2016ལོའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ཐེངས་བཅུ་གསུམ་པའི་ལོ་ལྔའི་འཆར་འགོད་ཀྱི་རྩ་གནད།(12)

ས་བཅད་གཉིས་པ།ཕྱི་རོལ་ཉོ་ཚོང་གི་ལེགས་ཆ་གསར་བ་སྐྱེད་སྲིང་བྱ་རྒྱུ།

ཉོ་ཚོང་གི་གཞི་ཁྱོན་རྒྱ་སྐྱེད་པ་དང་། ཉོ་ཚོང་གི་གྲུབ་ཚུལ་ལེགས་སྒྱུར་བྱས་ཏེ། སྒོ་འབྱེད་ཅན་གྱི་དཔལ་འབྱོར་འཕེལ་རྒྱས་ཆུ་ཚད་ཇེ་མཐོར་གཏོང་རྒྱུ། རང་གཉེར་ནང་གཏོང་ནང་འདྲེན་གྱི་བསྡུར་ཚད་ཤུགས་ཆེན་པོས་ཇེ་མཐོར་བཏང་ནས། འཐུས་ཚབ་ཉོ་ཚོང་བྱེད་པར་ཚད་ལྡན་སྒོས་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་སྤྱི་འབོར་ལོ་རེར་ཆ་སྙོམས་ཀྱིས10%ཡས་མས་འཕར་བར་བྱས་ཏེ། ཕྱིར་གཏོང་ནང་འདྲེན་དོ་མཉམ་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱ་རྒྱུ།

གཅིག ཐོན་རྫས་ཕྱི་གཏོང་བྱེད་ནུས་ཇེ་མཐོར་གཏོང་རྒྱུ། ཕྱི་གཏོང་རྟེན་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། སྲོལ་རྒྱུན་གྱི་ལེགས་ཆ་ལྡན་པའི་ཐོན་རྫས་ཕྱི་རུ་གཏོང་ཚད་ཇེ་བརྟན་དུ་གཏོང་བ། ཕྱིར་གཏོང་ཐོན་རྫས་ཀྱི་སྤུས་ཀ་དང་རིམ་པ་དང་གསར་གཏོད་བྱེད་པ་བཅས་ཀྱི་བསྡུར་ཚད་ཇེ་མཐོར་བཏང་ནས། ཕྱི་གཏོང་ཐོན་རྫས་དེ་ཐོག་མའི་ཐོན་རྫས་གཙོ་ཡིན་པ་ནས་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་སུ་བསྒྱུར་རྒྱུ། ཁྱད་ལྡན་ལེགས་ཆ་ལྡན་པའི་ཐོན་རྫས་ཕྱི་རུ་གཏོང་བའི་ལས་སྣོན་རྟེན་གཞི་དང་ཉོ་ཚོང་ཟོང་སྐྱེལ་སྡུད་འགྲེམ་རྟེན་གཞི་འཛུགས་སྐྲུན་བྱས་ཏེ། བོད་ཀྱི་ས་གདན་དང་མུའུ་སི་ལིན་གྱི་སྤྱོད་རྫས། སྐྱེ་དངོས་བཟོ་རྫས། ཁྱད་ལྡན་རིག་གནས་ཐོན་རྫས་སོགས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ཕྱིར་གཏོང་རྟེན་གཞི13འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཧུར་བརྩོན་བྱ་རྒྱུ།"ཨ་སྒོར་དུང་ཕྱུར་གྱི་སྦས་ཤུགས་གསོ་སྐྱོང་འཆར་གཞི"དང་ཕྱི་གཏོང་རང་བདག་ཚོང་རྟགས་གསོ་སྐྱོང་བྱེད་པའི་འཆར་གཞི་ལག་ཏུ་བསྟར་ཏེ། བོད་ཀྱི་ས་གདན་དང་ཁྱད་ལྡན་འཁེལ་འཐག སྒྲིག་ཆས་བཟོ་སྐྲུན། ཆུ་གློག ཅ་ལུད། བོད་ཀྱི་རིག་གནས་དང་སྨན་རྫས། ནུས་ཁུངས་གསར་བ། སྐྱེ་དངོས་བཟོ་རྫས་སོགས་ལས་རིགས་སུ་ལོ་རེར་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྤྱི་འབོར་ཨ་སྒོར་དུང་ཕྱུར་ལས་བརྒལ་ཅིང་རྒྱལ་སྤྱིའི་འགྲན་ཤུགས་དང་ཤེས་ཚད་མཐོ་བའི་ཕྱི་གཏོང་ནང་འདྲེན་གྱི་རྐང་འཛིན་ཁེ་ལས་སྐོར་ཞིག་ལ་རྒྱབ་སྐྱོར་བྱ་རྒྱུ།

གཉིས།ནང་འདྲེན་གཞི་ཁྱོན་ནུས་ལྡན་སྒོས་རྒྱ་བསྐྱེད་རྒྱུ།ནང་འདྲེན་ཧུར་བརྩོན་གྱིས་རྒྱ་བསྐྱེད་དེ།"ཁྲལ་སྲུང་མཛོད་ཉར+ཁྲལ་སྲུང་འགྲེམ་འཚོང"གི་ནང་འདྲེན་འགྲེམ་ཁང་སོགས་ཀྱི་རྣམ་པ་ཁྱབ་གདལ་དུ་གཏོང་བ་དང་། སྤྱིར་བཏང་གི་འཛད་སྤྱོད་ཐོན་རྫས་དང་འཚོ་བའི་སྤྱོད་རྫས་ནང་དུ་འདྲེན་ཚད་ཇེ་མང་དུ་བཏང་སྟེ། རྒྱལ་སྤྱིའི་ཚོང་མཁར་དང་ནང་འདྲེན་འཚོ་བའི་འགྲེམ་ཁང10འཛུགས་སྐྲུན་བྱ་རྒྱུ། ནང་འདྲེན་ཚོང་རྫས་ཀྱི་གྲུབ་ཚུལ་ཇེ་ལེགས་སུ་བཏང་ནས། ཞིང་ཆེན་ནང་ཁུལ་གྱི་བཟོ་ལས་དང་ཁེ་ལས་ཆེན་མོ་ཡིས་རང་བདག་སྒོས་སྔོན་ཐོན་ལག་རྩལ་དང་སྒྲིག་ཆས་གལ་ཆེན། གནད་འགག་གི་ལྷུ་ལག་བཅས་ནང་འདྲེན་བྱེད་པར་སྐུལ་མ་བཏང་ནས། ཐོན་ཁུངས་རང་བཞིན་གྱི་ཐོན་རྫས་ནང་འདྲེན་བྱེད་ཚད་ཇེ་བརྟན་དུ་གཏོང་བ་དང་ཨེ་ཤ་ཡ་དབུས་མ་དང་ལྷོ་མ་སོགས་རྒྱལ་ཁབ་ཀྱི་འཁེལ་འཐག་རྒྱུ་ཆ་དང་སྨན་རྫས་སོགས་ཚོང་རྫས་ཀྱི་ནང་འདྲེན་གཞི་ཁྱོན་ཇེ་ཆེར་གཏོང་རྒྱུ། ལས་སྣོན་ཉོ་འཚོང་གི་བྱེད་སྒོའི་ཚད་ཇེ་མཐོར་བཏང་ནས་ལས་སྣོན་ཉོ་འཚོང་དང་རྒྱུ་ཆ་ནང་འདྲེན་བྱེད་ཚད་རྒྱ་བསྐྱེད་གཏོང་རྒྱུ། 

གསུམ།ཞབས་ཞུ་ཉོ་འཚོང་ཤུགས་ཆེན་པོས་གོང་དུ་སྤེལ་རྒྱུ།ཞབས་ཞུ་ལས་རིགས་ཀྱི་སྒོ་འབྱེད་པའི་ཆུ་ཚད་ཇེ་མགྱོགས་སུ་གཏོང་བ་དང་རྒྱལ་སྤྱིའི་རང་བཞིན་གྱི་ཞབས་ཞུ་ལས་རིགས་རྩེ་གྲས་ནང་འདྲེན་བྱས་ཏེ།ཞབས་ཞུ་ཕྱི་འགན་ལེན་པའི་ཁེ་ལས་ཁག་ཅིག་གསོ་སྐྱོང་བྱེད་པ་དང་། ཞབས་ཞུ་ཕྱི་འགན་ལེན་པའི་བྱེད་སྒོའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་བ། ཞབས་ཞུ་ཕྱི་འགན་ལེན་པའི་རྟེན་གཞི་འཛུགས་སྐྲུན་བྱེད་པ། རྒྱལ་སྤྱིའི་ཞབས་ཞུ་ཉོ་འཚོང་ལ་ཡར་སྐུལ་བྱེད་པའི་ཐབས་ལམ་བཟོ་བ་བཅས་བྱས་ཏེ། སྣེ་འདྲེན་ཁེ་ལས་ཕྱི་རྒྱལ་དུ་སོང་ནས་ཞབས་ཞུ་ཉོ་འཚོང་ལས་གཞི་དང་ལེན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། གནས་སྐོར་སོགས་སྲོལ་རྒྱུན་ཞབས་ཞུ་ལས་རིགས་ཀྱི་འབུད་སྒོ་བརྟན་བརླིང་དང་རྒྱ་སྐྱེད་པ་དང་། དངུལ་རྩ་དང་ཟོང་སྐྱེལ་དང་འཕྲིན་སྐྱེལ་སོགས་ཞབས་ཞུ་ལས་རིགས་ཀྱི་སྒོ་མོ་ཕྱིར་འབྱེད་པ་འཚོལ་ཞིབ་དང་རྒྱ་སྐྱེད་དེ། ཞབས་ཞུ་ཉོ་འཚོང་གི་འཕར་གནས་གསར་པ་གསོ་སྐྱོང་བྱེད་པ་དང་། ཞབས་ཞུ་ལས་རིགས་ཀྱི་རྒྱལ་སྤྱི་ཅན་གྱི་ཆུ་ཚད་དང་ཕྱིར་ཕྱོགས་ཉོ་འཚོང་ནང་གི་བསྡུར་ཚད་ཇེ་མཐོར་གཏོང་རྒྱུ།

བཞི།ཕྱི་ཕྱོགས་ཚོང་གཉེར་བྱེད་པའི་དྲ་བ་རྒྱ་སྐྱེད་གཏོང་རྒྱུ། རང་རེའི་ཞིང་ཆེན་གྱི་ཁྱད་ལྡན་ཐོན་རྫས་ཀྱི་གསར་དར་ཚོང་ར་ཧུར་བརྩོན་སྒོས་གསར་གཏོད་བྱས་ནས། ཉོ་འཚོང་གཙོ་བོའི་རོགས་པར་ཁེབས་པའི་ཉོ་འཚོང་དྲ་བ་ཕལ་ཆེར་ཆགས་སུ་འཇུག་རྒྱུ། ཁེ་ལས་ཀྱིས་རྒྱལ་ཁབ་དང་ས་ཁུལ་གཙོ་བོ་རུ་ཀྲུང་གོའི(མཚོ་སྔོན)ཁྱད་ལྡན་ཚོང་རྫས་ཀྱི་རྒྱལ་སྤྱིའི་ཚོང་གཉེར་ལྟེ་གནས15ལྔ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཆ་རྐྱེན་ལྡན་པ་དང་སྟོབས་ཤུགས་ཡོད་པའི་ཁེ་ལས་ཀྱིས་ཕྱི་རྒྱལ་གྱི་ཉོ་འཚོང་འཁོར་རྒྱུག་ཁེ་ལས་སྡུད་ཉོ་བྱེད་པ་དང་། ཡང་ན་རང་བདག་གི་རྒྱལ་སྤྱི་ཚོང་གཉེར་ཐབས་ལམ་འཛུགས་སྐྲུན་བྱེད་པར་ཡར་སྐུལ་བྱས་ནས། རྒྱལ་ཁོངས་ཕྱིའི་ཉོ་འཚོང་དྲ་བ་མགྱོགས་མྱུར་ངང་རྒྱ་བསྐྱེད་རྒྱུ། ཁེ་ལས་ཀྱིས་རྒྱལ་ཁོངས་ཕྱི་ནས་ཚོང་རྫས་འགྲེམ་འཚོང་ལྟེ་གནས་དང་སྡེབ་གཏོང་ལྟེ་གནས། སིལ་འཚོང་དྲ་གནས། བཙོངས་རྗེས་ཀྱི་ཞབས་ཞུ་ལྟེ་གནས་བཅས་བཙུགས་ཏེ། ཐད་ཀར་རྒྱལ་སྤྱིའི་ཚོང་རའི་འགྲན་རྩོད་ནང་ཞུགས་པར་རྒྱབ་སྐྱོར་བྱ་རྒྱུ། ཕྱི་ནང་ཉོ་འཚོང་ཁེ་ལས་ཕན་ཚུན་བར་མཉམ་སྡེབ་དང་མཉམ་ལས་བྱེད་པར་ཡར་སྐུལ་བྱས་ནས། རྒྱལ་སྤྱི་ཅན་གྱི་འཁོར་རྒྱུག་ཁེ་ལས་ཆེན་མོ་གསོ་སྐྱོང་བྱ་རྒྱུ། ཁེ་ལས་ཀྱིས་རྒྱལ་མཚམས་བརྒལ་ནས་གློག་རྡུལ་ཚོང་དོན་དང་ཚོང་ཁྲོམ་ཉོ་སྡུད་སོགས་ཉོ་འཚོང་གསར་པའི་བྱེད་སྟངས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ནས།"རྒྱལ་ཕྱིའི་མཛོད་ཁང"སོགས་རྣམ་པ་བརྒྱུད་དེ་རྒྱལ་ཁོངས་ཕྱིའི་སིལ་འཚོང་མ་ལག་ནང་འདྲེན་བྱེད་པར་བྱ་རྒྱུ།

ས་བཅད་གསུམ་པ།སྒོ་འབྱེད་ཅན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་བ་གསར་སྐྲུན་བྱ་རྒྱུ།

ཁྲིམས་སྐྱོང་ཅན་དང་རྒྱལ་སྤྱི་ཅན། སྟབས་བདེ་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་ཏེ། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་གཏོང་བ་དང་ཞབས་ཞུ་བྱེད་པའི་ཆུ་ཚད་ཇེ་མཐོར་བཏང་ནས། མཉམ་ལས་མཉམ་ཕན་ཡིན་པའི་སྒྲིག་སྲོལ་དང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་རྒྱུ།

གཅིགསྲིད་ཇུས་ཀྱི་འདེགས་སྐྱོར་མ་ལག་ལེགས་བཅོས་བྱ་རྒྱུ། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་གཏོང་བའི་དོ་དམ་སྒྲིག་སྲོལ་བཅོས་བསྒྱུར་བྱེད་པ་གཏིང་ཟབ་ཏུ་གཏོང་བ་སྟེ། མ་ཞུགས་སྔོན་གྱི་རྒྱལ་དམངས་ཐོབ་ཐང་གི་ཁར་ལྡོག་ཕྱོགས་གསལ་ཐོ་སྣོན་པའི་དོ་དམ་ལམ་ལུགས་ཁྱོན་ཡོངས་ནས་ལག་ཏུ་བསྟར་བ་དང་། ཕྱི་ལ་མ་དངུལ་གཏོང་བའི་མཉམ་ལས་བྱེད་སྟངས་གསར་གཏོད་བྱས་ནས་རྒྱལ་ཁོངས་ཕྱིའི་མ་དངུལ་དང་སྔོན་ཐོན་ལག་རྩལ་ཧུར་བརྩོན་དང་ཕན་ལྡན་ངང་ནང་དུ་འདྲེན་རྒྱུ། ཚོང་རྫས་ཕྱི་གཏོང་ནང་འདྲེན་གྱི་དོ་དམ་དང་ཕྱི་ཕྱོགས་ཉོ་འཚོང་གི་ཡར་སྐུལ་སྲིད་ཇུས་ཀྱི་མ་ལག་ཁྲིམས་ལྟར་ལེགས་བཅོས་བྱེད་པ་དང་། ཕྱི་ཕྱོགས་ཉོ་འཚོང་སྲིད་ཇུས་ཀྱི་མཐུན་སྦྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་རྒྱུ། ནོར་སྲིད་ཆེད་དོན་མ་དངུལ་གྱི་སྣ་འདྲེན་ནུས་པ་གང་ལེགས་ཀྱིས་འདོན་སྤེལ་བྱེད་པ་དང་། ཕྱི་ཕྱོགས་དཔལ་འབྱོར་ཉོ་འཚོང་འཕེལ་རྒྱས་ཐེབས་རྩའི་བཀོལ་སྤྱོད་བྱེད་སྟངས་བཅོས་བསྒྱུར་བྱས་ནས། ཕྱི་ཕྱོགས་ཉོ་འཚོང་ཚོང་རྫས་ཕྱི་གཏོང་བའི་རྟེན་གཞིའི་འཛུགས་སྐྲུན་དང་ཚོང་རྟགས་གསོ་སྐྱོང་། ཕྱི་ཕྱོགས་ཉོ་འཚོང་གི་གྲུབ་ཚུལ་ལེགས་སྒྲིག་བཅས་ལ་གཙོ་བོར་རྒྱབ་སྐྱོར་བྱ་རྒྱུ། དངུལ་ཁང་ལས་རིགས་དང་དངུལ་རྩ་སྡེ་ཁག་གིས་ཕྱི་གཏོང་ནང་འདྲེན་ཁེ་ལས་ལ་ཡིད་རྟོན་མ་དངུལ་བསྐྱི་བའི་རྒྱབ་སྐྱོར་བྱེད་པར་ཡར་སྐུལ་བྱས་ནས། ཕྱི་གཏོང་མངག་ཐོ་ལ་མ་དངུལ་རུབ་བསྡུ་དང་འགན་བཅོལ་མངག་ཐོ་ལ་མ་དངུལ་རུབ་བསྡུ་དང་། ནང་འདྲེན་གཏའ་མ་ལ་མ་དངུལ་རུབ་བསྡུ་དང་ནང་འདྲེན་སྒྲིག་ཆས་ལ་མ་དངུལ་རུབ་བསྡུ་ལས་སྒོ་སྤེལ་རྒྱུ། ཕྱི་གཏོང་ཡིད་རྟོན་འགན་བཅོལ་གཞི་ཁྱོན་དང་ཁེབས་རྒྱ་ཇེ་ཆེར་བཏང་ནས། ཕྱི་གཏོང་ཡིད་རྟོན་འགན་བཅོལ་མངག་ཐོ་ལ་མ་དངུལ་རུབ་བསྡུ་ལས་སྒོ་ཤུགས་ཆེན་པོས་སྤེལ་རྒྱུ། ཕྱི་ཕྱོགས་ཉོ་འཚོང་ཁེ་ལས་འབྲིང་ཆུང་གྲས་ཀྱི་འགན་ལེན་ཞབས་ཞུའི་སྲིད་ཇུས་རྒྱབ་སྐྱོར་ཇེ་ཆེར་གཏོང་རྒྱུ།

གཉིས།ཉོ་འཚོང་སྟབས་བདེ་ཅན་ལ་སྐུལ་འདེད་བྱ་རྒྱུ།ཕྱི་ཕྱོགས་ཉོ་འཚོང"སྒེའུ་ཁུང་གཅིག་ཅན"དང་གྲུ་ཁའི་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཆ་འཕྲིན་ཕན་ཚུན་བརྗེ་རེས་དང་ལྟ་སྐུལ་དོ་དམ་ཕན་ཚུན་ཁས་ལེན་པ། ཁྲིམས་བསྟར་ཕན་ཚུན་རོགས་རེས་བཅས་ཀྱི་སྒོ་ཁྲལ་བརྒྱུད་པའི་མཐུན་སྦྱོར་རྐྱེན་སྲོལ་བཙུགས་ཏེ། སྒོ་ཁྲལ་དང་ལྟ་བཤེར་མཉམ་ལས་དེ་ཐེངས་གཅིག་ལ་ཞུ་འབུལ་བྱེད་པ་དང་། ཐེངས་གཅིག་ལ་ལྟ་བཤེར་བྱེད་པ། ཐེངས་གཅིག་ལ་འགྲོ་རུ་འཇུག་པའི"གསུམ་ཅན་གཅིག"གི་རྣམ་པར་ཁྱོན་ཡོངས་ནས་སྐུལ་འདེད་བྱ་རྒྱུ། གློག་རྡུལ་གྲུ་ཁའི་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ནས་མཚོ་སྔོན་ཞིང་ཆེན་གློག་རྡུལ་གྲུ་ཁའི་ཆ་འཕྲིན་ལས་སྟེགས་འཛུགས་རྒྱུ། ནང་ལོག་གྲུ་ཁའི་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ནས་མཚོ་འབྲེལ་དང་མཐའ་འབྲེལ་ས་ཁུལ་གྱི་གྲུ་ཁའི་བར་གྱི་ཟོང་སྐྱེལ་མཉམ་ལས་དང་མཉམ་འབྲེལ་འཕེལ་རྒྱས་ལ་ཤུགས་བསྣན་ཏེ། ཟི་ལིང་མཁའ་སྐྱོད་གྲུ་ཁའི་ཟོང་སྐྱེལ་ནུས་པ་ཇེ་མཐོར་གཏོང་བ་དང་། ན་གོར་མོའི་འཕེལ་རྒྱས་རྣམ་པ་མང་བོའི་མཉམ་སྐྱེལ་ཐད་རྒྱབ་སྐྱོར་བྱས་ནས། གྲུ་ཁའི་ཟོང་སྐྱེལ་རྩོལ་ནུས་མཐུད་འབྲེལ་བྱ་རྒྱུ། སིལ་ཏོག་དང་ཤ་རིགས་སོགས་ནང་འདྲེན་ཞིབ་བཤེར་ལྟ་སྐུལ་གྱི་དམིགས་འཛུགས་གྲུ་ཁའི་འཛུགས་སྐྲུན་སྐུལ་འདེད་བྱེད་པར་འཚོལ་ཞིབ་བྱ་རྒྱུ། སྒོ་ཁྲལ་གྱི་ལྟ་སྐུལ་དང་དོ་དམ་གསར་གཏོད་བྱེད་པར་ཤུགས་བསྣན་ནས་སྦྲག་ཁྲལ་སྲིད་ཇུས་དང་སྡུད་ལེན་དོ་དམ་བྱེད་ཐབས་ལེགས་བཅོས་བྱ་རྒྱུ།

གསུམ།ཕྱོགས་བསྡུས་ཁྲལ་སྲུང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བྱ་རྒྱུ།ཚའོ་ཅ་པའོ་ཁྲལ་སྲུང་ཟོང་སྐྱེལ་ལྟེ་གནས(Bརིགས)དང་ཟི་ལིང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ།མཚོ་སྔོན་རྒྱལ་སྤྱི་ཁྲལ་སྲུང་ཟོང་ཉོ་ལྟེ་གནས་སོགས་སྒོ་ཁྲལ་གྱི་དམིགས་བསལ་ལྟ་སྐུལ་དོ་དམ་ཁུལ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བྱ་རྒྱུ།"ཁྲལ་སྲུང་མཛོད་ཉར+ཁྲལ་སྲུང་འགྲེམ་འཚོང"དང་ནང་འདྲེན་ཚོང་རྫས་ཐད་འཚོང་བྱེད་པ། རྒྱལ་སྤྱི་ཉོ་སྡུད་དང་ནང་འདྲེན་དང་ཉོ་འཚོང་སོགས་ཀྱི་རྣམ་པའི་ནང་འདྲེན་འགྲེམ་ཁང་དང་། དེ་མིན་གནམ་གྲུ་འགག་སྒོའི་ཁྲལ་མེད་ཚོང་ཁང་གི་འཛུགས་སྐྲུན་ལ་ཧུར་བརྩོན་སྒོས་སྐུལ་འདེད་བྱ་རྒྱུ། ཁྲལ་སྲུང་ཟོང་སྐྱེལ་ལས་སྒོ་ཧུར་བརྩོན་སྒོས་གོང་དུ་སྤེལ་པ་དང་། ཁྲལ་སྲུང་ཚོང་ཟོང་གི་འགྲེམ་སྟོན་དང་ཞིབ་བཤེར་དང་དུས་བཅད་ཚོང་ཟོང་རྩིས་སྤྲོད་ལེན་སོགས་རྣམ་པ་གསར་བའི་ལས་སྒོ་རྒྱ་སྐྱེད་གཏོང་།

ས་བཅད་བཞི་པ། ཕྱི་ཕྱོགས་མཉམ་ལས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ།

གཅིགརྒྱལ་ཁབ་དང་ས་ཁུལ་གཙོ་བོའི་བར་གྱི་མཉམ་ལས་དང་བརྗེ་རེས་གཏིང་ཟབ་ཏུ་གཏོང་རྒྱུ།རྒྱལ་ཁབ་དང་ས་ཁུལ་གཙོ་བོའི་བར་གྱི་དཔལ་འབྱོར་འབྲེལ་འདྲེས་ཇེ་དམ་དུ་གཏོང་བ་དང་། རྒྱལ་སྤྱིའི་མཛའ་མཐུན་གྲོང་ཁྱེར་འབྲེལ་ཐག་ལྟ་བུ་བྱས་ཏེ། སྲིད་གཞུང་གི་མཐོ་གྲས་བར་གྱི་ཕན་ཚུན་མཚམས་འདྲི་དང་སྡེ་ཁག་བར་གྱི་ཁ་གཏད་གྲོས་མོལ། ཁེ་ལས་བར་གྱི་འབྲེལ་མཐུད་ཟབ་མོ། དམངས་ཁྲོད་མཛའ་མཐུན་བར་གྱི་བརྗེ་རེས་བཅས་རིམ་པ་བཞི་ནས་རྐྱེན་སྲོལ་ཅན་ཆགས་སུ་འཇུག་པ་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ།"ཤར་འདྲེན་ནུབ་གཏོང་དང་བྱང་སྐྱོད་ལྷོ་འགྲོའི"བསམ་ཕྱོགས་ལྟར། ཕྱི་ཕྱོགས་སུ་སྒོ་འབྱེད་པའི་གཏིང་ཚད་དང་ཁེབས་ཚད་སྔར་ལས་རྒྱ་བསྐྱེད་རྒྱུ། ནུབ་ཕྱོགས་སུ་སྒོ་འབྱེད་པ་རྒྱ་བསྐྱེད་དེ། གཙོ་བོ་ནི་ཨེ་ཤ་ཡ་དབུས་ཁུལ་དང་དབུས་ཤར་ས་རྒྱུད། གཞན་ད་རུང་ཡོ་རོབ་ཤར་མའི་རྒྱལ་ཁབ་བར། ནུས་ཁུངས་དང་མཐོ་རིམ་སྒྲིག་ཆས་བཟོ་སྐྲུན། དབྱི་སི་ལན་དངུལ་རྩ། དབྱི་སི་ལན་ཐོན་ལས། ཞིང་ལས་ཕྱོགས་བསྡུས་གསར་སྤེལ་སོགས་ཁྱབ་ཁོངས་བར་མཉམ་ལས་སྤེལ་རྒྱུ། བྱང་ཕྱོགས་སུ་སྒོ་འབྱེད་པ་ཧུར་བརྩོན་སྒོས་འཚོལ་ཞིབ་བྱས་ཏེ། འབྲེལ་ཡོད་རྒྱལ་ཁབ་བར་ཞིང་ཕྱུགས་ལས་དང་གཏེར་ཐོན་ཐོན་ཁུངས་སོགས་ཁྱབ་ཁོངས་བར་མཉམ་ལས་སྤེལ་བར་ཤུགས་བསྣན་དགོས། ལྷོ་ཕྱོགས་སུ་སྒོ་འབྱེད་པ་ཧུར་བརྩོན་སྒོས་རྒྱ་བསྐྱེད་དེ། ཀྲུང་ཕ་དང་བྷང་ཀྲུང་ཧིན་འབར་བཅས་ཀྱི་དཔལ་འབྱོར་ཁྱམས་རིང་གཉིས་ཧུར་བརྩོན་སྒོས་འདྲེས་སུ་བཅུག་སྟེ། དཔལ་འབྱོར་ཉོ་འཚོང་མཉམ་ལས་དང་མིའི་རིག་གནས་བརྗེ་རེས་ཤུགས་ཆེན་གྱིས་སྐུལ་འདེད་བྱ་རྒྱུ། ཤར་ཕྱོགས་སུ་སྒོ་འབྱེད་པ་གཏིང་ཟབ་ཏུ་བཏང་སྟེ། གཙོ་བོ་ནི་འཇར་པན་དང་ཧན་གོ་དང་རང་རེའི་རྒྱལ་ཁབ་ཀྱི་ཀང་ཨོ་ཐའེ་ས་ཁུལ་བཅས་བར་ཞིང་ལས་དང་གནས་སྐོར། ཁོར་ཡུག་སྲུང་སྐྱོང་། རིག་གནས། སྐྱེ་དངོས་ཐོན་ཁུངས་སོགས་ཕྱོགས་སུ་མཉམ་ལས་དང་བརྗེ་རེས་སྤེལ་བར་ཡར་སྐུལ་བྱ་རྒྱུ།

གཉིས།ཚོང་འགུག་དངུལ་འདྲེན་ཐད་ཐོད་བརྒལ་གསར་བ་མངོན་འགྱུར་བྱ་རྒྱུ།ཚོང་འགུག་དངུལ་འདྲེན་གྱི་གཞི་ཁྱོན་བརྟན་བརླིང་ངང་རྒྱ་བསྐྱེད་པ་དང་། ལོ་རེར་མ་དངུལ་སྒོར་དུང་ཕྱུར10ཡན་གྱི་ལས་གཞི་གཙོ་བོ100སྐུལ་འདེད་བྱས་ནས། ཕྱི་དངུལ་བེད་སྤྱོད་བྱེད་ཚད་ལོ་རེར་ཆ་སྙོམས་སུ10%བརྩོན་ལེན་བྱ་རྒྱུ། གསལ་ཞིང་སྟབས་བདེ་དང་བརྟན་བརླིང་བཅས་ཡིན་པའི་མ་དངུལ་གཏོང་བའི་ཁོར་ཡུག་སྔར་ལས་བསྐྲུན་ཞིང་། དར་རྒྱས་ཆེ་བའི་རྒྱལ་ཁབ་དང་རྒྱལ་ནང་གི་དར་རྒྱས་ཆེ་བའི་ས་ཁུལ་ལ་དམིགས་པ་དང་། ཚོང་འགུག་དངུལ་འདྲེན་བྱེད་ཐབས་གསར་གཏོད་བྱས་ཏེ། ཚན་རྩལ་འདུས་ཚད་མཐོ་ཞིང་ཕྱོགས་བསྡུས་སྟོབས་ཤུགས་ཆེ་བའི་ཁེ་ལས་ཚོགས་པ་སྐོར་ཞིག་ཧུར་བརྩོན་སྒོས་ནང་དུ་འདྲེན་པ་དང་། རང་རེའི་ཞིང་ཆེན་གྱི་ཐོན་ཁུངས་གསར་སྤེལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། སྲོལ་རྒྱུན་ཐོན་ལས་ཀྱི་ལག་རྩལ་བསྒྱུར་བཅོས་དང་གསར་དར་ཐོན་ལས་འཕེལ་རྒྱས་ནང་ཞུགས་སུ་འཇུག་རྒྱུ། འཛམ་གླིང་དངུལ་ཁང་དང་ཡ་གླིང་གསར་སྤེལ་དངུལ་ཁང་སོགས་དངུལ་རྩ་རྩ་འཛུགས་དང་ཕྱི་རྒྱལ་སྲིད་གཞུང་གི་དམིགས་བསལ་དངུལ་བུན་བསྐྱི་བ(སྟེར་བ)ཧུར་བརྩོན་དང་ཕན་ལྡན་ངང་བརྩོན་ལེན་བྱས་ཏེ། དངུལ་བུན་བསྐྱི་བ་དང་བཀོལ་སྤྱོད་བྱེད་པའི་ཁྱབ་ཁོངས་རྒྱ་སྐྱེད་པ་དང་། དངུལ་བུན་གཏོང་ཕྱོགས་ལེགས་བསྒྱུར་བྱས་ནས། མཉམ་ལས་རྣམ་པ་ཕུན་སུམ་ཚོགས་པོར་གཏོང་རྒྱུ། རྒྱལ་སྤྱི་དང་རྒྱལ་ནང་གི་མ་དངུལ་གཏོང་བ་དང་མཉམ་ལས་བརྗེ་རེས་ནང་ཞུགས་པ་རྒྱ་བསྐྱེད་དེ། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་གཏོང་བའི་གཞི་ཁྱོན་དང་མྱུར་ཚད་བརྟན་བརླིང་ཡོང་བར་བྱེད་པ་དང་། ཕྱི་ཕྱོགས་ཀྱི་མ་དངུལ་གསར་དར་ཐོན་ལས་དང་མཐོ་གསར་ལག་རྩལ། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཁྱབ་ཁོངས་ལ་ཧུར་བརྩོན་གྱིས་སྣེ་ཁྲིད་རྒྱུ། རྒྱལ་ཁོངས་ཕྱིའི་མ་དངུལ་གཏོང་བའི་ཐོ་འགོད་ལམ་ལུགས་ཀྱི་དོ་དམ་ལག་ཏུ་བསྟར་ནས། ལེགས་ཆ་ལྡན་པའི་ཁེ་ལས་རྒྱལ་ཁོངས་ཕྱི་རུ་སོང་ནས་མ་དངུལ་གཏོང་བ་དང་མཉམ་ལས་སྤེལ་བར་ཡར་སྐུལ་བྱ་རྒྱུ།

གསུམ།འགྲེམ་ཚོགས་ལས་སྟེགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཇེ་མཐོར་གཏོང་རྒྱུ།ས་ཁོངས་གཙོ་བོ་དང་ཕལ་བས་རྩ་འཛུགས་བྱས་ནས་སྤེལ་བའི་བྱ་འགུལ་སྣ་ཚོགས་ནང་ཧུར་བརྩོན་གྱིས་ཞུགས་པ་དང་། འབྲེལ་ཡོད་རྒྱལ་ཁབ་ཕྱི་ནང་གི་གླེང་སྟེགས་དང་འགྲེམ་ཚོགས་སོགས་ལས་སྟེགས་བརྒྱུད་དེ། རྒྱལ་ཁབ་དང་ས་ཁུལ་གཙོ་བོའི་བར་སྔར་ལས་དམ་པོ་ཡིན་པའི་འབྲེལ་འདྲེས་འཛུགས་པར་སྐུལ་འདེད་བྱ་རྒྱུ། མཚོ་སྔོན་དཔལ་འབྱོར་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་མཚོ་སྐོར་འགྲན་བསྡུར། བོད་ཀྱི་ས་གདན་འགྲེམ་སྟོན། དབྱི་སི་ལན་ཟས་རིགས་འགྲེམ་སྟོན་སོགས་དཔལ་འབྱོར་ཉོ་འཚོང་དང་རིག་གནས་བྱ་འགུལ་སྤེལ་བའི་ཆུ་ཚད་དང་གཞི་ཁྱོན་ཇེ་མཐོར་བཏང་སྟེ། རྒྱལ་སྤྱིའི་ཀྱི་ཤུགས་རྐྱེན་ཐེབས་ཤུགས་རྒྱ་བསྐྱེད་རྒྱུ། གློག་རྡུལ་ཚོང་དོན་སོགས་ཆ་འཕྲིན་ཅན་གྱི་བྱེད་ཐབས་བེད་སྤྱད་དེ། ཆེད་ལས་དང་མཐོ་གྲས། ཕན་མཐོ་བཅས་ཀྱི་ཉོ་འཚོང་ལས་སྟེགས་བསྐྲུན་ཏེ།"ནམ་ཡང་རྒྱུན་ཆད་མེད་པའི"རྒྱལ་སྤྱིའི་འགྲེམ་ཚོགས་སྤེལ་རྒྱུ། རྒྱལ་ཁབ་རིམ་པའི་དར་གོས་གནའ་ལམ་དཔལ་འབྱོར་མུ་རྒྱུད་ཀྱི་ལྗང་མདོག་གླིང་སྟེགས་དང་ལྗང་མདོག་ཐོན་ལས་དངོས་མང་འགྲེམ་ཚོགས་ཧུར་བརྩོན་སྒོས་ཡར་ཞུ་འབུལ་རྒྱུ། "རྒྱུད་གཅིག་ལམ་གཅིག"གི་རྒྱལ་སྤྱིའི་མཐོ་གྲས་གླེང་སྟེགས་དང་རྒྱལ་ཁབ་སྲིད་གཞུང་བར་གྱི་གནས་སྐོར་པུའུ་ཀྲང་ཚོགས་འདུ་སོགས་བྱ་འགུལ་རང་རེའི་ཞིང་ཆེན་ནང་འཚོགས་པར་སྐུལ་འདེད་བྱ་རྒྱུ།

བཞི།ཕྱི་དོན་ཞབས་ཞུ་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་གཏོང་རྒྱུ།ཕྱི་དོན་བྱ་བའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་བ་དང་། འབྲེལ་ཟམ་དང་སྒེའུ་ཁུང་དང་དྲིལ་བསྒྲགས་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རྒྱལ་སྤྱིའི་བརྗེ་རེས་དང་མཉམ་ལས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བྱ་རྒྱུ། འབྲེལ་འདྲེས་དང་མཉམ་ལས་དངོས་གཉེར་བྱེད་པ་རྒྱ་བསྐྱེད་དེ། གྲོས་ཁང་ཕྱི་འབྲེལ་དང་སྤྱི་པའི་ཕྱི་འབྲེལ། དམངས་ཁྲོད་ཕྱི་འབྲེལ་སོགས་སྣ་མང་ཕྱི་འབྲེལ་དང་མཉམ་ཕན་འཕེལ་རྒྱས་ལ་སྐུལ་འདེད་བྱ་རྒྱུ། ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་པར་ཤུགས་སྣོན་པ་དང་། རིག་གནས་གཟའ་འཁོར་དང་དྲིལ་བསྒྲགས་ཟླ་བ་སོགས་རྣམ་པ་མང་བའི་བྱ་འགུལ་ཧུར་བརྩོན་སྒོས་སྤེལ་ཏེ། དམངས་ཁྲོད་ཀྱི་བརྗེ་རེས་ཐད་ཡར་སྐུལ་བྱ་རྒྱུ། ཕྱི་དོན་ཐབས་ལམ་ཐོགས་པ་མེད་པར་བྱས་ཏེ། རང་རེའི་ཞིང་ཆེན་གྱི་ཁེ་ལས་ཀྱིས་རྒྱལ་ཁོངས་ཕྱི་ནས་ཚོང་གཉེར་དྲ་རྒྱ་དང་རྒྱལ་སྤྱིའི་ཚོང་ར་གསར་སྤེལ་བྱེད་པའི་མི་སྣའི་གཞུང་ཞབས་ལམ་ཡིག་དང་མཆན་འགོད་ལག་ཁྱེར་བསྒྲུབ་པར་སྟབས་བདེ་འདོན་སྤྲོད་བྱ་རྒྱུ། ཚོང་དོན་པུའུ་ཡི་ཕྱིར་སྡོད་ཚོང་གཉེར་ལས་ཁུངས་ལ་གཞི་བཅོལ་ཏེ། རང་རེའི་ཞིང་ཆེན་གྱིས་ལམ་རྒྱུད་ཀྱི་རྒྱལ་ཁབ་སོ་སོ་ནས་ལས་སྒོ་སྤེལ་བའི་མི་སྣ་ལ་བཅའ་ཁྲིམས་དང་སྲིད་ཇུས་ཕྱོགས་ཀྱི་བློ་འདྲི་དང་རོགས་རམ་འདོན་དགོས། ཐུའུ་ཁོ་མན་སི་ཐན་དང་ནེ་པ་ལ། མོང་གོལ་སོགས་རྒྱལ་ཁབ་ཀྱི་དམིགས་གཏད་འགན་ལེན་ལས་འགན་ཧུར་བརྩོན་གྱིས་འགན་ལེན་བྱ་རྒྱུ། ཕྱི་རྒྱལ་གྱི་མཐོ་རིམ་འཇོན་མི་མཚོ་སྔོན་ནས་གཞི་ཆགས་ནས་འདུག་པའི་སྲིད་ཇུས་ལེགས་བཅོས་བྱ་རྒྱུ། རྒྱལ་ཁབ་བདེ་འཇགས་ཁག་ཐེག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ་རང་རེའི་ཞིང་ཆེན་གྱི་སྒོ་འབྱེད་མེད་པའི་ས་ཁུལ་ལུགས་མཐུན་དང་གོ་རིམ་ཡོད་པའི་སྒོ་ནས་སྒོ་འབྱེད་པར་སྐུལ་འདེད་བྱེད་པ་ཇེ་མགྱོགས་སུ་བཏང་སྟེ། མིའི་རིག་གནས་བརྗེ་རེས་དང་གནས་སྐོར་ལས་རིགས་འཕེལ་རྒྱས་ཐད་ཡར་སྐུལ་བྱ་རྒྱུ།

ས་བཅད་ལྔ་བ།མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ། 

གཅིགམཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་རྣམ་པ་གསར་བ་གསར་གཏོད་བྱ་རྒྱུ།རོགས་སྐྱོར་རྣམ་པ་གསར་གཏོད་བྱེད་པ་དང་རོགས་སྐྱོར་ནང་དོན་ཕུན་སུམ་ཚོགས་པོར་གཏོང་བ་དང་། རོགས་སྐྱོར་གྲུབ་ཚུལ་ཇེ་ལེགས་སུ་གཏོང་བ། རོགས་སྐྱོར་ཕན་འབྲས་ཇེ་མཐོར་བཏང་སྟེ། ཕྱོགས་ཡོངས་དང་རིམ་པ་མང་བ། གཞི་ཁྱོན་ཡངས་པོ་བཅས་ཀྱི་སྒོ་ནས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པར་ཡར་སྐུལ་བྱ་རྒྱུ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འཆར་འགོད་ལག་བསྟར་ནན་མོ་བྱས་ཏེ། ལོ་ལྔའི་འའཆར་འགོད་བཅུ་གསུམ་པའི་སྐབས་སུ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་ཀྱིས་རོགས་སྐྱོར་བྱས་པའི་སྒོར་མོ་དང་དངོས་པོའི་བསྡོམས་འབོར་སྒོར་དུང་ཕྱུར70ལ་བསླེབ་པར་བརྩོན་ལེན་བྱ་རྒྱུ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མ་དངུལ་ལས་གཞི་དེ་གཞི་རིམ་དང་རོང་འབྲོག་པ། དབུལ་ཕོངས་ས་ཁུལ་བཅས་ལ་སྔར་ལས་ཕྱོགས་སུ་བཅུག་ནས། དམངས་འཚོ་ལེགས་བསྒྱུར་བྱེད་པའི་ཐད80%བཀོལ་བར་ཁག་ཐེག་བྱ་རྒྱུ། ཀྲུང་དབྱང་དང་པུའུ་ཨུ་སོ་སོས་བོད་ཁུལ་གྱི་འཕེལ་རྒྱས་ཐད་རོགས་སྐྱོར་བྱེད་པའི་བྱེད་ཐབས་སྣ་ཚོགས་དངོས་འབེབས་བྱེད་པར་མུ་མཐུད་དུ་བརྩོན་ལེན་བྱས་ཏེ། སྔར་ལས་ཕན་ལྡན་ཡིན་པའི་སྲིད་ཇུས་ཁོར་ཡུག་གསར་སྐྲུན་བྱ་རྒྱུ། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་དང་ཁ་གཏད་རོགས་སྐྱོར། སྔོན་ཐོན་ལག་རྩལ་བསྒྱུར་སྤོ་སྐུལ་སྤེལ་བྱེད་པའི་གནས་གསུམ་གཞི་གཅིག་ཡིན་པའི"ཚན་རྩལ་གྱིས་མཚོ་སྔོན་ལ་རོགས་སྐྱོར"བྱེད་པའི་དཔེ་དབྱིབས་འཛུགས་པར་མགྱོགས་མྱུར་གྱི་སྐུལ་འདེད་བྱེད་དགོས།

གཉིས།ཁྱབ་ཁོངས་གཙོ་བོར་རོགས་སྐྱོར་དང་མཉམ་ལས་ཟབ་སྤེལ་བྱེད་རྒྱུ།དབུལ་སྐྱོར་བྱེད་པ་དེ་ཁ་གཏད་རོགས་སྐྱོར་གྱི་ནང་དོན་གཙོ་བོ་ཞིག་ཏུ་འཇོག་པ་དང་། རོགས་སྐྱོར་ཐོབ་པའི་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་འཆར་འགོད་ལ་ཤུགས་བསྣན་ཏེ། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་དངོས་གནས་ལེགས་བསྒྱུར་བྱ་རྒྱུ། རིག་སྟོབས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པར་ཧུར་བརྩོན་གྱིས་སྐུལ་བྱེད་རྒྱུ་དང་། ཕན་ཚུན་འགན་འགེལ་དང་ས་ཕྱོགས་གཉིས་སུ་གསོ་སྦྱོང་བྱེད་པ། སློབ་གསོར་རྒྱབ་སྐྱོར་དང་སྨན་བཅོས་རྒྱབ་སྐྱོར། ཞིང་ལས་རྒྱབ་སྐྱོར་སོགས་རྣམ་པ་སྣ་ཚོགས་བརྒྱུད་ནས་རང་ཞིང་གི་རོགས་སྐྱོར་ལ་སྐུལ་འདེད་བྱེད་པ། མི་འཇོན་ཐང་ཅན་སྣ་ཚོགས་ནང་འདྲེན་གསོ་སྦྱོང་དང་སྐྱེད་སྲིང་བྱེད་པར་སྐུལ་འདེད་བྱེད་རྒྱུ། སློབ་སྔོན་གྱི"སྐད་གཉིས"སློབ་གསོའི་རོགས་སྐྱོར་ལ་ཤུགས་བསྣན་ཏེ། ས་ཆ་གཞན་ནས་བོད་ཁུལ་གྱི་མཐོ་འབྲིང་འཛིན་གྲྭ་དང་འབྲིང་རིམ་ལས་རིགས་འཛིན་གྲྭ་བསྒྲུབ་པའི་གཞི་ཁྱོན་བརྟན་པོར་རྒྱ་སྐྱེད་གཏོང་རྒྱུ། རྒྱང་བསྟེན་སློབ་གསོ་དང་རྒྱང་བསྟེན་སྨན་བཅོས་མ་ལག་འཛུགས་སྐྲུན་དང་བཀོལ་སྤྱོད་བཟང་བོ་བྱ་རྒྱུ། ཁུལ་སོ་སོས་འབྲིང་རིམ་ལས་རིགས་སློབ་གྲྭ་གཅིག་དང་ཕྱོགས་བསྡུས་སྨན་ཁང་གཅིག་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། ལས་ཞུགས་ཐབས་ལམ་ཐབས་བརྒྱ་ཇུས་སྟོང་གིས་རྒྱ་བསྐྱེད་དེ། བོད་ཁུལ་གྱི་སློབ་གྲྭ་ཆེན་མོ་དང་ཆེད་འབྲིང་སློབ་གྲྭའི་སློབ་མཐར་སློབ་མའི་ལས་ཞུགས་དང་ལས་སྐྲུན་ཐད་ཡར་སྐུལ་བྱ་རྒྱུ། ཚན་རྩལ་གསར་སྐྲུན་དང་རིག་གནས་སོགས་གཞན་པའི་སྤྱི་ཚོགས་ལས་དོན་འཕེལ་རྒྱས་འབྱུང་བར་རྒྱབ་སྐྱོར་བྱེད་པ་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་རྒྱུ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར། དེ་མིན་ཀྲུང་དབྱང་ཁེ་ལས་བཅས་བར་གྱི་ཐོན་ལས་འབྲེལ་མཐུད་དང་རྣམ་གྲངས་མཉམ་ལས་བྱེད་པར་ཤུགས་བསྣན་ཏེ། རོགས་སྐྱོར་ཐོབ་པའི་ས་ཁུལ་གྱི་རང་ངོས་འཕེལ་རྒྱས་ནུས

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།