་རྡུལ་ཚོང་དོན་ཞབས་ཞུའི་ཁེ་ལས་རྐང་འཛིན་པ་སྐོར་ཞིག་ལ་རོགས་སྐྱོར་བྱེད་པ། གདོད་མའི་རྒྱུ་ཆ་འབོར་ཆེན་དྲ་ཐོ་ནས་ཉོ་ཚོང་དང་བཟོ་ལས་ཐོན་རྫས་དྲ་ཐོག་ནས་མངག་བཟོ་བྱེད་པ་སོགས་ཀྱི་བྱེད་སྒོ་འཕེལ་རྒྱས་སུ་གཏོང་བ་བཅས་བྱས་ཏེ། མུ་མཐུད་དུ་རྒྱལ་ནང་གི་ལས་སྟེགས་གྲགས་ཅན་ལ་བརྟེན་ནས"མཚོ་སྔོན་གྱི་ཁྱད་ལྡན་ཚོང་ར"འཛུགས་རྒྱུ། ཞིང་སྡེའི་གློག་རྡུལ་ཚོང་དོན་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་ནས། ཐོན་སྐྱེད་དང་འདོན་སྤྲོད། ཕྱིར་འཚོང་བཅས་གཅིག་ཏུ་འགྲིལ་བའི་ཞིང་ཕྱུགས་ཐོན་རྫས་ཀྱི་ཆེད་ལས་དྲ་བའི་སྡེབ་འཚོང་ཚོང་ར་འཛུགས་རྒྱུ། གློག་རྡུལ་ཚོང་དོན་དང་ཟོང་སྐྱེལ་བགོ་སྐྱེལ་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ། གློག་རྡུལ་ཚོང་དོན་གྱི་མཉེན་ཆས་གསར་སྤེལ་དང་དྲ་བ་ཇུས་འགོད། དྲ་བར་སྲུང་སྐྱོབ་བཅས་ཀྱི་ཐོན་ལས་རྒྱུད་ལ་རྒྱབ་སྐྱོར་བྱེད་ཚད་ཇེ་ཆེར་གཏོང་རྒྱུ།

གསུམ།འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཀ་ཇེ་མཐོར་གཏོང་རྒྱུ།

ཉོ་ཚོང་ཞབས་ཞུ། སྤྱི་ཚོགས་ཡོངས་ཀྱི་འཛད་སྤྱོད་དངོས་རྫས་ཀྱི་སིལ་འཚོང་སྤྱི་འབོར་སྒོར་དུང་ཕྱུར་སྟོང་ལས་བརྒལ་བ་དང་། ལོ་རེའི་ཆ་སྙོམས་ཀྱི་འཕར་ཚད10%ལས་བརྒལ་དུ་འཇུག་རྒྱུ།ནུས་ལྡན་ཞབས་ཞུའི་འདོན་སྤྲོད་ཇེ་མང་དང་གཞི་རྩའི་འཛད་སྤྱོད་ལ་འགན་སྲུང་། སྤུས་ལེགས་འཛད་སྤྱོད་བྱེད་ཚད་ཇེ་ཆེ་བཅས་སུ་གཏོང་རྒྱུ། དྲ་བ་ཅན་གྱི་ཞབས་ཞུའི་ལས་ཚུལ་གསར་བ་འཕེལ་རྒྱས་སུ་གཏོང་བ་དང་། སྐུད་ཐོག་དང་སྐུད་འོག་ཕན་ཚུན་སྐུལ་འདེད་དང་། སྲོལ་རྒྱུན་ཉོ་ཚོང་དང་གློག་རྡུལ་ཚོང་དོན་མཉམ་འདྲེས་འཕེལ་རྒྱས་ཡོང་བའི་གནས་བབ་གསར་བ་དང་འཕྲོད་མཐུན་ཡོང་བར་བྱས་ཏེ། སྲོལ་རྒྱུན་ཉོ་ཚོང་ལས་རིགས་བསྒྱུར་བཀོད་མཐོ་འདེགས་སུ་གཏོང་བ་དང་། མྱོང་ཚོར་འཛད་སྤྱོད་འཕེལ་རྒྱས་སུ་གཏོང་བ། ལས་ཚུལ་མང་པོའི་འཕེལ་རྒྱས་མངོན་འགྱུར་འབྱུང་བ་བཅས་བྱ་རྒྱུ།ཡིད་རྟོན་འཛད་སྤྱོད་དང་གློག་རྡུལ་བྱང་བུའི་འཛད་སྤྱོད་རྒྱ་སྐྱེད་དེ། མཁར་གྲོང་གི་འཛད་སྤྱོད་ཇེ་མང་དང་རིམ་པ་སྤར་བར་སྐུལ་འདེད་གཏོང་རྒྱུ། རོང་འབྲོག་ཁུལ་གྱི་རྐང་འཛིན་ཚོང་རྫས་འཁོར་རྒྱུག་མ་ལག་ཧུར་བརྩོན་གྱིས་འཛུགས་སྐྲུན་བྱས་ཏེ། ཉོ་ཚོང་ཞབས་ཞུ་དེ་ཞིང་སྡེ་དང་འབྲོག་ཁུལ་དུ་བསྲིང་བར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱ་རྒྱུ། སྡེབ་འཚོང་ཚོང་ར་ཆེ་རིགས་སྐོར་ཞིག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། ཁུལ་ལྟེ་གནས་དང་རྫོང་མཁར་གྱི་སྲོལ་རྒྱུན་ཚོང་ལས་ཁུལ་བསྒྱུར་བཀོད་བྱེད་པར་རྒྱབ་སྐྱོར་བྱས་ཏེ། སྡེ་ཁུལ་ཚོང་ལས་ཀྱི་དྲ་ཚིགས་མྱུར་དུ་འཛུགས་སྐྲུན་བྱ་རྒྱུ།

ས་ཁང་ཐོན་ལས། རྣམ་པ་གསར་བའི་མཁར་གྲོང་ཅན་དང་གྲོང་ཁྱེར་དང་གྲོང་གསེབ་གཞིས་དམངས་ཀྱི་འཚོ་བའི་དགོས་མཁོ་དང་འཕྲོད་མཐུན་ཡོང་བ་བྱས་ཏེ། ས་ཁང་ཐོན་ལས་བརྟན་རླིང་ངང་འཕེལ་རྒྱས་སུ་གཏོང་བ་དང་། གསོག་གྲངས་མེད་པ་དང་འཕར་གྲངས་ལེགས་སྒྱུར་ཡོང་བ་གཉིས་དུས་གཅིག་ཏུ་བསྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ། ས་ཁང་ཐོན་ལས་གསར་སྤེལ་གྱི་འཛུགས་སྐྲུན་བྱེད་ཡུལ་གཏོང་འབོར་ལ་ལུགས་མཐུན་སྒོས་ཚོད་འཛིན་བྱེད་པ་དང་། ཚོང་ལས་རང་བཞིན་གྱི་ས་ཁང་ཐོན་ལས་དང་འགན་སྲུང་རང་བཞིན་གྱི་སྡོད་ཁང་མཐུན་སྦྱོར་འཕེལ་རྒྱས་ཡོང་བ། སྡོད་ཁང་འདོན་སྤྲོད་ལེགས་སྒྱུར་བྱེད་པ་བཅས་ཀྱིས། སྲིད་གཞུང་གཙོ་ཡིན་པའི་གཞི་རྩའི་འགན་སྲུང་འདོན་སྤྲོད་དང་ཚོང་ར་གཙོ་ཡིན་པའི་རིམ་པ་མང་པོའི་དགོས་མཁོ་བསྐང་བའི་སྡོད་ཁང་འདོན་སྤྲོད་མ་ལག་བཙུགས་ནས། གྲོང་ཁྱེར་དང་གྲོང་གསེབ་གཞིས་དམངས་ཀྱི་སྡོད་གནས་ཆ་རྐྱེན་སྔར་ལས་ལེགས་སྒྱུར་བྱ་རྒྱུ། ས་ཁང་ཐོན་ལས་གསར་སྤེལ་བདག་གཉེར་མ་ལག་དང་གཞིས་ལས་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས། ཁྱིམ་དུ་མཛེས་སྤྲས་བྱེད་པ་དང་གླས་གཏང་བདག་གཉེར་འཕེལ་རྒྱས་སུ་གཏོང་བ་དང་། ས་ཁང་ཐོན་ལས་ཀྱི་ཐོན་ལས་རྒྱུད་ཇེ་རིང་དུ་གཏོང་རྒྱུ།

སྡེ་ཁུལ་གྱི་ཞབས་ཞུ། སྡེ་ཁུལ་གྱི་མཁོ་ཆོད་ཞབས་ཞུ་མ་ལག་འཐུས་ཚང་དུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་སྡེ་ཁུལ་གྱི་ཞབས་ཞུའི་སྒྲིག་བཀོད་དང་ཕྱོགས་བསྡུས་དོ་དམ་ཞབས་ཞུའི་ཆ་འཕྲིན་ལས་སྟེགས་ཡོངས་སུ་ཁེབས་པ་མངོན་དུ་བསྒྱུར་བ་དང་། ཞིང་སྡེའི་སྡེ་ཁུལ་ཞབས་ཞུའི་སྒྲིག་བཀོད70%ཡན་ལ་སླེབས་དགོས། ཞིང་ཆེན་ཡོངས་སུ་དཀྱུས་དཔང་སྡེ་ཁུལ་ཞབས་ཞུ་ལྟེ་གནས་བཙུགས་ཏེ། གཞིས་ལས་དང་ཁྱིམ་གྱི་རྨ་འབྲི་རྫ་སྦྲ། བུ་བཅོལ། ནད་གཡོག སྡེ་ཁུལ་ལུས་གསོ།སྐྱོབ་རོགས་བཅས་ཀྱི་ལས་རིགས་མྱུར་དུ་འཕེལ་རྒྱས་སུ་གཏོང་རྒྱུ། སྡེ་ཁུལ་གྱི་ཚོང་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང་། སྟབས་བདེ་ཚོང་ཁང་སོགས་ཀྱི་ལས་ཚུལ་གསར་བ་སྡེ་ཁུལ་དུ་སྐྱོད་པར་ཁྲིད་སྟོན་བྱས་ཏེ། གྲོན་དངུལ་ཚབ་སྡུད་དང་ཚོང་ཟོག་ཚབ་ལེན་བྱེད་པ་སོགས་ཀྱི་མཁོ་ཆོད་ཞབས་ཞུ་ཚད་ལྡན་དུ་གཏོང་བ་དང་རྒྱ་སྐྱེད་དགོས། ཁྱིམ་ཚང་ནང་གི་ཞབས་ཞུ་ལས་རིགས་ལ་སྐུལ་སློང་བྱས་ཏེ། ཁྱིམ་སྤྱོད་མཁོ་དངོས་བགོ་སྐྱེལ་དང་ཁྱིམ་ཚང་གི་སློབ་གསོ་སོགས་ཁེ་ལས་ཀྱིས་སྡེ་ཁུལ་ནས་མཁོ་ཆོད་ས་ཚིགས་འཛུགས་པར་ཁྲིད་སྟོན་བྱ་རྒྱུ། ཚོང་དོན་ངལ་གསོ་དང་དགོང་མོ་ངལ་གསོ། གནས་སྐོར་ངལ་གསོ་བཅས་ཀྱི་ཁྱད་ལྡན་སྲང་ལམ་འཚོལ་ཞིབ་དང་འཛུགས་སྐྲུན་བྱ་རྒྱུ། ཁྱིམ་ཚང་གི་རྨ་འབྲི་རྫ་སྦྲའི་ཞབས་ཞུ་སྒྲིག་བཀོད་འཐུས་ཚང་དང་ཁྱིམ་ཚང་གི་རྨ་འབྲི་རྫ་སྦྲའི་ཞབས་ཞུ་དྲ་བ་འཐུས་ཚང་དུ་བཏང་ནས། ཁྱིམ་ཚང་གི་རྨ་འབྲི་རྫ་སྦྲ་ཞབས་ཞུའི་སྤུས་རྟགས་སྐྲུན་པར་ཤུགས་བསྣན་དགོས། ཞིང་སྡེ་རུ་ཕྱོགས་བསྡུས་རང་བཞིན་གྱི་ཞབས་ཞུ་དྲ་ཚིགས་འཛུགས་པར་སྐུལ་སློང་བྱས་ཏེ། ཞིང་སྡེ་གཞིས་དམངས་ཀྱི་འཚོ་བ་སྟབས་བདེ་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ།

བདེ་ཐང་རྒན་གསོ། མི་དམངས་མང་ཚོགས་ཀྱིས་སེམས་བདེ་མོས་རྒན་གསོ་བྱེད་པ་དང་བདེ་ཐང་ལ་བསྙེགས་པའི་རེ་འདུན་ལྟར། "རྒན་མིའི་དཔལ་འབྱོར"ཧུར་བརྩོན་གྱིས་འཕེལ་རྒྱས་སུ་གཏོང་རྒྱུ།རྒན་མི་སྟོང་རེའི་བར་དུ་རྒན་གསོ་མལ་ཁྲི38རེ་ཡོད་པ་བྱ་རྒྱུ། དམངས་ཡོངས་ཀྱི་བདེ་ཐང་སྤུས་མཚག་དང་ཆུ་ཚད་ཇེ་མཐོར་གཏོང་བར་དམིགས་ཏེ། རིམ་གྱིས་ཚེ་སྲོག་ཡོངས་ཁེབས་པ་དང་ལས་ཚུལ་ཕུན་སུམ་ཚོགས་པ། གྲུབ་ཚུལ་ལུགས་མཐུན་ཡིན་པ་བཅས་ཀྱི་བདེ་ཐང་ཞབས་ཞུའི་མ་ལག་འཛུགས་པ་དང་། བདེ་ཐང་བརྟག་དཔྱད་དང་བདེ་ཐང་བློ་འདྲི། བདེ་ཐང་རིག་གནས། བདེ་ཐང་གནས་སྐོར། ལུས་རྩལ་སྦྱོང་བརྡར་སོགས་རྣམ་མང་ཅན་གྱི་བདེ་ཐང་ཞབས་ཞུ་ལ་སྐུལ་སློང་དང་འཕེལ་རྒྱས་སུ་གཏོང་རྒྱུ། ཁྱིམ་སྡོད་རྨང་གཞི་དང་སྡེ་ཁུལ་རྒྱབ་རྟེན། ལས་ཁུངས་ཁ་གསབ་བཅས་ཡིན་པའི་སྨན་བཅོས་དང་ལུས་གསོ་མཉམ་འདྲེས་ཅན་གྱི་བདེ་ཐང་རྒན་གསོ་ཞབས་ཞུ་མ་ལག་འཛུགས་རྒྱུ། ཤར་ཕྱོགས་ཀྱི་གྲོང་ཁྱེར་ཚོམ་གཙོ་གནད་དུ་བཟུང་ནས། གྲོང་ཁྱེར་གྱི་རྒན་གསོ་ཞབས་ཞུའི་སྒྲིག་བཀོད་འཆར་འགོད་འཛུགས་སྐྲུན་བྱེད་ཚད་ཇེ་དྲག་ཏུ་གཏོང་བ་དང་། ཚད་གཞི་མཐོན་པོའི་སྒོ་ནས་རྒན་གསོ་ཐོན་ལས་དཔེ་སྟོན་རྟེན་གཞི་འཛུགས་པ། རོང་འབྲོག་ཁུལ་དུ་ས་གནས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྒན་གསོ་ཞབས་ཞུ་འཕེལ་རྒྱས་སུ་གཏོང་བ་བཅས་བྱེད་པར་སྐུལ་སློང་བྱ་རྒྱུ། རྒན་མིའི་བྲེལ་མྱུར་འབོད་བརྡ་དང་ཁྱིམ་ཚང་གི་རྨ་འབྲི་རྫ་སྦྲའི་ཁ་ཆད་བསྒོ་བ། བདེ་ཐང་བློ་འདྲི། ཁྱད་ལྡན་རྒྱ་བོད་སྨན་བདེ་ཐང་སོགས་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་སུ་གཏོང་རྒྱུ། འབོར་ཆེན་ཡོང་བར་ལྷོད་དུ་གཏོང་བ་དང་། བདེ་ཐང་རྒན་གསོའི་ཁྱབ་ཁོངས་སུ་དམངས་ཁྲོད་མ་རྩ་དང་ཕྱིའི་ཚོང་པས་མ་དངུལ་གཏོང་འཇོག་བྱེད་པར་སྐུལ་མ་གཏོང་རྒྱུ། བདག་སྐྱོང་ཁང་དང་ལུས་གསོ་སྨན་ཁང་། སྡེ་ཁུལ་གྱི་རྒན་མིར་ཉིན་དཀར་བདག་སྐྱོང་བྱེད་པའི་ལྟེ་གནས་དང་གཞན་ད་རུང་ཚེ་ལས་འདས་ཁར་ཐུགས་འཁུར་བྱེད་པའི་ཞབས་ཞུའི་ལས་ཁུངས་གསར་བསྒྲུབ་དང་དོ་དམ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ།

ཆ་འཕྲིན་འཛད་སྤྱོད། ཆ་འཕྲིན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ཏེ། དྲ་བའི་མྱུར་ཚད་ཇེ་མགྱོགས་དང་དྲ་བའི་གྲོན་དངུལ་ཇེ་དམའ་རུ་གཏོང་བ་དང་། སྐུད་ཐོག་དང་སྐུད་འོག་འབྲེལ་མཐུད་སྐུལ་འདེད་ཡོང་བའི་ཚོང་ལས་ཀྱི་རྣམ་པ་དང་འཛད་སྤྱོད་བྱེད་སྟངས་གསར་བ་ཆགས་སུ་འཇུག་དགོས། གློག་འཕྲིན་ཡོངས་ཁྱབ་ཏུ་ཞབས་ཞུ་སྐུལ་འདེད་བྱེད་རྒྱུ། གློག་རྡུལ་ཚོང་དོན་དང་རིག་ནུས་ཁྱིམ་སྡོད་སོགས་ཀྱི་འཛད་སྤྱོད་རྒྱ་སྐྱེད་དེ། བཀོལ་སྤྱོད་དབང་ཆ་དུས་ཐུང་གླས་གཏོང་བྱེད་པ་སོགས་ཀྱི་མཉམ་སྤྱོད་དཔལ་འབྱོར་གྱི་རྣམ་པ་འཕེལ་རྒྱས་སུ་གཏོང་རྒྱུ། དེང་རབས་དྲ་བའི་ལག་རྩལ་ལ་བརྟེན་པའི་ཕྱོགས་བསྡུས་ཆ་འཕྲིན་ཞབས་ཞུའི་འཛད་སྤྱོད་ལས་སྟེགས་ལ་རྒྱབ་སྐྱོར་དང་འཕེལ་རྒྱས་སུ་བཏང་ནས། ཨང་ཀི་པར་སྐྲུན་དང་ཕན་ཚུན་མཉམ་སྒུལ་བྱེད་པའི་སྨྱན་བྱད་གསར་བ། སྤོ་བསྒྱུར་སྨྱན་བྱད་སྦྲགས་མ་སོགས་ཀྱི་ཐོན་ལས་གསར་བ་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང་། འགུལ་རིས་རོལ་རྩེད་དང་ཨང་ཀི་གླུ་དབྱངས། ཨང་ཀི་གནས་སྐོར། དྲ་བའི་སྒྱུ་རྩལ་དངོས་རྫས་སོགས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཆ་འཕྲིན་ཐོན་ཁུངས་གསར་སྤེལ་དང་བཀོལ་སྤྱོད་ཞབས་ཞུ་ལ་སྐུལ་འདེད་བཏང་ནས། གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཆ་འཕྲིན་ནང་དོན་ལ་མྱུར་དུ་སྒོ་འབྱེད་པ་དང་དྲ་ཚིགས་འཛུགས་རྒྱུ།

བཞི།ཞབས་ཞུའི་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་སྲིད་ཇུས་འཐུས་ཚང་དུ་གཏོང་རྒྱུ།

ཚོང་རར་ཞུགས་ཆོག་པར་བྱས་ཏེ། ཞབས་ཞུའི་ལས་རིགས་གཙོ་གནད་ཁྱབ་ཁོངས་ཀྱི་སྔོན་བཀོད་ཞིབ་བཤེར་ཆོག་མཆན་དང་བློ་རིག་ངོས་འཛིན་ཇེ་ཉུང་དུ་གཏོང་བ་དང་། བདག་གཉེར་བཅོས་བསྒྱུར་འཕར་ཚད་དེ་ཞབས་ཞུའི་ལས་རིགས་ཀྱི་ཁྱབ་ཁོངས་ཡོངས་སུ་རྒྱ་སྐྱེད་པ། ཁེ་ལས་ཀྱི་ཁྲལ་འཁྲི་ཇེ་ཡང་དུ་གཏོང་བ་བཅས་བྱ་རྒྱུ། ཚོང་རའི་བདག་པོ་སོ་སོ་འདྲ་མཉམ་སྒོས་སྤྱི་པའི་ཞབས་ཞུ་སྒྲིག་བཀོད་དང་ཞབས་ཞུའི་ལས་སྟེགས་འཛུགས་སྐྲུན་བྱེད་པའི་ནང་ཞུགས་པར་རྒྱབ་སྐྱོར་བྱ་རྒྱུ། ཞབས་ཞུའི་ལས་རིགས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཡུལ་དམིགས་བསལ་སྒོས་བཀོད་སྒྲིག་བྱ་རྒྱུ། ཁེ་ལས་ཀྱིས་ཡིད་རྟོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཡིད་རྟོན་མི་རུང་བར་ཆད་པ་བཅད་དེ། རིམ་གྱིས་ཡིད་རྟོན་སྲོག་ཤིང་ཡིན་པའི་ཞབས་ཞུའི་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་ལམ་ལུགས་ཆགས་སུ་འཇུག་དགོས།

ས་བཅད་བཞི་བ།ར་བའི་དཔལ་འབྱོར་གྱི་འཕེལ་རྒྱས་ཆུ་ཚད་དུ་ཐོན་པར་སྐུལ་འདེད་གཏོང་རྒྱུ།

ཁྱད་པར་ཅན་དང་འདུམ་འཛོམས་ཅན་གྱི་ར་བའི་འཕེལ་རྒྱས་བགྲོད་ལམ་དུ་འགྲོ་བ་རྒྱུན་འཁྱོངས་བྱས་ཏེ། ཁེ་ལས་གཅིག་བསྡུས་བཀོད་སྒྲིག་དང་ཐོན་ལས་འདུས་འཛོམས་འཕེལ་རྒྱས།ཐོན་ཁུངས་ལེགས་བསྡུས་བེད་སྤྱོད། རྩོལ་ནུས་གཅིག་བསྡུས་འཛུགས་སྐྲུན་བཅས་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། འཕར་ཚད་ཀྱི་རྩོལ་ནུས་གསར་བ་དང་ས་ཁོངས་འགྲན་རྩོད་ཀྱི་ལེགས་ཆ་གསར་བ་གསོ་སྤེལ་བྱེད་པ་དང་ཆགས་སུ་འཇུག་རྒྱུ།

གཅིག ཞིང་ཕྱུགས་ལས་ཀྱི་ཐོན་ལས་ར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ།2020ལོའི་བར།ཞིང་ཆེན་རིམ་པའི་དེང་རབས་ཞིང་ཕྱུགས་ལས་དཔེ་སྟོན་ཁུལ15འཛུགས་པ་དང་། རྒྱལ་ཁབ་རིམ་པའི་དཔེ་སྟོན་ཁུལ5འཛུགས་པའི་ཐད་འབད་པ་བྱ་རྒྱུ། ཤར་རྒྱུད་ཀྱི་ཁྱད་ལྡན་འདེབས་གསོ་ནུས་མཐོ་དཔེ་སྟོན་ཁུལ་དང་མཚོ་སྔོན་པོའི་མཐའ་འཁོར་གྱི་རོང་འབྲོག་སྣོལ་མའི་འཁོར་སྐྱོད་འཕེལ་རྒྱས་སྔོན་སྐྱོད་ཁུལ། མཚོ་སྔོན་ལྷོ་རྒྱུད་ཀྱི་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་སྲུང་སྐྱོབ་འཕེལ་རྒྱས་ཁུལ། རྨ་ཆུའི་འགྲམ་རྒྱུད་ཀྱི་ཆུ་འཁྱགས་གསོ་སྤེལ་ཚད་རན་གསར་སྤེལ་ཁུལ་བཅས་ལ་བརྟེན་ནས། ནུས་ཤུགས་གཅིག་བསྡུ་སྒོས་གཞི་ཁྱོན་ཅན་དང་ཚད་གཞི་ཅན་གྱི་ཐོན་སྐྱེད་རྟེན་གཞི་སྐོར་ཞིག་འཛུགས་པ་དང་། ནུས་ཤུགས་ཡོད་རྒུས་ནུས་མཐོ་འདེབས་གསོ་དང་སྤུས་ལེགས་སྐྱེས་འཕེལ། རིགས་རྒྱུད་གསར་བ་གསོ་སྤེལ་བཅས་བྱས་ཏེ། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུ།

གཉིས། བཟོ་ལས་ར་བའི་ཕྱོགས་བསྡུས་རྩོལ་ནུས་ཇེ་མཐོར་གཏོང་རྒྱུ།2020ལོའི་བར། ར་བའི་བཟོ་ལས་འཕར་རིན་གྱིས་བཟོ་ལས་སྤྱིའི་འཕར་རིན་གྱི་ཟིན་ཚད80%སླེབས་པར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཐོན་ལས་རིགས་བསྒྱུར་རིམ་སྤར་བྱེད་པར་སྣེ་ཁྲིད་དང་། ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་བྱ་རྒྱུ། ར་བའི་འཆར་འགོད་དང་གྲོང་ཁྱེར་གྱི་སྤྱིའི་འཆར་འགོད་གཉིས་འབྲེལ་མཐུད་ཡོང་ཚད་ཇེ་དྲག་ཏུ་གཏོང་བ་དང་། བེད་མེད་དུ་བསྐྱུར་བའི་ར་བ་དང་ཕན་ནུས་དམའ་བའི་ས་ཞིང་ཐེངས་གཉིས་པར་གསར་སྤེལ་བྱེད་ཚད་ཇེ་དྲག་ཏུ་བཏང་ནས། ས་ཞིང་བེད་སྤྱོད་བྱེད་ཚད་ཇེ་མཐོར་གཏོང་རྒྱུ། ར་བ་འཁོར་སྐྱོད་ཅན་གྱི་བཅོས་བསྒྱུར་མྱུར་དུ་ལག་བསྟར་བྱས་ཏེ། ར་བའི་ལས་གཞི་ཞིབ་དཔྱད་མ་ལག་ཏུ་ཞུགས་སུ་འཇུག་པ་དང་། ར་བའི་ཁོར་ཡུག་གི་ཐེག་ཚད་དང་མཐུན་པའི་ཐོན་ལས་གཞི་ཁྱོན་དང་གྲུབ་ཚུལ་ཆགས་སུ་འཇུག་དགོས། རྡོ་སོལ་དང་གློག་དང་སྣུམ་རླངས་མཐུན་སྦྱོར་རྐྱེན་སྲོལ་འཛུགས་པ་དང་། ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ཐོན་རྫས་ཇུས་འགོད། ཚོད་ལྟ་ལྟ་ཞིབ་ཚད་ལེན། གྲུབ་འབྲས་ཚོད་ལྟ། ཁེ་ལས་འཛུགས་པ་སོགས་ཀྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་བཙུགས་ཏེ། ཐོན་རྫས་འགྲེམ་སྟོན་དང་ཚོང་རའི་ཆ་འཕྲིན། གློག་རྡུལ་ཚོང་དོན། ཟོང་སྐྱེལ་བགོ་སྐྱེལ། དངུལ་རྩའི་འགན་བཅོལ་སོགས་དེང་རབས་ཞབས་ཞུ་མ་ལག་འཐུས་ཚང་དུ་གཏོང་རྒྱུ། ཐོན་ལས་ར་བ་དང་བཟོ་ལས་གཏེར་ཁུལ་གཙོ་བོ་རུ་ལྷུ་ལག་ཞིག་གསོ་དང་རྒྱུ་ཆ་འདོན་སྤྲོད། འཚོ་བའི་ཞབས་ཞུ། སོགས་ཀྱི་ཆ་སྡེབ་ཐོན་ལས་ར་བ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ།

གསུམ། ཞབས་ཞུ་ལས་རིགས་འདུས་སྡོད་ཁུལ་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་རྒྱུ།གཙོ་བོ་དེང་རབས་ཟོང་སྐྱེལ་དང་ཚོང་དོན། ཉོ་ཚོང་། དངུལ་རྩ། རིག་གནས་གསར་སྐྲུན། བདེ་ཐང་རྒན་གསོ་སོགས་ཀྱི་དེང་རབས་ཞབས་ཞུའི་ལས་རིགས་འདུས་སྡོད་ཁུལ་འཕེལ་རྒྱས་སུ་གཏོང་རྒྱུ། ཚོང་དོན་ཐོག་ཁང་དང་ཁྱད་ལྡན་ཚོང་ལས་སྲང་ལམ། ཕྱོགས་བསྡུས་ཚོང་ལས་སྒྲིག་བཀོད། དེང་རབས་ཆེད་ལས་ཚོང་ར་བཅས་འཛུགས་སྐྲུན་བྱེད་པ་གཙོ་གནད་དུ་བཟུང་ནས། ཚོང་དོན་ལྟེ་གནས་ཁུལ་དང་ཁྱད་ལྡན་ཚོང་ལས་ཁུལ(སྲང་ལམ)མྱུར་དུ་འཛུགས་སྐྲུན་བྱེད་པ་དང་།ཞབས་ཞུ་ལས་རིགས་ཀྱི་འདུས་འཛོམས་གསོ་སྤེལ་བྱེད་པ་དང་རྒྱ་སྐྱེད་དགོས། ཚོང་དོན་ལྟེ་གནས་ཁུལ་གྱི་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་རྩོལ་ནུས་འབུར་དུ་དོད་པ་དང་། ཁེ་ལས་སྤྱི་ཁྱབ་པུའུ་ཡི་གཅིག་བསྡུས་བཀོད་སྒྲིག་ལ་དོ་སྣང་བྱེད་པ། ཚོང་དོན་ཞབས་ཞུ་ལས་རིགས་ཀྱི་འདུས་སྡོད་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པ་བཅས་བྱས་ཏེ། ས་ཁོངས་ཀྱི་ཕྱོགས་བསྡུས་ཚོང་དོན་ཞབས་ཞུའི་ལས་སྟེགས་ཆགས་སུ་འཇུག་དགོས། ཁྱད་ལྡན་ཚོང་ལས་ཁུལ(སྲང་ལམ)གྱི་འཚོ་བའི་རང་བཞིན་གྱི་ཞབས་ཞུའི་རྩོལ་ནུས་འབུར་དུ་དོད་དེ། ཚོང་ལས་དང་གནས་སྐོར། རིག་གནས། ངལ་གསོ་བཅས་ཀྱི་རྩོལ་ནུས་མཉམ་བསྲེས་ཡོང་བར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གྱི་དེང་རབས་ཚོང་ལས་ཐད་ཀྱི་མིང་བྱང་གསར་སྐྲུན་བྱེད་རྒྱུ།

  ཆེད་བསྒྲིགས་ལེ་ཚན9བ།གཙོ་གནད་ཐོན་ལས་ར་བ(འདུས་སྡོད་ཁུལ)།

  〖FK(H10028。32ZQ*5〗ཞིང་ཕྱུགས་ལས་ཐོན་ལས་ར་བ།ཤར་རྒྱུད་ཁྱད་ལྡན་འདེབས་གསོ་ནུས་མཐོ་དཔེ་སྟོན་ཁུལ་དང་མཚོ་སྔོན་པོའི་མཐའ་འཁོར་གྱི་རོང་འབྲོག་སྣོལ་མའི་འཁོར་སྐྱོད་འཕེལ་རྒྱས་སྔོན་སྐྱོད་ཁུལ། མཚོ་སྔོན་ལྷོ་ཕྱོགས་ཀྱི་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་སྲུང་སྐྱོབ་འཕེལ་རྒྱས་ཁུལ། རྨ་ཆུའི་འགྲམ་རྒྱུད་ཀྱི་ཆུ་འཁྱགས་གསོ་སྤེལ་ཚད་རན་གསར་སྤེལ་ཁུལ།

བཟོ་ལས་ར་བ།ཟི་ལིང(རྒྱལ་ཁབ་རིམ་པའི)དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཏེ། གན་ཧོ་བཟོ་ལས་ར་བ་དང་ཏུང་ཁྲོན་བཟོ་ལས་ར་བ། ནན་ཁྲོན་བཟོ་ལས་ར་བ། སྐྱེ་དངོས་ཚན་རྩལ་ཐོན་ལས་ར་བ། ཏ་ཐུན་པའེ་ཁྲོན་བཟོ་ལས་ར་བ།ཚྭ་འདམ་གཞོང་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟ་ཁུལ་ཏེ། ན་གོར་མོ་བཟོ་ལས་ར་བ་དང་ཆ་ཧར་བཟོ་ལས་ར་བ། གཏེར་ལེན་ཁ་བཟོ་ལས་ར་བ། ཝུའུ་ལན་བཟོ་ལས་ར་བ། ཏ་ཁྲེ་ཏན་བཟོ་ལས་ར་བ། ཏུའུ་ལན་བཟོ་ལས་ར་བ།མཚོ་ཤར་བཟོ་ལས་ར་བ་སྟེ། མཚོ་ཤར་ལིན་ཁོན་ཕྱོགས་བསྡུས་དཔལ་འབྱོར་ར་བ་དང་ལའོ་ཏུའུ་བཟོ་ལས་ར་བ། ཧུའུ་ཀྲུའུ་ལྗང་མདོག་ཐོན་ལས་ར་བ། མེན་ཧོ་བཟོ་ལས་ར་བ། དཔའ་ལུང་ཞུན་ཧྭ་མི་རིགས་མཁོ་དངོས(དབྱི་སི་ལན་ཟས་རིགས)ར་བ།རྫོང་ཁོངས་ཀྱི་བཟོ་ལས་འདུས་སྡོད་ཁུལ་ཏེ། ཆ་རྐྱེན་འཛོམས་པའི་རྫོང་གིས་བཟོ་ལས་ར་བ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ། "ས་གནས་དཔལ་འབྱོར"གོང་དུ་འཕེལ་བར་སྐུལ་འདེད་གཏོང་རྒྱུ།

ཞབས་ཞུའི་ལས་རིགས་འདུས་སྡོད་ཁུལ།དེང་རབས་ཟོང་སྐྱེལ་འདུས་སྡོད་ཁུལ་ཏེ། ཁྲའོ་ཡང་དེང་རབས་འཚོ་བའི་རྒྱུ་ཆའི་ཟོང་སྐྱེལ་ར་བ། ཚའོ་ཅཱ་པའོ་ཕྱོགས་བསྡུས་དཔྱ་ཁྲལ་ཁག་ཐེག་ཟོང་སྐྱེལ་ལྟེ་གནས། མཚོ་ཤར་མཚོ་བོད་མཐོ་སྒང་ཤར་རྒྱུད་རྒྱལ་སྤྱིའི་ཟོང་སྐྱེལ་ཉོ་ཚོང་ལྟེ་གནས། ལིན་ཁོན་མྱུར་སྐྱེལ་ཐོན་ལས་ར་བ། ན་གོར་མོ་ཕྱོགས་བསྡུས་ཟོང་སྐྱེལ་ར་བ། གཏེར་ལེན་ཁ་ཟོང་སྐྱེལ་ར་བ། ཡུན་མ་འགག་གངས་རྩེ་ཟོང་སྐྱེལ་ར་བ། ཟི་ལིང་མདོ་བ་ཟོང་སྐྱེལ་ར་བ། ཡུས་ཧྲུའུ་གྲོང་ཁྱེར་ཟོང་སྐྱེལ་ར་བ། ཆབ་ཆ་ཞིང་ཕྱུགས་ཐོན་རྫས་ཟོང་སྐྱེལ་ར་བ།ཚོང་དོན་ཞབས་ཞུའི་འདུས་སྡོད་ཁུལ་ཏེ། ཧྲའེ་ཅིན་ཞང་ཀྲུང་དབྱང་ཚོང་དོན་ཁུལ་དང་ཧེ་ཧུའུ་སྤྱི་ཁྱབ་པུའུ་དཔལ་འབྱོར་ཁུལ། ནན་ཁྲོན་གནས་སྐོར་རིག་གནས་ཚོང་དོན་འགྲེམ་སྟོན་ཁུལ། ཅན་གོ་ཕྱོགས་བསྡུས་ཚོང་དོན་ཁུལ།

ཉོ་ཚོང་འདུས་སྡོད་ཁུལ་ཏེ། མཁར་བྱང་རླངས་འཁོར་ཉོ་ཚོང་ཞབས་ཞུ་ལྟེ་གནས་དང་རྒྱལ་སྤྱིའི་བོད་ཀྱི་ས་གདན་འགྲེམ་སྟོན་ཉོ་ཚོང་ལྟེ་གནས། མཚོ་ཤར་ལིན་ཁོན་ཕྱོགས་བསྡུས་དཔྱ་ཁྲལ་ཁག་ཐེག་ཁུལ།དངུལ་རྩའི་ཞབས་ཞུ་འདུས་སྡོད་ཁུལ་ཏེ། ཟི་ལིང་ས་ཁོངས་རང་བཞིན་གྱི་དངུལ་རྩ་ལྟེ་གནས་དང་མཚོ་ནུབ་ས་ཁོངས་རང་བཞིན་གྱི་དངུལ་རྩ་ལྟེ་གནས་གཞོན་པ། དྲ་སྦྲེལ་དངུལ་རྩ་གསར་སྐྲུན་རྟེན་གཞི། དེང་རབས་དངུལ་རྩ་རྗེས་ཕྱོགས་རོགས་སྐྱོར་ཞབས་ཞུ་ལྟེ་གནས།རིག་གནས་གསར་བཟོ་འདུས་སྡོད་ཁུལ་ཏེ། རུ་གསར་རིག་གནས་གནས་སྐོར་མཉམ་འདྲེས་ཁུལ་དང་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ། གེ་སར་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ། མཚོ་ལྷོ་ཁུལ་བོད་ཀྱི་རིག་གནས་གསར་བཟོ་ཐོན་ལས་ཁུལ། ཟི་ལིང་དེང་རབས་རིག་གནས་གསར་བཟོ་འདུས་སྡོད་ཁུལ།བདེ་ཐང་རྒན་གསོ་འདུས་སྡོད་ཁུལ་ཏེ།ཟི་ལིང་དང་མཚོ་ཤར་སོགས་ཀྱི་བདེ་ཐང་རྒན་གསོ་ཞབས་ཞུ་འདུས་སྡོད་ཁུལ།

ས་བཅད་ལྔ་བ།ཚོང་རའི་གཙོ་གཞི་སྐྱེད་སྲིང་བྱེད་པ་དང་རྒྱ་སྐྱེད་གཏོང་རྒྱུ།

བདག་དབང་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་། ཚོང་རའི་གཙོ་གཞི་ལྡབ་འཕར་འཆར་གཞི་ལག་བསྟར་བྱས་ཏེ། ཚོང་རའི་གཙོ་གཞི་སོ་སོའི་ལོ་རེའི་ཆ་སྙོམས་ཀྱི་འཕར་ཚད10%ཡན་དང་སྤྱི་འབོར་ཁྱིམ་ཚང་ཁྲི35ལས་བརྒལ་དུ་འཇུག་རྒྱུ། ཁེ་ལས་ཀྱི་གཞི་ཁྱོན་དང་ཕྱོགས་བསྡུས་སྟོབས་ཤུགས་ཇེ་མཐོར་གཏོང་བ་གཙོ་གནད་དུ་འཛིན་པ་དང་། "སྣེ་ཁྲིད་ཁེ་ལས་བརྒྱ་འཛུགས་སྐྲུན་བྱེད་པའི་ལས་གྲྭ"མུ་མཐུད་དེ་ལག་བསྟར་བྱས་ཏེ། གཙོ་ལས་འབུར་དུ་ཐོན་ཞིང་སྲོག་ཤིང་འགྲན་རྩོད་ནུས་པ་དྲག་པའི་ཁེ་ལས་ལེགས་པོ་སྐོར་ཞིག་མྱུར་དུ་ཆགས་སུ་འཇུག་རྒྱུ། ལས་རིགས་སྣེ་ཁྲིད་ཁེ་ལས་དང་དགེ་མཚན་ལྡན་པའི་རྐང་འཛིན་ཁེ་ལས་ཀྱིས་ལག་རྩལ་བསྒྱུར་བཀོད་དང་ཟླ་སྒྲིལ་བསྐྱར་འཛུགས། མ་རྩ་མཉམ་འཇོག་མཉམ་འབྲེལ་བཅས་ཀྱི་བྱེད་ཐབས་མང་པོ་སྤྱད་དེ་ཇེ་ཆེ་དང་ཇེ་དྲག་ཏུ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ། ཞིང་ཆེན་ནང་ཁུལ་གྱི་ཐོན་ལས་གལ་ཆེན་གྱི་གཙོ་གནད་དུས་སྐབས་ལ་དམིགས་ཏེ། ཚོང་ར་གསར་སྤེལ་བྱེད་པའི་ནུས་པ་ལྡན་ཞིང་རང་བདག་ཤེས་བྱའི་བདག་དབང་དང་རང་བདག་སྤུས་རྟགས་ཀྱི"གསར་བ་བཞི"ཡོད་པའི་ཁེ་ལས་སྐོར་ཞིག་ཇུས་འགོད་དང་ནང་འདྲེན་བྱ་རྒྱུ།"ཁེ་ལས་ཆུང་བ་སྟོང་ཕྲག་སྐྱེད་སྲིང་བྱེད་པའི་ལས་གྲྭ"མུ་མཐུད་དེ་ལག་བསྟར་བྱེད་པ་དང་། ནོར་སྲིད་ཀྱི་རོགས་སྐྱོར་མ་དངུལ་ཧྲག་སྡེབ་དང་བེད་སྤྱོད་བྱས་ཏེ། ཚན་རྩལ་ཅན་དང་འཚར་ལོངས་ཅན་གྱི་ཁེ་ལས་མྱུར་དུ་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་དང་། "ཞིབ་ཚགས་དང་གསར་བ"ཡིན་པའི་ཁེ་ལས་སྐོར་ཞིག་སྐྱེད་སྲིང་བྱ་རྒྱུ།

ལེའུ་དྲུག་པ།ཕྱོགས་ཡོངས་ནས་སྒོ་འབྱེད་པའི་རྣམ་པ་གསར་བ་མྱུར་དུ་འཛུགས་རྒྱུ།

ཧུར་བརྩོན་གྱིས་འཛམ་གླིང་དཔལ་འབྱོར་གྱི་འཕེལ་རྒྱས་གནས་བབ་དང་མཐུན་པར་བྱེད་པ་དང་། རྒྱལ་ཁབ་ཀྱིས"རྒྱུད་གཅིག་ལམ་གཅིག"གི་འཐབ་ཇུས་ལག་བསྟར་བྱེད་པའི་ལོ་རྒྱུས་ཀྱི་གོ་སྐབས་བཟང་པོ་འདི་དམ་འཛིན་བྱས་ཏེ། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཛུགས་སྐྲུན་ནང་ཧུར་བརྩོན་གྱིས་ཞུགས་པ་དང་། ཕྱོགས་སུ་སྒོ་འབྱེད་པ་དང་བཅོས་བསྒྱུར་གཏིང་ཟབ་བྱེད་པ་གཉིས་མཉམ་འབྲེལ་བྱེད་པ་རྒྱུན་འཁྱོངས། ནང་ཁུལ་དུ་སྒོ་འབྱེད་པ་དང་ཕྱོགས་སུ་སྒོ་འབྱེད་པ་གཉིས་ཕན་ཚུན་མཉམ་འབྲེལ་ཡོང་བ་བཅས་ཀྱིས།ཕྱོགས་སུ་སྒོ་འབྱེད་པའི་སྤྱི་ཁྱབ་ཀྱི་ཆུ་ཚད་མི་མཐོ་བ་དང་དཔལ་འབྱོར་ཕྱོགས་སུ་ཕྱོགས་ཚད་དམའ་བ། འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་མི་མཐོ་བ་སོགས་ཀྱི་གནད་དོན་ཤུགས་ཆེན་པོས་ཐག་གཅོད་པ་དང་། ཕྱོགས་སུ་བརྗེ་རེས་བྱེད་པའི་ལས་སྟེགས་འཛུགས་པ་དང་ལེགས་སྒྱུར་བྱེད་པ་དང་། ཕྱོགས་སུ་མཉམ་འབྲེལ་བྱེད་པའི་བར་སྟོང་རྒྱ་སྐྱེད་དེ། རྒྱལ་སྤྱིའི་མཉམ་འབྲེལ་དང་འགྲན་རྩོད་ཀྱི་ལེགས་ཆ་གསར་བ་མྱུར་དུ་སྐྱེད་སྲིང་བྱ་རྒྱུ་དང་། ཕྱོགས་ཡོངས་དང་རིམ་པ་མང་བ། ཆུ་ཚད་མཐོ་བ་བཅས་ཀྱི་ཕྱོགས་སུ་སྒོ་འབྱེད་པའི་རྣམ་པ་གསར་བ་འཛུགས་རྒྱུ།

ས་བཅད་དང་པོ།"རྒྱུད་གཅིག་ལམ་གཅིག"གི་འཛུགས་སྐྲུན་ནང་མཉམ་འདྲེས་ཟབ་མོ་བྱ་རྒྱུ།

བསྡུར་མངོན་དགེ་མཚན་ལ་རྐང་འཛུགས་པ་དང་། དར་གོས་གནའ་ལམ་དཔལ་འབྱོར་རྒྱུད་ཉེ་འགྲམ་གྱི་རྒྱལ་ཁབ་དང་ས་ཁུལ་ལ་བརྗེ་རེས་དང་མཉམ་འབྲེལ་བྱེད་པར་ཤུགས་བསྣན་ཏེ། རང་ཞིང་དར་གོས་གནའ་ལམ་དཔལ་འབྱོར་རྒྱུད་ཀྱི་འཐབ་ཇུས་བགྲོད་ལམ་གལ་ཆེན་དང་ཉོ་ཚོང་ཟོང་སྐྱེལ་གྱི་འགག་རྩ། ཐོན་ལས་རྟེན་གཞི། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་བརྗེ་རེས་བྱེད་པའི་རྟེན་གཞི་བཅས་སྐྲུན་པར་འབད་བརྩོན་བྱ་རྒྱུ།

གཅིག ཕྱོགས་སུ་སྒོ་འབྱེད་པའི་བགྲོད་ལམ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་གཏོང་རྒྱུ།ལྕགས་ལམ་དང་གཞུང་ལམ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། འགག་རྩའི་བྱེད་ནུས་ཇེ་མཐོར་བཏང་ནས། རྒྱལ་སྤྱིའི་མཁའ་ལམ་ལ་རྒྱབ་སྐྱོར་བྱེད་ཚད་ཇེ་ཆེར་གཏོང་བ་དང་། མ་ལམ་བར་ཤར་བགྲོད་ཡོང་བ་མངོན་འགྱུར་བྱ་རྒྱུ་དང་། ཨེ་ཤ་ཡ་དབུས་མ་དང་ཨེ་ཤ་ཡ་ནུབ་མ། ཨ་ཤེ་ཡ་ལྷོ་མ་བཅས་དང་གཞན་ད་རུང་གླིང་ཆེན་ཡོ་རོབ་ཏི་ཀྲུང་ཧའེ་རྒྱ་མཚོའི་རྒྱབ་ཁབ་ཏུ་འགྲོ་བའི་འཐབ་ཇུས་བགྲོད་ལམ་བཙུགས་ཏེ། ཕྱོགས་སུ་སྒོ་འབྱེད་པའི་ཕན་ཚུན་མཉམ་འབྲེལ་དང་ཕན་ཚུན་ཤར་བགྲོད་ཡོང་བའི་རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུ། རྒྱལ་ཡོངས་དང་གཙོ་གནད་རྒྱལ་ཁབ(ས་ཁུལ)ཏུ་འགྲོ་བའི་མཁའ་ལམ་དྲ་རྒྱ་མྱུར་དུ་སྐྲུན་ཏེ། རྒྱལ་སྤྱིའི་ཟོང་སྐྱེལ་གནམ་གྲུ་ཤར་བགྲོད་ཡོང་བར་བྱེད་པ་དང་། ས་ཁོངས་ཀྱི་མཁའ་འགྲུལ་ཟོང་སྐྱེལ་འདུས་སྡོད་ལྟེ་གནས་འཛུགས་སྐྲུན་བྱ་རྒྱུ། མཁའ་འགྲུལ་དང་སྐམ་སའི་ལམ་ཁའི་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ལམ་ཁའི་ཕྱོགས་བསྡུས་ཞབས་ཞུ་ནུས་པ་ཇེ་མཐོར་གཏོང་བ་དང་། དར་གོས་གནའ་ལམ་དཔལ་འབྱོར་རྒྱུད་ཀྱི་ཉོ་ཚོང་བགྲོད་ལམ་ཆགས་སུ་འཇུག་རྒྱུ། ཨང་ཀིའི་དར་གོས་གནའ་ལམ་འཛུགས་སྐྲུན་བྱ་རྒྱུ།

གཉིས། ཡུན་ཕན་མཉམ་ལས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་རྒྱུ།རྒྱལ་ཁབ་ཕྱི་ནང་གི་ཚོང་ལས་མཐུན་ཚོགས་དང་ཕྱི་སྡོད་སྤུན་ཟླར་བསམ་བློ་བརྗེ་རེས་དང་འབྲེལ་གཏུག་བྱེད་པར་ཤུགས་བསྣན་ཏེ། འགྲམ་རྒྱུད་རྒྱལ་ཁབ་དང་ས་ཁུལ་གྱི་བརྗེ་རེས་མཉམ་འབྲེལ་གྲལ་སྒོར་གྲོས་ཚོགས་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཆ་རྐྱེན་འཛོམས་པའི་རྒྱལ་ཁབ་དང་ས་ཁུལ་དུ་ཕྱི་རོལ་ལ་མཉམ་འབྲེལ་བྱེད་པའི་འབྲེལ་གཏུག་ས་གནས(སྒེའུ་ཁུང)བཙུགས་ཤིང་། མཐུན་སྦྱོར་ལེགས་པོ་བྱེད་པའི་རྨང་གཞིའི་སྟེང་ཕན་ཚུན་བར་འཐུས་ཚབ་ས་གནས་བཙུགས་ནས། མཉམ་འབྲེལ་བརྗེ་རེས་བྱེད་པའི་ཐད་ཆ་འཕྲིན་དང་ཞབས་ཞུ་འདོན་སྤྲོད་བྱ་རྒྱུ། ཧུར་བརྩོན་གྱིས་འགྲམ་རྒྱུད་རྒྱལ་ཁབ་དང་ས་ཁུལ་ལ་འབྲེལ་བ་བཟང་པོ་འཛུགས་པ་དང་། མཛའ་བརྩེའི་ཆིངས་ཡིག་བཞག་ཟིན་པའི་རྨང་གཞིའི་སྟེང་། ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ལྔ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། སོ་ཐི། ཨུ་རི་སི་སོགས་ཀྱི་རྒྱལ་ཁབ་དང་བརྗེ་རེས་འབྲེལ་གཏུག་བྱེད་པར་ཤུགས་བསྣན་ཏེ། མཛའ་བརྩེ་ལྡན་པའི་ཞིང་ཆེན(གྲོང་ཁྱེར་དང་ཁུལ)གྱི་འབྲེལ་བ་འཛུགས་རྒྱུ་པ་དང་། དངོས་གཉེར་གྱི་བརྗེ་རེས་མཉམ་འབྲེལ་འཆར་གཞི་བཟོས་ཏེ། ཟི་ལིང་དང་མཚོ་ཤར། ན་གོར་མོ་བཅས་ཕྱི་རོལ་སྒོ་འབྱེད་འབྲེལ་གནས་གྲོང་ཁྱེར་འཛུགས་རྒྱུ། ནུབ་རྒྱུད་ཞིང་ཆེན་དང་ལྗོངས་བར"རྒྱུད་གཅིག་ལམ་གཅིག"འཛུགས་སྐྲུན་ནང་ཞུགས་པའི་སྲིད་ཇུས་མཐུན་སྦྱོར་བྱེད་ཚད་ཇེ་དྲག་ཏུ་བཏང་ནས། བསམ་བློ་བརྗེ་རེས་དང་མཐུན་སྦྱོར་རྐྱེན་སྲོལ་འཛུགས་པ་དང་། ནུབ་ཕྱོགས་དང་ལྷོ་ཕྱོགས་སུ་སྒོ་འབྱེད་པའི་དཔལ་འབྱོར་ཉོ་ཚོང་མཐུན་གནས་སྐྲུན་རྒྱུ།

གསུམ། ཕྱི་ཕྱོགས་སུ་མིའི་རིག་གནས་བརྗེ་རེས་བྱེད་པར་རྒྱ་སྐྱེད་གཏོང་རྒྱུ།མི་རིགས་རིག་གནས་ཀྱི་སྤྱི་ཚོགས་རིག་གནས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། སློབ་གསོ་དང་རིག་གནས། གནས་སྐོར། འཕྲོད་བསྟེན་བཅས་ཀྱི་ཁྱབ་ཁོངས་མཉམ་འབྲེལ་རྒྱ་ཁྱབ་སྒོས་སྤེལ་བ་དང་། མཐའ་འཁོར་རྒྱལ་ཁབ་དང་ས་ཁུལ་ལ་ཁ་གཏད་པའི་མིའི་རིག་གནས་སྣང་བརྗེ་རེས་ཀྱི་རྟེན་གཞི་ཆགས་སུ་འཇུག་རྒྱུ། ཐུ་བོད་གནའ་ལམ་དང་ཁུ་ནུ་རིག་གནས་ཐེག་བྱད་གཙོ་བོ་བྱས་ཏེ། བཟོ་རྩལ་མཛེས་རྩལ་མཁན་པོ་ཕྱི་རྒྱལ་དུ་སོང་ནས་སྤྱི་ཚོགས་རིག་གནས་སྣང་ཚུལ་དང་དམངས་ཁྲོད་རིག་གནས་བརྗེ་རེས་བྱེད་པར་རྩ་འཛུགས་བྱེད་པ་དང་། རིག་གནས་ཁེ་ལས་ཕྱི་རྒྱལ་དུ་སོང་ནས་ཚོང་ལས་འཁྲབ་སྟོན་དང་རིག་གནས་ཉོ་ཚོང་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ། རིག་གནས་ཐོན་རྫས་ཕྱི་རྒྱལ་དུ་ཚོང་བྲིན་པར་སྐུལ་འདེད་བཏང་ནས། རིག་གནས་འགྲེམ་སྟོན་དང་བརྗེ་རེས་བྱེད་པའི་ལས་སྟེགས་འཛུགས་རྒྱུ། ཞུན་ཧྭ་རྫོང་ཟ་ལར་རིགས་དང་ཐུའུ་ཁུའུ་མན་སི་ཐན་ལོ་རྒྱུས་རིག་གནས་རྩ་བ་གཅིག་དང་འབྱུང་ཁུངས་གཅིག་ཡིན་པ་རྨང་གཞི་བྱས་ཏེ། ལོ་རྒྱུས་དང་མི་རིགས་རིག་གནས་ཐོན་ཁུངས་སྔོག་འདོན་གང་ལེགས་བྱ་རྒྱུ་དང་། "གནའ་རབས་ལྐོག་གྱུར་གྱི་ཟ་ལར"བརྗོད་གཞི་ཡིན་པའི་ལོ་རྒྱུས་སྙན་ངག་དངོས་མཚོན་གློག་བརྙན་དང་ཡུལ་དངོས་མྱོང་ཚོར་སྒྲིག་བཟོ་བྱས་ཏེ། དར་གོས་གནའ་ལམ་གྱི་ལོ་རྒྱུས་རིག་གནས་གནས་སྐོར་ཁུལ་འཛུགས་རྒྱུ། ཡུས་ཧྲུའུ་ཁུལ་རྫ་སྟོད་རྫོང་གི་རྫ་ཆུ་དང་མའེ་གུང་ཆུ་བོའི་འབྱུང་ཁུལ་གྱི་ཁྱད་དུ་མངའ་བའི་ས་གཤིས་ལེགས་ཆ་བེད་སྤྱད་དེ། "རྫ་ཆུ་དང་མའེ་གུང་ཆུ་བོའི་འབྱུང་ཁུངས་ཀྱི་ཡུལ་སྲོལ་རིག་གནས་གནས་སྐོར"ལམ་ཐིག་འཛུགས་པ་དང་། མའེ་གུང་ཆུ་བོའི་འབབ་རྒྱུད་ཀྱི་རྒྱལ་ཁབ་ལྔའི་མང་ཚོགས་མཚོ་སྔོན་ལ་གནས་སྐོར་དུ་འགུག་ཏེ། མིའི་རིག་གནས་སྣང་ཚུལ་དང་སྐྱེ་ཁམས། ཉོ་ཚོང་བརྗེ་རེས་བཅས་བྱ་རྒྱུ།སློབ་གསོ་བརྗེ་རེས་མཉམ་འབྲེལ་བྱས་ཏེ། རྒྱལ་ཁབ་ཕན་ཚུན་བར་ཕྱི་རྒྱལ་དུ་སློབ་སྦྱོང་ལ་འགྲོ་བའི་སློབ་མ་མངགས་ཚད་རྒྱ་སྐྱེད་པ་དང་། སྟོབས་ཤུགས་ཡོད་པའི་མཐོ་རིམ་སློབ་གྲྭས་མཉམ་འབྲེལ་སློབ་བསྒྲུབ་བྱེད་པར་སྐུལ་སློང་བྱ་རྒྱུ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་དུ་ཨེ་ཤ་ཡའི་དབུས་མའི་སློབ་གླིང་འཛུགས་པར་བྱེད་པ་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་དར་གོས་གནའ་ལམ་དཔལ་འབྱོར་རྒྱུད་ཞིབ་འཇུག་ཁང་བཙུགས་ནས། དར་གོས་གནའ་ལམ་འགྲམ་རྒྱུད་གྲོང་ཁྱེར་གྱི་ན་གཞོན་བསམ་བློ་བརྗེ་རེས་བྱ་འགུལ་རྒྱ་ཁྱབ་སྒོས་སྤེལ་རྒྱུ། སྨན་བཅོས་འཕྲོད་བསྟེན་བརྗེ་རེས་དང་མཉམ་འབྲེལ་བྱེད་པར་ཤུགས་བསྣན་ཏེ། མཐོ་སྒང་གི་གསོ་རིག་དང་བོད་སོག་སྨན་རྫས། ས་གནས་ཀྱི་ནད་འགོག་བཅོས། ཆེད་ལས་འཇོན་མི་སྐྱེད་སྲིང་བྱེད་པ་སོགས་ཀྱི་ཕྱོགས་ནས་མཐུན་སྦྱོར་དམ་པོའི་འབྲེལ་བ་འཛུགས་པ་དང་། འགྲམ་རྒྱུད་གྱི་དགོས་མཁོ་ཡོད་པའི་རྒྱལ་ཁབ་ཏུ་མཐོ་སྒང་གི་ནད་དང་བོད་སོག་སྨན་རྫས་ཀྱི་ནད་བཅོས་ལྟེ་གནས་འཛུགས་རྒྱུ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།