2016ལོའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ཐེངས་བཅུ་གསུམ་པའི་ལོ་ལྔའི་འཆར་འགོད་ཀྱི་རྩ་གནད།(13)

གསུམ།བྱ་བའི་རྐྱེན་སྲོལ་འཐུས་ཚང་དང་ལེགས་བཅོས་བྱ་རྒྱུ།

རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་བསྣན་ཏེ། ཞིང་ཆེན་རིམ་པའི་མགོ་ཁྲིད་པས་ཁུལ་དྲུག་ལ་འབྲེལ་གཏུག་བྱེད་པ་དང་རྫོང་སོ་སོར་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་ལམ་ལུགས་མུ་མཐུད་དུ་ལག་ཏུ་བསྟར་རྒྱུ། མཐོ་གྲས་བར་གྱི་ཕན་ཚུན་འཚམས་འདྲི་ལ་སྐུལ་འདེད་བྱས་ནས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་སྔར་ལས་བཟང་ཞིང་མགྱོགས་པའི་ངང་སྤེལ་བར་ཡར་སྐུལ་བྱ་རྒྱུ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་སྟེགས་བུའི་ནུས་པ་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་འབྲེལ་ཟམ་ལྟ་བུའི་ནུས་པ་གང་ལེགས་སྒོས་འདོན་སྤེལ་བྱེད་པ་དང་། རོགས་སྐྱོར་བྱེད་མཁན་དང་ཐོབ་མཁན་ཕྱོགས་གཉིས་ཀྱི་རོགས་སྐྱོར་འབྲེལ་བ་དམ་པོར་བཏང་སྟེ། སྤྱི་ཚོགས་སྟོབས་ཤུགས་ཡོངས་སུ་སྐུལ་སློང་བྱས་ནས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ནང་ཞུགས་པའི་རོགས་སྐྱོར་ཕན་ནུས་ཇེ་ཆེར་གཏོང་རྒྱུ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འཆར་འགོད་ཚན་རིག་ལྟར་བཟོས་ཤིང་ནན་ཏན་གྱིས་ལག་བསྟར་བྱས་ནས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་རྣམ་གྲངས་ཕན་ལྡན་ངང་དམིགས་སར་འབེབ་པར་ཁག་ཐེག་བྱ་རྒྱུ། རིམ་པ་སོ་སོའི་ཁ་གཏད་རོགས་སྐྱོར་བྱ་བའི་ལས་ཁུངས་ཀྱི་ནུས་པའི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ཉིན་རྒྱུན་གྱི་ཞབས་ཞུ་དང་དོ་དམ་ཆུ་ཚད་ཇེ་མཐོར་གཏོང་རྒྱུ། ལའོ་ཉིན་ཞིང་ཆེན་གྱིས་ཟི་ལིང་དང་མཚོ་ཤར། ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར་བྱ་བ་མུ་མཐུད་དུ་ལེགས་པོར་བསྒྲུབ་རྒྱུ།

བཞི།མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་གྱི་མཉམ་ལས་བྱ་བར་ཤུགས་སྣོན་གཏོང་རྒྱུ།

མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱི་འབྲེལ་མཐུད་དང་ལས་གཞི་མཉམ་ལས་བྱ་བར་ཤུགས་སྣོན་གཏོང་རྒྱུ་དང་། རང་ཞིང་གི་ཁྱད་ཆོས་ལྡན་པའི་ཁྱད་སྟོབས་ཐོན་ལས་ཀྱི་འཕེལ་རྒྱས་དང་ཐོན་ལས་གྲུབ་ཚུལ་རིགས་སྒྱུར་རིམ་སྤར་བྱེད་པར་སྐུལ་འདེད་གཏོང་རྒྱུ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཐོན་ལས་ར་བ་དང་སྡེ་ཁུལ། ཐོན་ལས་ལས་གཞི་བཅས་ལ་དམིསག་ནས་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་གཏན་འབེབས་བྱེད་རྒྱུ་དང་། ཐོན་ཁུངས་བཀོད་སྒྲིག་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཁེ་ལས་ལ་ཕྱོགས་དགོས། ཀྲུང་དབྱང་ཁེ་ལས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་སྟོབས་འདོན་སྤེལ་བྱས་ནས་རོགས་སྐྱོར་ཐོབ་པའི་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཐོན་ལས་སྤེལ་བར་ཡུན་རིང་བོར་རོགས་རམ་བྱས་ནས། རོགས་སྐྱོར་ཐོབ་པའི་ས་ཁུལ་གྱི་རང་ཉིད་འཕེལ་བའི་ནུས་པ་ཇེ་དྲག་ཏུ་གཏོང་རྒྱུ།

  ཆེད་བསྒྲིགས་ལེ་ཚན10བ།ཕྱི་ཕྱོགས་སུ་སྒོ་འབྱེད་པའི་ལས་གྲྭ་གཙོ་བོ་།

  ཕྱི་ཕྱོགས་ཉོ་འཚོང་གི་ཕྱི་གཏོང་རྟེན་གཞིའི་འཛུགས་སྐྲུན། ནན་ཁྲོན་བཟོ་ལས་ཁུལ་བོད་ཀྱི་ས་གདན་རྟེན་གཞི་དང་མཚོ་ནུབ་ཁུལ་ཚྭ་འདམ་གཞོང་ལྗང་མདོག་ཟས་རིགས་བདེ་སྲུང་ཐོན་རྫས་རྟེན་གཞི། ཟི་ལིང་གྲོང་ཁྱེར་མུའུ་སི་ལིན་མི་རིགས་གྱོན་ཆས་དང་སྤྱོད་རྫས་རྟེན་གཞི་བཅས་རྒྱལ་ཁབ་རིམ་པའི་ཕྱི་ཕྱོགས་ཉོ་འཚོང་ཕྱི་གཏོང་རྣམ་པ་བསྒྱུར་བའི་དཔེ་སྟོན་རྟེན་གཞི3ལ་སྐུལ་འདེད་བྱེད་པ་དང་། ཞིང་ཆེན་རིམ་པའི་ཁྱད་ལྡན་ཐོན་ལས་ཀྱི་ཕྱི་གཏོང་རྟེན་གཞི10གསོ་སྐྱོང་བྱ་རྒྱུ།ཨ་སྒོར་དུང་ཕྱུར་གྱི་སྦས་ཤུགས་ལྡན་པའི་ཁེ་ལས་གསོ་སྐྱོང་བྱེད་པ། ལོ་རེར་ཕྱི་གཏོང་ནང་འདྲེན་བྱེད་ཚད་ཨ་སྒོར་དུང་ཕྱུར་ལས་བརྒལ་བའི་ཁེ་ལས25དང་། ལོ་རེར་ཕྱི་གཏོང་ནང་འདྲེན་བྱེད་ཚད་ཨ་སྒོར་ཁྲི500ནས1000བར་གྱི་ཁེ་ལས10དང་། ལོ་རེར་ཕྱི་གཏོང་ནང་འདྲེན་བྱེད་ཚད་ཨ་སྒོར་ཁྲི100ནས500བར་གྱི་ཁེ་ལས30བཅས་གསོ་སྐྱོང་བྱ་རྒྱུ།མིའི་རིག་གནས་བརྗེ་རེས། མཚོ་སྔོན་རིག་གནས་གནས་སྐོར་དུས་ཆེན་དང་དར་གོས་ལམ་གྱི་ལ་གཞས་སྒྱུ་རྩལ་དུས་ཆེན་བསྡུས་གཉེར་བྱས་ཏེ། རིག་གནས་བརྗེ་རེས་ཀྱི་སྤུས་ལེགས་ལེ་ཚན་དང་སྤུས་ལེགས་དཔེ་དེབ་མཚམས་སྦྱོར་བྱ་རྒྱུ།ཕྱི་གཏོང་རང་བདག་ཚོང་རྟགས་གྲགས་ཅན་གསོ་སྐྱོང་བྱ་རྒྱུ། རྒྱལ་སྤྱིའི་མཚན་སྙན་གྲགས་ལྡན་པའི་ལས་རིགས་རང་བཞིན་གྱི་རྒྱལ་སྤྱིའི་ཚོང་རྟགས10བསྐྲུན་པ་དང་། ཀྲུང་གོའི་མིང་གྲགས་ཚོང་རྟགས15དང་མཚོ་སྔོན་ཞིང་ཆེན་གྱི་མིང་གྲགས་ཚོང་རྟགས30། མཚོ་སྔོན་ཞིང་ཆེན་གྱི་མིང་གྲགས་ཐོན་རྫས10བཅས་གསོ་སྐྱོང་བྱ་རྒྱུ།རྒྱལ་སྤྱི་ཚོང་གཉེར་དྲ་རྒྱའི་འཛུགས་སྐྲུན། ལམ་རྒྱུད་རྒྱལ་ཁབ་དང་ས་ཁུལ་དུ་ཀྲུང་གོའི(མཚོ་སྔོན)ཁྱད་ལྡན་ཚོང་རྫས་རྒྱལ་སྤྱི་ཚོང་གཉེར་ལྟེ་གནས་འཛུགས་སྐྲུན་བྱ་རྒྱུ། མཚོ་སྔོན་སྤུས་ལེགས་ཚོང་རྫས་སྒེའུ་ཁུང་འཛུགས་རྒྱུ། རྒྱལ་ནང་གི་གྲོང་ཁྱེར་ཆེ་འབྲིང་དུ"མཚོ་སྔོན་གྱི་སྤུས་ལེགས་ཚོང་རྫས་སྒེའུ་ཁུང"འཛུགས་རྒྱུ།ནང་འདྲེན་ཚོང་རྫས་ཐད་ཀར་ཚོང་གཉེར་བྱེད་པའི་སྟེགས་བུ་འཛུགས་རྒྱུ། རྒྱལ་སྤྱིའི་ཚོང་མཁར་དང་ནང་འདྲེན་འཚོ་བའི་འགྲེམ་ཁང་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུ།"རྒྱུད་གཅིག་ལམ་གཅིག"འབྲེལ་ཡོད་རྒྱལ་ཁབ་ཀྱི་གཙོ་གནད་དངུལ་གཏོང་། འབྲེལ་ཡོད་རྒྱལ་ཁབ་བར་ས་གདན་དང་ཆང་རིགས། ཡ་མ་སྣུམ། ས་ཁང་ཐོན་ལས། ཞིང་ལས་གསོ་སྤེལ་སོགས་ཀྱི་ལས་གཞི་མཉམ་ལས་སྤེལ་བར་སྐུལ་འདེད་བྱ་རྒྱུ།

ལེའུ་བདུན་པ།སྤྱི་ཚོགས་ཡོངས་ཀྱི་ཆ་འཕྲིན་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ།

དྲ་འབྲེལ་དྲ་བ་དང་གཞི་གྲངས་ཆེན་མོའི་བེད་སྤྱོད་དང་འཕེལ་རྒྱས་འགྲོ་ཕྱོགས་རྒྱུས་ལོན་བྱས་ནས། ཆ་འཕྲིན་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་བ་དང་། ཕན་ཚུན་འབྲེལ་མཐུད་ཡོང་བར་ཡར་སྐུལ་བྱེད་པ། མགྱོགས་ཤིང་སྤོ་སྒུལ་དང་། བདེ་འཇགས། ཀུན་གནས་བཅས་ཀྱི་ཆ་འཕྲིན་དྲ་རྒྱ་བཙུགས་ཏེ། ཆ་འཕྲིན་ལག་རྩལ་དང་དྲ་སྦྲེལ་དྲ་བའི་ལག་རྩལ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁྱབ་ཁོངས་སོ་སོར་འདྲེས་ཐུབ་པའི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་ཤུགས་ཆེན་པོས་རྒྱ་བསྐྱེད་རྒྱུ། ཆ་འཕྲིན་བདེ་འཇགས་ཁག་ཐེག་ལ་ཤུགས་བསྣན་ཏེ། ཁྱབ་ཁོངས་སོ་སོའི་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་རྒྱུ།

ས་བཅད་དང་པོ།ཆ་འཕྲིན་ཅན་གྱི་རྨང་གཞི་འདེགས་སྐྱོར་ནུས་པ་ཇེ་མཐོར་གཏོང་རྒྱུ།

གཅིག"ཐགས་ཡངས་མཚོ་སྔོན"འཛུགས་སྐྲུན་བྱ་རྒྱུ། 2020ལོའི་བར།"ཐག་ཡངས་མཚོ་སྔོན"ཕལ་ཆེར་འགྲུབ་དགོས། གྲོང་རྡལ་མང་ཆེ་ཤས་ལ་འོད་དྲ་ཁེབས་པ་མངོན་འགྱུར་བྱས་ནས། ཧོ་ཚེ1000ཡན་གྱི་ཞབས་ཞུ་ནུས་པ་འདོན་སྤྲོད་བྱེད་པ་དང་། གྲོང་ཁྱེར་གཙོ་བའི་ཁྱིམ་སྤྱོད་དྲ་བ་ཡངས་ལམ་ཅན་གྱི་ཧོ་ཚེ1000ཡན་གདམ་གསེས་བྱེད་ཆོག་པར་བྱ་རྒྱུ། སྲིད་འཛིན་སྡེ་བ98%ལ་འོད་འགྱེད་ཚི་སྐུད་འཐེན་པ་མངོན་འགྱུར་འབྱུང་བ་དང་། ཧོ་ཚེ100ཡན་ནང་དུ་མཐུད་པའི་ཞབས་ཞུ་ནུས་པ་འདོན་སྤྲོད་བྱེད་རྒྱུ། ཞིང་སྡེ་ཁྱིམ་ཚང་གིས་ཧོ་ཚེ50ཡན་ཅི་དགར་འདེམ་པའི་ཐགས་ཡངས་འཐེན་པ་མངོན་འགྱུར་བྱ་རྒྱུ། རབས་བཞི་པའི་སྤོ་སྒུལ་འཕྲིན་གཏོང(4G)དྲ་རྒྱ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ཞང་རྡལ་དང་མི་འབོར་འདུས་སྡོད་བྱས་ཡོད་པའི་སྲིད་འཛིན་སྡེ་བར་ཡོངས་ཁྱབ་ནས་ཁེབས་པ་མངོན་འགྱུར་བྱ་རྒྱུ། མཁར་གྲོང་གི་སྤྱི་པའི་ཁྱབ་ཁོངས་གཙོ་བོར་རིན་མེད་སྐུད་མེད་ཀྱི་ཁྱབ་ཁོངས་ཆ་ཤས་དྲ་བ(WLAN)མཐུད་པ་ཁྱབ་སྤེལ་བྱ་རྒྱུ། ཟི་ལིང་ལྟེ་གནས་ཡིན་པ་དང་མཚོ་ཤར་ས་ཁུལ་ལ་མཆེད་པའི་ཤར་ཕྱོགས་ཀྱི"ཐགས་ཡངས་སྐུད་མེད་གྲོང་ཁྱེར་ཁྱུ་ཚོགས"བསྐྲུན་པ་དང་། གྲོང་ཁྱེར་ཡོངས་སུ་གྲོན་དངུལ་འདྲ་བ་དང་ཞབས་ཞུ་འདྲ་བ་མངོན་འགྱུར་བྱ་རྒྱུ། སྔ་མོ་ནས་རབས་ལྔ་བའི་སྤོ་འགུལ་འཕྲིན་གཏོང(5G)དངNGB-Wསོགས་རབས་གསར་བའི་སྐུད་མེད་དྲ་རྒྱ་བཀོད་སྒྲིག་བྱ་རྒྱུ། དྲ་གསུམ་མཉམ་འབྲེལ་ཡོང་བར་ཁྱོན་ཡོངས་ནས་སྐུལ་སྤེལ་བྱ་རྒྱུ། རྒྱལ་ཁབ་ཀྱི་རྐང་འཛིན་ཐད་ཀའི་མཐུད་གནས་མཐའ་འཁོར་གྱི་ཞིང་ཆེན་བར་ཕན་ཚུན་འབྲེལ་མཐུད་འཕྲིན་གཏོང་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། མཐའ་འཁོར་ཞིང་ཆེན་བར་གྱི་དྲ་བའི་སྦྲེལ་ལམ་ཇེ་ལེགས་སུ་བཏང་ནས། ཞིང་ཆེན་རིམ་པའི་དྲ་བ་ཡངས་ལམ་ཅན་ཕྱིར་གཏོང་བའི་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་བྱ་རྒྱུ།

གཉིས།ཚད་བརྒལ་རྩིས་རྒྱག་ལྟེ་གནས་འཛུགས་སྐྲུན་བྱ་རྒྱུ།སྤྲིན་རྩིས་དང་སྤྲིན་རྩིས་གསོག་ཉར་སོགས་ལག་རྩལ་བེད་སྤྱད་དེ། གཙོ་བོ་ཟི་ལིང་དང་མཚོ་ཤར། མཚོ་ནུབ་བཅས་སུ་རྒྱ་ཆེ་འབྲིང་གི་སྤྲིན་རྩིས་གཞི་གྲངས་ལྟེ་གནས་འཛུགས་སྐྲུན་བྱེད་པ་དང་། ད་ཡོད་ཀྱི་རྒྱ་ཆུང་བའི་གཞི་གྲངས་ལྟེ་གནས་ལེགས་སྒྱུར་དང་མཉམ་སྒྲིག་བྱས་ཏེ། ཞིང་ཆེན་གཞན་གྱི་སྣེ་ཁྲིད་ཁེ་ལས་ནང་འདྲེན་བྱེད་པ་དང་ཞིང་ཆེན་ནང་ཁུལ་གྱི་རྨང་གཞིའི་གློག་འཕྲིན་བདག་གཉེར་ཁེ་ལས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་སྤྲིན་རྩིས་སྤྱི་པའི་སྟེགས་བུ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། ཤར་ཕྱོགས་ཀྱི་གྲོང་ཁྱེར་ཁྱུ་ཚོགས་དང་ཆ་འཕྲིན་འཛད་སྤྱོད་ཚོད་ལྟའི་གྲོང་ཁྱེར། ཤེས་རིག་གྲོང་ཁྱེར་འཛུགས་སྐྲུན་བྱེད་པ་སོགས་གཙོ་གནད་བྱས་ཏེ། རྒྱལ་ཡོངས་བོད་ཁུལ་གྱི་བཀོལ་སྤྱོད་རིམ་པའི་གནོད་འགོག་རྗེས་གྲབས་ལྟེ་གནས་རིམ་པ་སྤར་བ་དང་རྒྱ་བསྐྱེད་པར་རྒྱབ་སྐྱོར་བྱ་རྒྱུ། འཕྲིན་གཏོང་ལས་རིགས་དང་དངུལ་ལོར་ལས་རིགས། འགན་སྲུང་ལས་རིགས་སོགས་ཁེ་ལས་ཆེ་རིགས་ཀྱི་གཞི་གྲངས་རྗེས་གྲབས་ལྟེ་གནས་རང་ཞིང་དུ་འཛུགས་པར་ཧུར་ཐག་གིས་སྐུལ་སྤེལ་དང་ནང་འདྲེན་བྱ་རྒྱུ།

ས་བཅད་གཉིས་པ།ཆ་འཕྲིན་ཅན་གྱིས་ཐོན་ལས་དེང་རབས་ཅན་ལ་རོགས་འདེགས་བྱ་རྒྱུ།

"གསོན་ཤུགས་ལྡན་པའི་མཚོ་སྔོན་ཐོན་ལས་སྤྲིན་རྩིས"དེ་ཐོན་ལས་གསུམ་པར་ཁྱོན་ཡོངས་ནས་མཆེད་པར་ཤུགས་ཆེན་པོས་སྐུལ་འདེད་བྱས་ཏེ། སྲོལ་རྒྱུན་ཐོན་ལས་ཀྱི་ཐོན་སྐྱེད་རྩ་འཛུགས་བྱེད་སྟངས་བསྐྱར་སྒྲིག་དང་ཚོང་ལས་དཔེ་དབྱིབས་ཀྱི་གསར་སྐྲུན་ལ་སྐུལ་འདེད་བྱ་རྒྱུ།

གཅིགཞིང་ཕྱུགས་ལས་ཀྱི་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ།རྒྱལ་ཁབ་ཀྱིས་ཞིང་སྡེའི་ཆ་འཕྲིན་ཅན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་བརྟེན་ནས། ཞིང་ཆེན་ཡོངས་ཀྱི་གཅིག་གྱུར་གྱི་ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཞབས་ཞུའི་སྤྲིན་རྩིས་ཀྱི་ལས་སྟེགས་བསྐྲུན་ཏེ། ཆ་འཕྲིན་ལ་རིག་པས་དབྱེ་ཞིབ་བྱེད་པ་མངོན་འགྱུར་བྱེད་པ་དང་། རོང་འབྲོག་པར་ཆ་འཕྲིན་བཀོལ་སྤྱོད་ཀྱི་སྒྲུབ་ཐེངས་གཅིག་གི་ཞབས་ཞུ་འདོན་སྤྲོད་བྱ་རྒྱུ། འཕྲིན་སྦྲེལ་དྲ་བའི་ཁེ་ལས་དང་ཞིང་ཕྱུགས་ལས་ཐོན་སྐྱེད་བདག་གཉེར་གཙོ་གཞིའི་བར་མཉམ་ལས་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཞིང་པར་གོ་ཆོད་པའི་ཚོང་ར་དང་ཚན་རྩལ། གསོ་སྦྱོང་སོགས་ཆ་འཕྲིན་གྱི་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་། ཞིང་ཕྱུགས་ལས་ཀྱི་སྔོན་ཐོན་གོ་ཆོད་ལག་རྩལ་ཞིང་ཁ་དང་ཁྱིམ་ཚང་དུ་ཐོན་པ་མངོན་འགྱུར་བྱ་རྒྱུ། ཞིང་ལས་གནས་ཚུལ་ལྟ་ཞིབ་དང་ཚན་རིག་ལྟར་ཞིང་ས་ས་རྒོད་དུ་འཇོག་པ་དང་ཕྱུགས་རེས་སྐོར་ནས་འཚོ་བ། གནད་ཕིགས་ལུད་འཇོག གནོད་འབུ་དང་གནོད་རྩྭར་ལྟ་ཞིབ་དང་འགོག་བཅོས། གནམ་གཤིས་གནོད་འཚེ་ལ་ལྟ་ཞིབ་དང་སྐབས་བསྟུན་བྱེད་པ་སོགས་ཕྱོགས་ཀྱི་ཆ་འཕྲིན་ཅན་གྱི་དཔེ་སྟོན་བྱ་རྒྱུ། ཞིང་ཕྱུགས་ལས་ཐོན་རྫས་ཀྱི་དྲ་འབྲེལ་བཀོལ་སྤྱོད་ལས་སྟེགས་བཙུགས་ཏེ། ཧུར་ཐག་གིས་གནད་ཕིགས་ཞིང་ལས་དང་རིག་པའི་ཞིང་ལས། ཚོར་ཤེས་ཞིང་ལས་སྤེལ་བ་དང་། ཞིང་ཕྱུགས་ལས་ཀྱི་ཐོན་ཁུངས་ལས་ཆོད་མཐོན་པོས་བེད་སྤྱོད་པར་སྐུལ་སྤེལ་བྱ་རྒྱུ། སྲོལ་རྒྱུན་གྱི་ཕྱིར་འཚོང་དང་གློག་རྡུལ་ཚོང་དོན་གཉིས་ཟུང་འབྲེལ་བྱས་ཏེ་ཚོང་ལས་རྒྱ་བསྐྱེད་པ་དང་། ཞིང་ཕྱུགས་ལས་ཐོན་རྫས་ཀྱི་ཚོང་རའི་འགྲན་རྩོད་ནུས་ཤུགས་མཐོར་འདེགས་བྱ་རྒྱུ།

གཉིས།ཆ་འཕྲིན་ཅན་དང་བཟོ་ལས་ཅན་མཉམ་འདྲེས་དམ་པོ་ཡོང་བར་སྐུལ་སྤེལ་བྱ་རྒྱུ།2020ལོའི་བར། ཞིང་ཆེན་ཡོངས་ཀྱི"ཅན་གཉིས"འདྲེས་ཚད་རྒྱལ་ཡོངས་ཀྱི་ཆུ་ཚད་དུ་བསླེབས་པར་བྱ་རྒྱུ། རབས་གསར་བའི་ཆ་འཕྲིན་ལག་རྩལ་དང་ལག་རྩལ་བསྒྱུར་བཀོད་གཉིས་མཉམ་འདྲེས་ངང་སྤེལ་ཚད་ཇེ་མགྱོགས་སུ་གཏོང་བར་སྐུལ་སྤེལ་བྱས་ཏེ། "ཅན་གཉིས"མཉམ་འདྲེས་ཀྱི་ལག་བསྟར་ཚད་གཞིའི་མ་ལག་འཛུགས་པ་དང་། རིག་པའི་བཟོ་སྐྲུན་དེ་གཙོ་རྒོལ་བྱེད་ཕྱོགས་བྱས་ནས། རིག་པའི་བཟོ་སྐྲུན་གྱི་དྲ་རྒྱའི་ཆ་འཕྲིན་ལས་སྟེགས་འཛུགས་སྐྲུན་དང་། བཟོ་ལས་ཀྱི་མཉམ་འབྲེལ་དྲ་བ་དང་སྤྲིན་རྩིས། གཞི་གྲངས་ཆེན་པོ་དེ་ཁེ་ལས་ཀྱི་ཞིབ་འཇུག་གསར་གཏོད་ཇུས་འགོད་དང་ཐོན་སྐྱེད་བཟོ་སྐྲུན། བདག་གཉེར་དོ་དམ། ཕྱིར་འཚོང་ཞབས་ཞུ་སོགས་འཁོར་རྒྱུག་བརྒྱུད་རིམ་ཧྲིལ་བོ་དང་ཐོན་ལས་མུ་འབྲེལ་ཧྲིལ་བོ་རུ་ཕྱོགས་བསྡུས་འདུས་གྲུབ་བཀོལ་སྤྱོད་བྱེད་པར་སྐུལ་འདེད་བྱ་རྒྱུ། གཙོ་གནད་ཁེ་ལས་ཀྱི་སྣེ་ཁྲིད་དེ་བཟོ་ལས་ཀྱི་སྤྲིན་རྩིས་ལས་སྟེགས་རྨང་གཞི་བྱས་ནས་ཆ་འཕྲིན་གྱི་ཁེ་ལས་དྲ་ཚིགས་དང་གློག་རྡུལ་ཚོང་དོན་ལས་སྟེགས་འཛུགས་པ་དང་། ཐོན་ཁུངས་ལེགས་པར་བཀོད་སྒྲིག་དང་ལས་ཆོད་མཐོ་བར་བེད་སྤྱོད་པ་མངོན་འགྱུར་བྱ་རྒྱུ།

གསུམ།ཞབས་ཞུ་ལས་རིགས་ཆ་འཕྲིན་ཅན་དུ་བསྒྱུར་ཚད་ཇེ་མགྱོགས་སུ་གཏོང་རྒྱུ།ཤུགས་ཆེན་པོས"འཕྲིན་སྦྲེལ་དྲ་བའི+"ཞབས་ཞུ་ལས་རིགས་ཀྱི་གོང་སྤེལ་ལ་སྐུལ་འདེད་བྱ་རྒྱུ། དངུལ་ཁང་དང་དངུལ་འཛིན། འགན་བཅོལ། ཐེབས་རྩ་སོགས་ཀུན་ཕན་དངུལ་ལོར་གྱིས་འཕྲིན་་སྦྲེལ་དྲ་བའི་དང་མཉམ་འདྲེས་གསར་གཏོད་བྱེད་པར་རྒྱབ་སྐྱོར་བྱས་ནས། དངུལ་ལོར་ཆ་འཕྲིན་ཞབས་ཞུ་དང་གཞི་གྲངས་ཞབས་ཞུ་སྲོག་ཤིང་ལྟ་བུ་ཡིན་པའི་དངུལ་ལོར་ཆ་འཕྲིན་ལས་སྟེགསའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། དངུལ་ལོར་གྱི་ཆ་འཕྲིན་ཅན་ཆུ་ཚད་མཐོར་འདེགས་བྱ་རྒྱུ། འཕྲིན་སྦྲེལ་དྲ་བའི་རྨང་གཞི་ཡིན་པའི་སྨན་བཅོས་དང་བདེ་ཐང་། རྒན་གསོ། སློབ་གསོ། རིག་གནས། གནས་སྐོར། བཅའ་ཁྲིམས་སོགས་དམངས་ཕན་ཞབས་ཞུ་སྤེལ་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ལས་རིགས་ལས་བརྒལ་བ་དང་ས་ཁོངས་ལས་བརྒལ་བའི་ཟོང་སྐྱེལ་ཆ་འཕྲིན་གྱི་ཞབས་ཞུ་ལས་སྟེགསའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ། སྔར་བས་ཡངས་པའི་ཁྱབ་ཁོངས་སུ་འཕྲིན་སྦྲེལ་དྲ་བ+"ཞིབ་ཚགས་ཅན་དང་ཆེད་ལས་ཅན། སྣ་མང་ཅན། རོགས་ལས་ཅན་བཅས་སུ་སྤེལ་བར་སྐུལ་འདེད་བྱེད་པ་དང་། འཕྲིན་་སྦྲེལ་དྲ་བའི་རིན་འཕར་ཞབས་ཞུའི་རྒྱ་བསྐྱེད་དེ། འཕྲིན་སྦྲེལ་དྲ་བ+"དེ་བྱེད་ནུས་ཉིན་བཞིན་ཇེ་མང་དང་ལས་ཆོད་འབོར་ཆེན་གྱིས་མཐོར་འདེགས་བྱེད་པ།མ་རྩ་མངོན་གསལ་དུ་གྲོན་ཆུང་བྱེད་པ། ལས་རིགས་མྱུར་དུ་རྒྱ་སྐྱེད་པ།ལས་སྐྲུན་གྱི་བར་སྟོང་ཡངས་པའི་འདྲེན་ཤུགས་གསར་བར་འགྱུར་དུ་འཇུག་རྒྱུ།

ས་བཅད་གསུམ་པ།སྤྱི་ཚོགས་ཁྱབ་ཁོངས་སུ་ཆ་འཕྲིན་ཅན་བཀོལ་སྤྱོད་བྱེད་པར་སྐུལ་སྤེལ་བྱ་རྒྱུ།

བདེ་སྐྱིད་མཚོ་སྔོན་གྱི་དམངས་འཚོའི་ཡུན་འཛུགས་རྒྱུ། "ཤར་གཏོང་གསུམ་དང་ལས་སྟེགས་གཉིས"ཀྱི་འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་པ། ཨང་ཀིའི་སློབ་གསོ་ཐོན་ཁུངས་ཀྱི་སྤྱི་པའི་ཞབས་ཞུ་མ་ལག་བཙུགས་ཏེ། སྤུས་ལེགས་ཨང་ཀི་ཅན་གྱི་སློབ་གསོའི་ཐོན་ཁུངས་མཉམ་འདྲེས་མཉམ་སྤྱོད་ཡོང་བ་མངོན་འགྱུར་བྱ་རྒྱུ། འཕྲོད་བསྟེན་གྱི་ཕྱོགས་བསྡུས་དོ་དམ་དང་སྨན་སྲིད། སྨན་རྫས་དོ་དམ། སྨན་བཅོས། འགན་བཅོལ་། སྨན་བཅོས་སྐྱོབ་རོགས། ནད་ལྕི་མོར་འགན་བཅོལ་བྱེད་པ་བཅས"དྲ་དྲུག་གཅིག་ཏུ་སྒྲིལ་བའི"ཕྱོགས་བསྡུས་ཆ་འཕྲིན་ལས་སྟེགས་འཛུགས་རྒྱུ། ཞིང་ཆེན་ཡོངས་ཀྱི་གཅིག་གྱུར་ཚད་ལྡན་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་བཅོལ་གི་ཆ་འཕྲིན་མ་ལག་འཛུགས་རྒྱུ། གྲོང་ཁྱེར་གྱི་ཆ་འཕྲིན་ལས་སྟེགས་འཛུགས་སྐྲུན་བྱེད་པ་དང་། བདེ་འཇགས་གྲོང་ཁྱེར་གྱི་བདེ་སྲུང་ལྟ་སྐུལ་མ་ལག་འཛུགས་སྐྲུན་ལ་སྐུལ་སྤེལ་བྱས་ཏེ། སྔོན་འགོག་ཚོད་འཛིན་ཀྱིས་ས་ཁོངས་ཡོངས་སུ་ཁེབས་པ་མངོན་འགྱུར་བྱ་རྒྱུ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཆ་འཕྲིན་ཞབས་ཞུ་མ་ལག་བཙུགས་ཏེ། སྤྱི་ཚོགས་ཡོངས་ལ་ཤེས་རིག་གིས་ལམ་སྟོན་པ་དང་ལམ་གྲོན་སོགས་ཀྱི་ཕྱིར་འགྲོ་ཞབས་ཞུ་འདོན་སྤྲོད་བྱ་རྒྱུ།འཆམ་མཐུན་མཚོ་སྔོན་གྱི་སྲིད་དོན་སྤྲིན་རྩིས་འཛུགས་རྒྱུ། "འཕྲིན་སྦྲེལ་དྲ་བ+སྲིད་དོན"གྱི་ཞབས་ཞུ་ཁྱབ་གདལ་དུ་གཏོང་བ་དང་། མི་འབོར་དང་ཡིད་རྟོན། ཁྲིམས་མི། རྨང་གཞིའི་ས་ཁོངས་གནས་ཚུལ། སྲིད་དོན་ཞབས་ཞུ། བར་སྟོང་ཆ་འཕྲིན་སོགས་རྨང་གཞིའི་ཆ་འཕྲིན་ཐོན་ཁུངས་མཛོད་འཛུགས་པ། གཙོ་གནད་བཀོལ་སྤྱོད་མ་ལག་སོ་སོའི་བར་གྱི་ཕན་ཚུན་འབྲེལ་མཐུད་དང་ཐོན་ཁུངས་མཉམ་སྤྱོད། ལས་སྒོ་མཉམ་རོགས་བཅས་ལ་སྐུལ་སྤེལ་བྱས་ཏེ། དངོས་གཞིའི་སྲིད་དོན་ཚོམས་ཆེན་དེ་དྲ་ཐོག་ལས་སྒྲུབ་ཚོམས་ཆེན་དུ་བསྲིང་བ་དང་། སྡེ་ཁག་བརྒལ་བའི་སྒོ་ནས་མཉམ་འབྲེལ་ཞིབ་བཤེར་ཆོག་མཆན་འགོད་པར་ཤུགས་ཆེན་པོས་སྐུལ་སྤེལ་བྱ་རྒྱུ།རབ་མཛེས་མཚོ་སྔོན་གྱི་སྐྱེ་ཁམས་སྤྲིན་རྩིས་འཛུགས་རྒྱུ། སྦགས་བཙོག་ལྟ་ཞིབ་ཚོད་འཛིན་དང་ཁོར་ཡུག་ལྟ་ཞིབ་ཚད་ལེན། སྐྱེ་ཁམས་སྲུང་སྐྱོབ་བཅས་ཀྱི་ཆ་འཕྲིན་བཀོལ་སྤྱོད་མ་ལག་བཙུགས་ཏེ། ཁོར་ཡུག་གཞི་གྲངས་ཀྱི་གཅིག་གྱུར་དོ་དམ་རིམ་གྱིས་མངོན་འགྱུར་བྱ་རྒྱུ། ཞིང་ཆེན་གྱི་ས་ཁམས་གནས་ཚུལ་ལ་རྒྱུན་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་བྱེད་པ་དང་། ས་ཁམས་ཆ་འཕྲིན་གྱི་སྤྱི་པའི་ཞབས་ཞུ་ལས་སྟེགས་རྨང་གཞི་བྱས་ཏེ། ས་ཞིང་ཐོན་ཁུངས་དང་གཏེར་ཐོན་ཐོན་ཁུངས། ཆུའི་ཐོན་ཁུངས། རྩི་ཤིང་ཐོན་ཁུངས་སོགས་ཁྱབ་ཁོངས་ཀྱི་སྒོ་འབྱེད་ཅན་གྱི་ཆ་འཕྲིན་སྤྱི་པའི་ཞབས་ཞུ་ལས་སྟེགས་འཛུགས་པ་དང་། ཐོན་ཁུངས་སྲུང་སྐྱོབ་དང་བཀོལ་སྤྱོད་ཆུ་ཚད་མཐོར་འདེགས་བྱ་རྒྱུ།

ས་བཅད་བཞི་བ།དྲ་བའི་ཆ་འཕྲིན་བདེ་འཇགས་ལ་ཤུགས་སྣོན་རྒྱུ།

སྡེ་ཁག་བར་གྱི་དྲ་དམངས་ཀྱི་གླེང་ཕྱོགས་མཉམ་སྤྱོད་རྐྱེན་སྲོལ་དང་ཐག་གཅོད་མཉམ་འགུལ་རྐྱེན་སྲོལ་བཙུགས་ཏེ། དྲ་བའི་ཐོལ་བྱུང་དོན་རྐྱེན་མྱུར་དུ་སྐབས་བསྟུན་ཐག་གཅོད་བྱེད་པའི་ནུས་པ་ཅུང་ལེགས་པོ་ཆགས་སུ་འཇུག་རྒྱུ། ཆ་འཕྲིན་བདེ་འཇགས་ཀྱི་སྔོན་ཚུད་ཉེན་བརྡའི་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་པ་དང་། སྲིད་གཞུང་དང་དངུལ་ལོར། འགྲིམ་འགྲུལ་སོགས་དྲ་ཚིགས་འཁོར་སྐྱོད་ཀྱི་ལྟ་ཞིབ་ཚད་ལེན་ལས་སྟེགས་འཐུས་ཚང་དུ་བཏང་ནས། དྲ་བར་རྒོལ་བ་དང་ནད་དུག་བཙན་འཛུལ། དྲ་བའི་གསང་བ་བརྐུ་བ་དང་ཤོར་བ་སྔོན་འགོག་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་རྒྱུ། ཆ་འཕྲིན་གྲབས་གསོག་ནུས་པ་མཐོ་འདེགས་སུ་བཏང་ནས། ཆ་འཕྲིན་མ་ལག་གལ་ཆེན་གྱི་གཞི་གྲངས་བདེ་འཇགས་དང་གཞན་ད་རུང་འཁོར་སྐྱོད་ཀྱི་རྒྱུན་མཐུད་རང་བཞིན་ལ་ཁག་ཐེག་བྱ་རྒྱུ། དངུལ་ལོར་དང་གློག་ཤུགས། ལྕགས་ལམ། འགྲིམ་འགྲུལ། མི་དམངས་ཀྱི་མཁའ་ཉེན་འགོག་བྱེད། བཙོན་ར། ས་འགུལ། གནམ་གཤིས། རྒྱང་སྒྲོག་བརྙན་འཕྲིན་སོགས་ཆེད་སྤྱོད་སྐབས་བསྟུན་ཆ་འཕྲིན་མ་ལག་འཛུགས་སྐྲུན་བྱེད་པར་མྱུར་དུ་སྐུལ་སྤེལ་བྱ་རྒྱུ། སྔོན་འགོག་དང་མྱུར་ཞིབ། ཚོད་འཛིན་བཅས་གཞི་གཅིག་གི་དྲ་བའི་བར་སྟོང་སྟོབས་ཤུགས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ། ཆ་འཕྲིན་བདེ་འཇགས་ཀྱི་རིམ་པའི་སྲུང་སྐྱོབ་དང་དྲ་བའི་བདེ་འཇགས་ཆ་འཕྲིན་བརྡ་ཁྱབ་གཏོང་བའི་རྐྱེན་སྲོལ། གསང་འབྲེལ་ཆ་འཕྲིན་མ་ལག་གི་རིམ་འབྱེད་སྲུང་སྐྱོབ། ཉེན་ཁའི་དཔྱད་དཔག་ལམ་ལུགས་བཅས་ལག་ཏུ་བསྟར་རྒྱུ། སྤྲིན་རྩིས་ཞབས་ཞུ་དྲ་བའི་བདེ་འཇགས་ཀྱི་འགོག་སྲུང་དོ་དམ་དང་བདེ་འཇགས་ཚད་བརྒལ་གདེང་འཇོག གློག་རྡུལ་དཔང་དངོས་ར་སྤྲོད། སྐབས་བསྟུན་འགོག་སྲུང་སོགས་ཆ་འཕྲིན་བདེ་འཇགས་ཀྱི་རྨང་གཞིའི་རང་བཞིན་གྱི་བྱ་བར་ཤུགས་སྣོན་རྒྱུ།

  ཆེད་བསྒྲིགས་ལེ་ཚན11པ། ཆ་འཕྲིན་ཅན་གྱི་གཙོ་གནད་ལས་གྲྭ།

  ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་ཆས་ལས་གྲྭ། མཁར་ཁུལ་རྙིང་བར་འོད་འབྱེད་ཚི་སྐུད་ཁྱིམ་ཚང་དུ་འཐེན་པའི་བསྒྱུར་བཀོད་དང་མཁར་ཁུལ་གསར་བར་འོད་འབྱེད་ཚི་སྐུད་ཁྱིམ་ཚང་དུ་འཐེན་པའི་ལས་གཞི། འོད་དྲའི་གྲོང་ཁྱེར་དཔེ་སྟོན་ལས་གཞི། རྒྱལ་སྤྱིའི་ཕྱིར་གཏོང་ཆེད་སྤྱོད་གཞི་གྲངས་གཏོང་ལམ་འཛུགས་སྐྲུན། 3Gདྲ་བ་ལེགས་སྒྱུར་ལས་གཞི། 4Gདྲ་བ་འཛུགས་སྐྲུན་ལས་གཞི། ཡངས་ལམ་ཅན་གྱི་ཡུལ་གྲོང་ལས་གཞི།NGB-Wདྲ་བའི་ལས་གྲྭ། རབས་གསར་བའི་ཡུན་རྩིས་རྒྱུག་གི་གཞི་གྲངས་ལྟེ་གནས་འཛུགས་སྐྲུན་བྱེད་པའི་ལས་གཞི་སོགས།དམངས་འཚོའི་སྤྲིན་རྩིས་ལས་གྲྭ།སྨན་བཅོས་འགན་བཅོལ་དང་སྤྱི་ཚོགས་འགན་བཅོལ་། ནད་གཞིར་བརྟག་བཅོས་བཅས་འཛིན་བྱང་གཅིག་ཐུབ་དང་རྒན་གསོ་ཞབས་ཞུའི་ཆ་འཕྲིན་ལས་སྟེགས། བདེ་འཇགས་གྲོང་ཁྱེར། ཞིང་ཆེན་རིམ་པའི་སྤྱི་པའི་ལས་ཞུགས་གདན་ཞུ་དྲ་བ་སོགས་ཀྱི་ལས་གཞི། མི་འབོར་ཡོངས་རྫོགས་ཀྱི་ཆ་འཕྲིན་དང་སྡོད་དམངས་ཀྱི་གློག་རྡུལ་བདེ་ཐང་ཡིག་ཚགས། གློག་རྡུལ་ནད་ཐོ་སོགས་ཀྱི་གཞི་གྲངས་མཛོད་འཛུགས་པ། ཞིང་ཆེན་རིམ་པའི་སློབ་གསོའི་གཞི་ལྟེ་གནས་དང་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་དྲ་བ་ཡངས་ལམ་ཅན་དང་རྒྱང་བསྟེན་སློབ་གསོའི་བརྙན་འཕྲིན་བཀོལ་སྤྱོད་མ་ལག སློབ་གྲྭ་དག་ལ་དྲ་བ་ཡངས་ལམ་ཅན་འཐེན་པའི་སྒྲིག་ཆས་དང་གཞན་ད་རུང་སྨྱན་བྱད་མང་པོའི་སློབ་ཁང་མཐའ་སྣེ་སོགས་ཀྱི་འཛུགས་སྐྲུན།སྲིད་དོན་སྤྲིན་རྩིས་ལས་གྲྭ། གློག་རྡུལ་སྲིད་དོན་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་ཇེ་མཐོར་གཏོང་བའི་ལས་གཞི་དང་། ལས་གཞི་དང་སྡེ་དག་ལས་བརྒལ་ཏེ་ཆ་འཕྲིན་བྱེད་པའི་ལས་སྟེགས། སྲིད་གཞུང་གི་སྤྱི་པའི་ཞབས་ཞུ་ལས་སྟེགས་སོགས།སྐྱེ་ཁམས་སྤྲིན་རྩིས་ལས་སྟེགས། སྐྱེ་ཁམས་དོ་དམ་ཆ་འཕྲིན་མ་ལག་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཨང་ཀིའི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་གྱི་དཔེ་སྟོན་ལས་གཞི། ས་ཁམས་ཆ་འཕྲིན་གྱི་སྤྱི་པའི་ཞབས་ཞུ་ལས་སྟེགས། ལྗང་མདོག་སྤེལ་བའི་གཞི་གྲངས་ཆེན་མོའི་ལས་གྲྭ་སོགས།ཞིང་ཕྱུགས་ལས་ཆ་འཕྲིན་ཅན་གྱི་ལས་གྲྭ། ཞིང་འབྲེལ་ཆ་འཕྲིན་གྱི་ཐོན་ཁུངས་ཧྲག་སྡེབ་བམ་གསར་སྤེལ་བེད་སྤྱོད་བྱེད་པའི་ལས་གཞི་དང་དེང་རབས་ཞིབ་ཕྱུགས་ལས་ཟོང་འབྲེལ་དྲ་བ་བཀོད་སྤྱོད་བྱེད་པའི་དཔེ་སྟོན་ལས་གཞི། གཉིས་ཅན་མཉམ་འདྲེས་ལས་གྲྭ། ཤེས་རིག་གླིང་ཁུལ་ལས་གྲྭ་དང་གཙོ་གནད་ལས་རིགས་གཉིས་ཅན་མཉམ་འདྲེས།གཉིས་ཅན་མཉམ་འདྲེས་ལས་སྟེགས་སོགས། "འཕྲིན་སྦྲེལ་དྲ་བ+"ཞབས་ཞུའི་ལས་རིགས་ཀྱི་ལས་གྲྭ། ཁེ་ལས་ཆུང་འབྲིང་དུ་གློག་རྡུལ་ཚོང་དོན་ཁྱབ་གདལ་དུ་གཏོང་བའི་ལས་གཞི།

  "འཕྲིན་སྦྲེལ་དྲ་བ+"དེང་རབས་ཀྱི་ཟོང་སྐྱེལ་ལས་གཞི། ཁེ་ལས་ཆུང་འབྲིང་གི་ཆ་འཕྲིན་ཞབས་ཞུའི་ལས་སྟེགས་སོགས།བར་སྟོང་ཆ་འཕྲིན་གྱི་ཐོན་ཁུངས་འཛུགས་སྐྲུན་བྱེད་པའི་ལས་གྲྭ། སྐར་མ་སྨེ་བདུན་ཕྱོགས་སྟོན་དང་གནས་སའི་ཞབས་ཞུའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། རྨང་གཞིའི་ས་གཤིས་ཆ་འཕྲིན་ཐོན་ཁུངས་འཛུགས་སྐྲུན། དབྱེ་འབྱེད་ཚད་མཐོན་པོས་ས་ངོས་ལྟ་ཞིབ་ཚད་ལེན་མ་ལག་གི་མཚོ་སྔོན་གྱི་གཞི་གྲངས་དང་བཀོལ་སྤྱོད་ལྟེ་གནས་འཛུགས་སྐྲུན་བྱེད་པ་སོགས། དྲ་རྒྱའི་ཆ་འཕྲིན་གྱི་བདེ་འཇགས་ལས་གྲྭ། བྲེལ་བསྟུན་འཕྲིན་གཏོང་འགན་བཅོལ་ལས་གཞི་དང་ཆ་འཕྲིན་དྲ་རྒྱ། སྐུད་ཡོད་བརྙན་འཕྲིན་དྲ་རྒྱའི་བདེ་འཇགས་རིམ་སྤར་ལས་གཞི། ཞིང་ཆེན་རིམ་པའི་དྲ་རྒྱ་དང་ཆ་འཕྲིན་བདེ་འཇགས་བརྡ་ཁྱབ་ལྟེ་གནས་འཛུགས་སྐྲུན་སོགས། 

ལེའུ་བརྒྱད་པ།དབུལ་ཐར་འགག་སྒྲོལ་ཐད་ནས་རྒྱལ་ཁ་ལེན་རྒྱུ།

"ལོ་ངོ་བཞི་ལ་གཅིག་བསྡུས་སྒོས་འགག་སྒྲོལ་དང་ལོ་ངོ་གཅིག་ལ་སྲ་བརྟན་དང་རིམ་སྤར"བྱེད་པའི་སྤྱིའི་བཀོད་སྒྲིག་ལྟར། 2019ལོའི་བར། དབུལ་ཕོངས་མི་འབོར་ཡོངས་རྫོགས་དབུལ་ཐར་འབྱུང་བ་དང་། དབུལ་ཕོངས་སྡེ་བ་ཡོངས་རྫོགས་དབུལ་བོ་ལས་ཐར་བ། དབུལ་ཕོངས་རྫོང་ཡོངས་རྫོགས་ཀྱིས་དབུལ་ཕོངས་ཞ་མོ་ཕུད་པ་བཅས་བྱ་རྒྱུ། དབུལ་ཕོངས་མི་འབོར་གྱི་མི་རེའི་ཆ་སྙོམས་བཀོལ་ཆོག་ཡོང་སྒོ་སྒོར4000ཡན་ལ་སླེབས་ཏེ། ལྟོ་རྒྱབ་ལ་སྡུག་མི་དགོས་པ་མངོན་འགྱུར་བྱེད་པ་དང་། འོས་འགན་སློབ་གསོ་དང་གཞི་རྩའི་སྨན་བཅོས། སྡོད་ཁང་བདེ་འཇགས་བཅས་ལ་འགན་བཅོལ་ཡོད་པའི་དམིགས་འབེན་མངོན་འགྱུར་བྱ་རྒྱུ། དབུལ་ཕོངས་ས་ཁུལ་གྱི་རོང་འབྲོག་ཁུལ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་ཆོག་ཡོང་སྒོ་འཕར་བའི་ཚད་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བར་བྱས་ཏེ། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་གཙོ་བོའི་དམིགས་འབེན་དེ་རྒྱལ་ཡོངས་ཀྱི་ཆུ་ཚད་དང་ཉེ་བ་མངོན་འགྱུར་བྱ་རྒྱུ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།