2016ལོའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ཐེངས་བཅུ་གསུམ་པའི་ལོ་ལྔའི་འཆར་འགོད་ཀྱི་རྩ་གནད།(14)

2020ལོར་ཐོན་དུས། དབུལ་ཕོངས་ས་ཁུལ་གྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་མངོན་བསལ་གྱིས་ཇེ་མཐོ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཚད་མཐོན་པོས་ཇེ་མཐོ། རོང་འབྲོག་པའི་རང་སྟེང་གི་འཕེལ་རྒྱས་ནུས་པ་མངོན་བསལ་སྒོས་ཇེ་དྲག་བཅས་སུ་བཏང་ནས།དབུལ་ཕོངས་ཀྱི་སྣང་ཚུལ་ཁྱོན་ཡོངས་དང་མཐའ་གཅིག་ཏུ་མེད་པར་བཟོ་རྒྱུ།

ས་བཅད་དང་པོ།དབུལ་ཐར་འགག་སྒྲོལ་གྱི་ལས་གྲྭ་ལག་བསྟར་བྱ་རྒྱུ།

གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར་བྱ་རྒྱུ་དེ་གཞི་རྩའི་འཐབ་ཇུས་སུ་བརྩིས་ཏེ། དབུལ་སྐྱོར་གསར་སྤེལ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་གཉིས་ཕན་ཚུན་སྐུལ་འདེད་གཏོང་བ་དང་། དབུལ་ཕོངས་ས་ཁུལ་གསར་སྤེལ་བྱེད་པ་མཉམ་འབྲེལ་དམ་པོ་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་གཙིགས་མཐོང་བྱེད་པ་བཅས་ཀྱིས། སྤྱི་ཚོགས་འགན་བཅོལ་ནུས་ལྡན་སྒོས་འབྲེལ་མཐུད་དང་། དབུལ་ཐར་འགག་སྒྲོལ་གྱི་འགུལ་སྐྱོད་འཆར་གཞི་ལག་ཏུ་བསྟར་རྒྱུ།

གཅིགཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་བཏང་ནས་དབུལ་ཐར་བྱ་རྒྱུ།ས་བབ་དང་བསྟུན་ནས་དབུལ་ཕོངས་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་འཆར་འགོད་བཟོས་ཏེ། དབུལ་ཕོངས་ཁྱིམ་ཚང་དེང་རབས་ཞིང་ཕྱུགས་ལས་ཐོན་ལས་འཕེལ་རྒྱས་མ་ལག་གི་ནང་དུ་འཇོག་པ་དང་།"ཁྱིམ་ཚང་གཅིག་ལ་ཁྲིམས་ལུགས་གཅིག"དང"སྡེ་བ་གཅིག་ལ་སྲིད་ཇུས་གཅིག"ལག་བསྟར་བྱ་རྒྱུ། ངལ་རྩོལ་ནུས་པ་ཡོད་པ་དང་ཐོན་སྐྱེད་འཕེལ་རྒྱས་ཀྱི་རེ་འདུན་ཡོད་པའི་དབུལ་ཕོངས་མི་འབོར་ལ་གཙོ་བོ་ཁོ་ཚོར་འཚམ་པའི་ཁྱད་ལྡན་འདེབས་འཛུགས་ལས་རིགས་གཉེར་རོགས་བྱ་རྒྱུ། ངལ་རྩོལ་ནུས་པ་ཡོད་ནའང་རང་སྟེང་གི་བདག་གཉེར་ནུས་པ་མེད་པའི་དབུལ་ཕོངས་མི་འབོར་ལ་རོགས་སྐྱོར་ཆེད་ལས་མཉམ་ལས་ཁང་དང་སྣེ་ཁྲིད་ཁེ་ལས་བརྒྱུད་དེ། ཁྱད་ལྡན་འདེབས་འཛུགས་དང་མི་རིགས་བཟོ་རྩལ། ཞིང་གྲོང་གནས་སྐོར། ཁྱད་ལྡན་རིག་གནས་སོགས་ཀྱི་ཐོན་ལས་ལེགས་པོ་འཕེལ་རྒྱས་སུ་གཏོང་བ་དང་། དབུལ་ཕོངས་ཁྱིམ་ཚང་གི་ཁེ་ཕན་མཉམ་འབྲེལ་རྐྱེན་སྲོལ་བཙུགས་ནས། ཡུལ་དངོས་ཀྱི་དབུལ་ཐར་མངོན་འགྱུར་བྱ་རྒྱུ། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ལས་རིགས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ། ཐོན་ལས་མཉམ་འདྲེས་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། དབུལ་ཕོངས་ཁྱིམ་ཚང་ལ་ཐོན་ལས་མུ་རྒྱུད་ཡོངས་ཀྱི་རིན་འཕར་ཁེ་ཕན་ལོངས་སྤྱོད་བྱེད་དུ་འཇུག་རྒྱུ། ས་ཁུལ་ལས་བརྒལ་ཏེ་དབུལ་ཐར་ཐོན་ལས་སྐྲུན་པར་ཧུར་བརྩོན་གྱིས་འཚོལ་ཞིབ་བྱ་རྒྱུ།

གཉིས།ངལ་རྩོལ་པ་ཕྱིར་གཏོང་བར་ཁྲིད་སྟོན་བྱས་ནས་དབུལ་ཐར་བྱ་རྒྱུ།ལས་རིགས་ནུས་རྩལ་ཇེ་མཐོར་གཏོང་བ་དང་སྤོ་བསྒྱུར་གྱིས་ལས་ཀར་ཚུད་པའི་གསོ་སྦྱོང་ལས་གྲྭ་ལག་བསྟར་བྱས་ནས། ཚོང་ཟོག་མངགས་ཉོ་དང་ལས་རྐང་གཏན་ཁེལ། ཁ་ཕྱོགས་གཏན་ཁེལ་གྱི་གསོ་སྦྱོང་། སྐུལ་འདེད་གསོ་སྦྱོང་། གསལ་འབྱེད་བཅས་གཅིག་ཏུ་འགྲིལ་བར་བྱེད་པ་དང་། ཆ་རྐྱེན་འཛོམས་པའི་རྫོང་གིས་ཕྱོགས་བསྡུས་གསོ་སྦྱོང་ལས་སྟེགས་འཛུགས་པར་རྒྱབ་སྐྱོར་བྱ་རྒྱུ། དབུལ་ཕོངས་ཁྱིམ་ཚང་དེ་གསར་སྐྲུན་ལ་སྐུལ་འདེད་དང་ལས་ཞུགས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་དང་ལས་སྐྲུན་དངུལ་བུན་ཁག་ཐེག་བྱེད་པའི་དངུལ་ལོར་རྒྱབ་སྐྱོར་ཁྱབ་ཁོངས་ནང་འཇོག་རྒྱུ། དབུལ་ཕོངས་སྡེ་བས་ཕྱུག་བསྒྱུར་སྣེ་ཁྲིད་མི་སྣ་གསོ་སྦྱོང་བྱེད་པར་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ། དབུལ་ཕོངས་རོང་འབྲོག་པའི་སྣེ་ཁྲིད་དེ་དབུལ་ཐར་ཕྱུག་བསྒྱུར་བྱེད་པའི་དཔེ་སྟོན་སྣེ་ཁྲིད་ནུས་པ་ཇེ་དྲག་ཏུ་གཏོང་རྒྱུ། རྩོལ་ལས་དཔལ་འབྱོར་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་སྟེ། དབུལ་ཕོངས་ངལ་རྩོལ་པའི་ལས་ཞུགས་ལས་གཉེར་ཐབས་ལམ་རྒྱ་སྐྱེད་རྒྱུ།

གསུམ།ཡུལ་གཞན་དུ་གནས་སྤོས་ཏེ་དབུལ་ཐར་བྱ་རྒྱུ།"ཡུལ་གཅིག་གི་ས་ཞིང་གིས་ཡུལ་དེའི་མི་འབོར་གསོ་མི་ཐུབ་པའི"དབུལ་ཕོངས་མི་འབོར་ལ། "སྲིད་གཞུང་གིས་གཙོ་ཁྲིད་དང་མང་ཚོགས་རང་འཐད། ཧུར་བརྩོན་བརྟན་རླིང་། ཁག་བགོས་ལག་བསྟར"བཅས་བྱེད་པའི་རྩ་དོན་ལྟར། སྲིད་འཛིན་སྡེ་བའི་ནང་ཉེ་འགྲམ་དུ་གཅིག་བསྡུས་བཀོད་སྒྲིག་བྱེད་པ་དང་གནས་སྤོ་སྡེ་གསར་བཙུགས་ནས་གཅིག་བསྡུས་བཀོད་སྒྲིག་བྱེད་པ། མཁར་གྲོང་ཆུང་བ་དང་བཟོ་ལས་ར་བ། ཞིང་གྲོང་གནས་སྐོར་བཅས་ལ་བརྟེན་ནས་བཀོད་སྒྲིག་བྱེད་པ། བར་གསེད་བཀོད་སྒྲིག་དང་གཉེན་ཉེ་གྲོགས་པོར་བརྟེན་པ་སོགས་ཀྱི་བཀོད་སྒྲིག་བྱེད་སྟངས་གཞན་པ་བཅས་ཡིན།

བཞི།སྐྱེ་ཁམས་སྲུང་སྐྱོབ་ལས་དབུལ་ཐར་འབྱུང་བར་བྱ་རྒྱུ།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བཅོས་སྐྱོང་བྱེད་པར་ཟུང་དུ་སྦྲེལ་ནས། སྐྱེ་ཁམས་ལ་བརྟེན་ནས་དབུལ་ཐར་བྱེད་པའི་ལམ་གསར་བ་ཞིག་འཚོལ་ཞིབ་བྱ་རྒྱུ།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟེ་གནས་ཁུལ་དུ་དབུལ་ཕོངས་རོང་འབྲོག་ཁྱིམ་དུ་ཁ་གཏད་པའི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ལས་སྟེགས་བཙུགས་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱིལས་འགན་ཡོད་པའི་ས་ཁུལ་གྱི་དབུལ་ཕོངས་ཁྱིམ་ཚང་རེར་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པ་གཅིག་རེ་ཡོད་པར་བྱ་རྒྱུ། སྐབས་གསར་བའི་རྨོ་བསྐྱུར་ནགས་སྐྱོང་རྩྭ་སྐྱོང་ལས་གྲྭ་ལས་གཞི་དེ་དབུལ་ཕོངས་སྡེ་བ་དང་དབུལ་ཕོངས་ཁྱིམ་ཚང་ལ་ཁ་ཕྱོགས་རྒྱུ། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའ་སྲིད་ཇུས་སྔར་ལས་འཐུས་ཚང་དུ་གཏོང་རྒྱུ།

ལྔ།རྒྱུ་ནོར་གྱི་ཡོང་སྒོ་འཚོལ་ཞིབ་བྱས་ནས་དབུལ་ཐར་བྱ་རྒྱུ།ཁྱད་ལྡན་དབུལ་སྐྱོར་ཐོན་ལས་མྱུར་དུ་ལག་བསྟར་བྱེད་པ་དང་། སྤྱོད་ཡུལ་མི་བསྒྱུར་བའི་གནས་ཚུལ་འོག ནོར་སྲིད་ཀྱི་ཆེད་དམིགས་དབུལ་སྐྱོར་མ་དངུལ་དང་ཞིང་འབྲེལ་མ་དངུལ་གཞན་དག་སྒྲིག་ཆས་ཞིང་ཕྱུགས་ལས་དང་ཁྱད་ལྡན་འདེབས་གསོ། ཞིང་གྲོང་གནས་སྐོར། འོད་ཧྥུ་འཛུགས་སྐྲུན་སོགས་ཀྱི་ལས་གཞིའི་སྟེང་གཏོང་བ་དང་། ཆ་རྐྱེན་འཛོམས་པའི་བཤིག་ཆོག་མ་རྐང་གྲངས་འབོར་ཅན་དེ་དབུལ་ཕོངས་སྡེ་བ་དང་དབུལ་ཕོངས་ཁྱིམ་ཚང་དང་། ནང་སྒོས་སུ་ངལ་རྩོལ་ནུས་པ་ཤོར་བའི་དབུལ་ཕོངས་ཁྱིམ་ཚང་ལ་སྟེར་རྒྱུ། དབུལ་སྐྱོར་མ་དངུལ་མ་རྐང་བཤིག་པའི་བྱེད་ཐབས་བརྒྱུད་དེ་དབུལ་ཕོངས་ཁྱིམ་ཚང་བཀོད་སྒྲིག་བྱེད་པ་དང་། མ་རྐང་འཇོག་པའི་ཐོན་སྐྱེད་བདག་གཉེར་དང་རྩ་འཛུགས་བྱ་རྒྱུ། རོང་འབྲོག་པའི་མཉམ་ལས་ཁང་དང་བདག་གཉེར་གཙོ་བདག་གཞན་པ་བརྒྱུད་དེ་ས་ཞིང་དང་རྩྭ་ར་སོགས་མངག་བཅོལ་དོ་དམ་དང་། ཕྱུགས་ཟོག་མངག་བཅོལ་གསོ་སྐྱོང་། རོང་འབྲོག་པའི་ས་ཞིང་དང་རྩྭ་རའི་བདག་གཉེར་དབང་ཆ་མ་རྐང་དུ་འཇོག་པ་སོགས་ཀྱི་བྱེད་ཐབས་ཀྱིས་དབུལ་ཕོངས་ཁྱིམ་ཚང་གི་ཡོང་སྒོ་འཕར་བར་སྐུལ་ཁྲིད་བྱ་རྒྱུ། དབུལ་ཕོངས་ས་ཁུལ་གྱི་ཆུ་གློག་དང་གཏེར་ཁའི་ཐོན་ཁུངས་གསར་སྤེལ་བྱེད་པ་དང་།ས་ཞིང་བདག་བཟུང་བྱས་པའི་སྡེ་བའི་ཐུན་མོང་གི་མ་རྐང་དབང་ཆ་བྱིན་ཏེ། དབུལ་ཕོངས་མི་འབོར་ལ་ཐོན་ཁུང་གསར་སྤེལ་བྱེད་པའི་ཁེ་ཕན་ལོངས་སྤྱོད་བྱེད་དུ་འཇུག་རྒྱུ།

དྲུགསློབ་གསོར་ཤུགས་བསྣན་ནས་དབུལ་ཐར་བྱ་རྒྱུ།སློབ་གསོ་དབུལ་སྐྱོར་ལས་གྲྭ་མྱུར་དུ་ལག་བསྟར་བྱས་ཏེ། དབུལ་ཕོངས་ཁྱིམ་ཚང་གི་བུ་ཕྲུག་ཡོངས་རྫོགས་ལ་དྲང་གཞག་དང་སྤུས་ཀ་བཟང་བའི་སློབ་གསོ་མྱང་དུ་འཇུག་པ་དང་། དབུལ་ཕོངས་ཚབ་རིམ་བརྒྱུད་སྤྲོད་བྱེད་པ་གཏན་འགོག་བྱ་རྒྱུ། སློབ་སྔོན་སློབ་གསོའི་ཐོན་ཁུངས་ཀྱི་ཁེབས་ཚད་རྒྱ་སྐྱེད་དེ། ལོ་དགུའི་འོས་འགན་སློབ་གསོའི་སྲ་བརྟན་ཚད་ཇེ་མཐོ་དང་། མཐོ་འབྲིང་དུས་རིམ་གྱི་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་པ། ལས་རིགས་སློབ་གསོ་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་བཅས་བྱ་རྒྱུ། དབུལ་ཕོངས་ཁྱིམ་ཚང་སློབ་མར་སློབ་རོགས་བྱེད་པའི་སྲིད་ཇུས་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། སློབ་ཡོན་མི་བསྡུ་བའི་སློབ་གསོ་སྲིད་ཇུས་དངོས་འབེབས་བྱ་རྒྱུ། ས་གནས་གཞན་དུ་སློབ་གྲྭ་བསྒྲུབ་པར་རྒྱབ་སྐྱོར་བྱེད་པའི་ཚད་ཇེ་ཆེར་གཏོང་རྒྱུ། དབུལ་ཕོངས་ས་ཁུལ་གྱི་ཞིང་སྡེའི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱུ། དབུལ་ཕོངས་ས་ཁུལ་གྱི་དམིགས་བསལ་སློབ་གསོ་དང་རྒྱང་རིང་སློབ་གསོ་ཧུར་བརྩོན་གྱིས་བསྒྲུབ་རྒྱུ། དབུལ་ཕོངས་ཁྱིམ་ཚང་གི་སློབ་གྲྭ་ཆེན་མོ་བར་རོགས་སྐྱོར་བྱེད་པའི་ཚད་ཇེ་ཆེར་བཏང་ནས། དབུལ་ཕོངས་ཁྱིམ་ཚང་གི་སློབ་གྲྭ་ནས་ལས་ཀར་མ་ཞུགས་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློ་བ་མར་ལས་ཞུགས་རྒྱབ་སྐྱོར་འདོན་སྤྲོད་བྱ་རྒྱུ།

བདུན།སྨན་བཅོས་འགན་བཅོལ་དང་སྐྱོབ་རོགས་བྱས་ཏེ་དབུལ་ཐར་བྱ་རྒྱུ།གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་ལྕི་མོའི་འགན་བཅོལ་། སྨན་བཅོས་སྐྱོབ་རོགས་ཀྱི"སྨན་བཅོས་འགན་བཅོལ་སུམ་བརྩེགས་ཅན"བཟོ་བ་དང་། དབུལ་ཕོངས་མི་འབོར་གྱི་བདེ་ཐང་ཁེ་དབང་ལ་སྲུང་སྐྱོབ་བྱས་ཏེ། དབུལ་ཕོངས་མི་འབོར་གྱི་བདེ་ཐང་སྤུས་མཚག་ཇེ་མཐོར་གཏོང་བ་དང་། ནད་ཀྱི་དབང་གིས་དབུལ་བོར་འགྱུར་བ་དང་ནད་ཀྱི་དབང་གིས་ཡང་བསྐྱར་དབུལ་བོར་འགྱུར་བ་ན་ས་ལྡན་སྒོས་བཀག་འགོག་དང་ཚོད་འཛིན་བྱ་རྒྱུ། བདེ་ཐང་དབུལ་སྐྱོར་ལས་གྲྭ་ལག་བསྟར་བྱས་ཏེ། དབུལ་ཕོངས་མི་འབོར་ལ་གཞི་རྩའི་སྨན་བཅོས་དང་ནད་ལྕི་མོའི་འགན་བཅོལ་ལམ་ལུགས་ཡོངས་སུ་ཁེབས་པ་བྱ་རྒྱུ། ནད་རིགས་ཚབས་ཆེན་གྱི་སྐྱོབ་རོགས་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ། དབུལ་ཕོངས་ས་ཁུལ་གྱི་དབང་བོ་སྐྱོན་ཅན་བདེ་ཐང་ཞབས་ཞུ་ལ་ཤུགས་སྣོན་རྒྱུ། དབུལ་ཕོངས་མི་འབོར་གྱི་བདེ་ཐང་ཁྲམ་བྱང་བཟོས་ཏེ། དབུལ་ཕོངས་མི་འབོར་ལ་དམིགས་བསལ་གྱི་སྨན་བཅོས་འགན་བཅོལ་དངསྐྱོབ་རོགས་སྲིད་ཇུས་ལག་བསྟར་བྱ་རྒྱུ།

བརྒྱད།ཞིང་སྡེའི་མ་མཐའི་འཚོ་བའི་འགན་བཅོལ་དེ་མཐིལ་རྟོལ་བའི་བར་ལག་ཏུ་བསྟར་ཏེ་དབུལ་ཐར་བྱ་རྒྱུ། ཞིང་་ཡོངས་ཀྱི་ཞིང་སྡེའི་མ་མཐའི་འཚོ་བའི་འགན་བཅོལ་གི་ཚད་གཞི་དང་དབུལ་སྐྱོར་ཚད་གཞི"ཐིག་གཉིས་མཉམ་འདྲེས"ཡོང་བ་བྱ་རྒྱུ། ཞིང་སྡེའི་མ་མཐའི་འཚོ་བའི་འགན་བཅོལ་ལམ་ལུགས་དང་དབུལ་སྐྱོར་གསར་སྤེལ་སྲིད་ཇུས་གཉིས་ནུས་ལྡན་འབྲེལ་མཐུད་ཡོང་བའི་ལག་བསྟར་བྱེད་ཐབས་བཟོ་བ་དང་། ཆ་རྐྱེན་དང་མཐུན་པའི་དབུལ་ཕོངས་ཁྱིམ་ཚང་ཡོངས་རྫོགས་མ་མཐའི་འཚོ་བའི་ཁྱབ་ཁོངས་སུ་བཞག་ནས། འགན་བཅོལ་བྱ་དགོས་པ་ཚང་མ་འགན་བཅོལ་བྱ་རྒྱུ། དམིགས་བསལ་དབུལ་ཕོངས་མི་འབོར་དང་དབང་བོ་སྐྱོན་ཅན་ལྗིད་མོ་ཅན་ལ། དམངས་སྲིད་སྡེ་ཁག་གིསསྲིད་ཇུས་རང་བཞིན་གྱི་འགན་བཅོལ་མཐིལ་རྟོལ་བ་བྱ་རྒྱུ། དབུལ་ཕོངས་དབང་བོ་སྐྱོན་ཅན་མི་འབོར་གྱི་འཚོ་བ་དང་ནད་གཡོག་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ།

ས་བཅད་གཉིས་པ།རྨང་གཞིའི་ཆ་རྐྱེན་ཤུགས་ཆེན་པོས་ལེགས་བསྒྱུར་བྱ་རྒྱུ།

དབུལ་ཕོངས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྗེས་ལུས་ཡིན་པའི་བཀག་རྒྱ་དངོས་གནས་ཐག་གཅོད་བྱེད་པ་དང་། རྨང་གཞིའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་བཏང་སྟེ། དབུལ་ཕོངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བསྒྱུར་བྱ་རྒྱུ། དབུལ་ཕོངས་སྡེ་བའི་ལམ་དྲ་ཤར་བགྲོད་ལས་གྲྭ་ལག་བསྟར་བྱས་ཏེ། དབུལ་ཕོངས་སྡེ་བ་ནས་ཞང་དུ་ཐོན་པའི་གཞུང་ལམ་མྱུར་དུ་འཛུགས་སྐྲུན་བྱ་རྒྱུ། དབུལ་ཕོངས་ས་ཁུལ་གྱི་ཐན་འགོག་ཆུ་ཁུངས་འཛུགས་སོ་སོ་སྐྱེ་བོའི་ཚུལ་ཁྲིམསཚུན་དང་ཆུ་བོ་ཆུང་འབྲིང་བཅོས་སྐྱོང་། ཆུ་ལོག་དང་ས་གཤིས་གནོད་འཚེ་འགོག་བཅོས་བཅས། གཞན་ད་རུང་ས་ཆུ་ཤོར་བ་ཕྱོགས་བསྡུས་བཅོས་སྐྱོང་བཅས་བྱེད་ཚད་ཇེ་ཆེར་གཏོང་རྒྱུ། འཐུང་ཆུའི་བདེ་འཇགས་སྲ་བརྟན་དུ་གཏོང་བའི་ལས་གྲྭ་ལག་བསྟར་བྱས་ཏེ། རང་འབབ་ཆུ་བོ་གང་སར་ཁྱབ་པའི་ཚད་ཇེ་མཐོར་གཏོང་བ་དང་། གཅིག་བསྡུས་སྒོས་ཆུ་འདོན་པའི་ཚད་འོས་འཚམ་གྱིས་ཇེ་མཐོར་གཏོང་རྒྱུ། ཞིང་ལས་དྲ་བ་འཛུགས་སྐྲུན་བྱེད་པའི་ཚད་ཇེ་ཆེར་བཏང་ནས། རྒྱལ་ཁབ་ཀྱི་གློག་དྲས་ཡོངས་སུ་ཁེབས་པ་མངོན་འགྱུར་བྱ་རྒྱུ། རྒྱང་བསྒྲགས་བརྙན་འཕྲིན་ཁྱིམ་ཚང་རེ་རེར་ཐོན་པ་དང་ཨང་ཁིའི་རྒྱང་བསྒྲགས་བརྙན་འཕྲིན་གྱིས་ཡོངས་སུ་ཁེབས་པར་མྱུར་དུ་སྐུལ་འདེད་གཏོང་རྒྱུ། ཆ་རྐྱེན་འཛོམས་པའི་དབུལ་ཕོངས་སྡེ་བར་དམིགས་བསལ་སྒོས་ཁོར་ཡུག་བཅོས་སྐྱོང་བཀོད་སྒྲིག་དང་མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་བྱ་རྒྱུ།

ས་བཅད་གསུམ་པ།དབུལ་སྐྱོར་གྱི་རྐྱེན་སྲོལ་གསར་སྐྲུན་བྱ་རྒྱུ།

དངུལ་གཏོང་འཕར་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ནོར་སྲིད་ཀྱིས་དབུལ་སྐྱོར་ཐད་མ་དངུལ་གཏོང་བ་བརྟན་འཇགས་ངང་ཇེ་མང་དུ་གཏོང་བ། ཆེད་དམིགས་དང་ལས་རིགས་དབུལ་སྐྱོར་མ་དངུལ་གཙོ་ཁྲིད་དང་། དངུལ་རྩའི་དབུལ་སྐྱོར་མ་དངུལ་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་མ་དངུལ་དེ་ཁ་གསབ་ཡིན་པ། སྤྱི་ཚོགས་ཀྱི་དབུལ་སྐྱོར་མ་དངུལ་དང་དབུལ་སྐྱོར་མ་དངུལ་གྱི་ཡོང་ཁུངས་གསར་བ་ཕན་ཚུན་འདྲེས་པའི་དངུལ་གཏོང་རྐྱེན་སྲོལ་འཛུགས་རྒྱུ། དཔྱད་ཞིབ་དང་སྐུལ་སློང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། དབུལ་ཕོངས་རྫོང་ཁྱོན་ཡོངས་ནས་དབུལ་ཐར་བྱེད་པ་དེ་རྫོང་རིམ་པའི་ཏང་སྲིད་མགོ་ཁྲིད་ཚན་ཁག་གི་གྲུབ་འབྲས་དཔྱད་ཞིབ་ཁྲོད་བཞག་ཏེ། ལས་རིགས་སོ་སོའི་དབུལ་སྐྱོར་འགན་འཁྲིར་དཔྱད་ཞིབ་ཚད་འཇལ་བྱེད་པ་དང་། དུས་ལྟར་ཁྱོན་ཡོངས་ནས་དབུལ་ཐར་བྱེད་པའི་ལས་འགན་མ་འགྲུབ་པར་འདེམ་ཤོག་གཅིག་གིས་ཁས་མི་ལེན་པ་ལག་བསྟར་བྱ་རྒྱུ། གནད་ཕིགས་དཔྱད་འཇོག་རྐྱེན་སྲོལ་བཙུགས་ནས། ཁྱོན་ཡོངས་ནས་དབུལ་ཐར་བྱེད་པར་ཞིབ་བཤེར་རྩིས་ལེན་བྱེད་ཐབས་གཏན་ལ་ཕབ་ནས། དབུལ་སྐྱོར་བྱ་ཡུལ་གྱི་རེ་ཞུར་ཞིབ་བཤེར་ཆོག་མཆན་འགོད་པ་དང་དབུལ་སྐྱོར་མ་དངུལ་ཡོངས་བསྒྲགས་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་པ་དང་། འགུལ་ཚུལ་ལ་ཚད་འཇལ་ཐིག་ལེན་བྱས་ནས། དབུལ་ཐར་ཁྱིམ་ཚང་ཕྱིར་འབུད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་རྒྱུ། སྤྱི་ཚོགས་ཀྱི་རོགས་སྐྱོར་རྐྱེན་སྲོལ་གསར་སྐྲུན་བྱ་རྒྱུ། སྣ་མང་ཅན་གྱི་སྤྱི་ཚོགས་དབུལ་སྐྱོར་གཙོ་གཞི་སྐྱེད་སྲིང་བྱས་ནས། རིགས་སོ་སོའི་དངུལ་རྩ་སྡེ་ཁག་གིས་དབུལ་ཕོངས་ས་ཁུལ་འཕེལ་རྒྱས་སུ་འགྲོ་བར་རྒྱབ་སྐྱོར་བྱེད་པར་ཁྲིད་སྟོན་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་དང་རིགས་སོ་སོའི་ཚོང་རའི་བདག་པོ་ཉིད་ཞུགས་པ། དབུལ་སྐྱོར་གསར་སྤེལ་གྱི་གཟིགས་སྐྱོང་སྲིད་ཇུས་འཐུས་ཚང་དུ་གཏོང་བ་བཅས་བྱ་རྒྱུ། སྤྱི་ཚོགས་ཀྱི་ལས་རིགས་ཁག་དབུལ་སྐྱོར་ནང་ཞུགས་པར་སྐུལ་མ་གཏོང་རྒྱུ། དབུལ་སྐྱོར་དང་བླངས་པའི་བྱ་བ་ཧུར་ཐག་གིས་སྤེལ་ནས། ཤུགས་ཆེན་པོས་སྲིད་གཞུང་དང་ཚོང་ར། སྤྱི་ཚོགས་བཅས་ཀྱིས་མཉམ་དུ་དབུལ་སྐྱོར་གསར་སྤེལ་ལ་སྐུལ་འདེད་བྱེད་པའི་རྣམ་པ་ཤུགས་ཆེན་པོས་སྐྲུན་རྒྱུ།

ཆེད་བསྒྲིགས་ལེ་ཚན12པ། ཆེད་དམིགས་དབུལ་སྐྱོར་གྱི་གཙོ་གནད་ལས་གྲྭ།

སྡེ་བ་ཡོངས་ལ་སྐུལ་སྤེལ་བྱས་པའི་ལས་གྲྭ། ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་སྡེ་བ1622ལ་སྡེ་བ་ཡོངས་ལ་སྐུལ་སྤེལ་བྱེད་པའི་ལས་གཞི་ལག་བསྟར་བྱ་རྒྱུ།ཡུལ་གཞན་དུ་གནས་སྤོས་པའི་ལས་གྲྭ། མི་གྲངས་ཁྲི20གནས་སྤོ་བཀོད་སྒྲིག་བྱ་རྒྱུ།ཆུ་བེད་ཀྱི་དབུལ་སྐྱོར་ལས་གྲྭ། རི་མ་ས་ཁུལ་དང་ཐན་སྐམ་ཆེ་བའི་ས་ཁུལ། མཚོ་སྔོན་བོད་ཁུལ་ལྷོ་ཕྱོགས་ཀྱི་ཁུལ་གསུམ་ལ་ཆུ་བེད་ཀྱིས་དབུལ་སྐྱོར་བྱ་རྒྱུ།སློབ་གསོའི་དབུལ་སྐྱོར་ལས་གྲྭ། དབུལ་ཕོངས་རྫོང་གི་འོས་འགན་སློབ་གསོའི་སློབ་གྲྭ་དང་སློབ་ཁྲིད་བྱེད་ས་ཚད་གཞིར་སླེབས་པ་དང་། དབུལ་ཕོངས་སྡེ་བར་སློབ་སྔོན་སློབ་གསོས་ཡོངས་སུ་ཁེབས་པ། དབུལ་ཕོངས་མི་འབོར་ལ་ཁ་ཕྱོགས་པའི་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གསོའི་རོགས་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་རྒྱུ།གནས་སྐོར་དབུལ་སྐྱོར་གྱི་ལས་གྲྭ། དབུལ་ཕོངས་སྡེ་བ500ལ་གནས་སྐོར་དབུལ་སྐྱོར་ལས་གྲྭ་ལག་བསྟར་བྱ་རྒྱུ།དངུལ་ལོར་དབུལ་སྐྱོར་ལས་གྲྭ། ཡིག་ཚགས་འཛུགས་པའི་བྱང་བུ་ལས་ནས་ཡིད་རྟོན་ཁྱིམ་ཚང་གི་ཡིད་རྟོན་དངུལ་བུན་ཁྱོན་ཡོངས་སུ་ཁེབས་པ་དང་། དབུལ་སྐྱོར་ནུས་པའི་རྣམ་པ་གསར་བའི་ཞིང་ལས་བདག་གཉེར་གྱི་གཙོ་གཞིའི་དངུལ་བུན་གྱི་ཁེབས་རྒྱ་ཇེ་ཆེར་གཏོང་རྒྱུ།གློག་རྡུལ་ཚོང་དོན་གྱི་དབུལ་སྐྱོར་ལས་གྲྭ། དབུལ་ཕོངས་རྫོང་ལ་གློག་རྡུལ་ཚོང་དོན་གྱིས་དབུལ་སྐྱོར་བྱེད་པར་སྐུལ་སྤེལ་བྱེད་པ།ཕན་ཚུན་རོགས་སྐྱོར་མ་དངུལ་གྱི་ལས་གྲྭ། དབུལ་ཕོངས་སྡེ་བའི་ཕན་ཚུན་རོགས་སྐྱོར་མ་དངུལ་ལས་གཞི་ཡོངས་སུ་ཁེབས་པའི་ལས་གྲྭ་ལས་བསྟར་བྱེད་པ།ཕྱུག་སྒྱུར་སྣེ་ཁྲིད་མཁན་གསོ་སྐྱོང་བྱེད་པའི་ལས་གྲྭ། ཕྱུག་སྒྱུར་སྣེ་ཁྲིད་མཁན་མི4000གསོ་སྐྱོང་བྱེད་རྒྱུ།

ལེའུ་དགུ་པ།ཁྱོན་ཡོངས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་ལོངས་སྤྱོད་བྱ་རྒྱུ།

མི་ཚང་མ་ཞུགས་པ་དང་མི་ཚང་མས་ནུས་པ་འདོན་པ། མི་ཚང་མར་ལོངས་སུ་སྤྱོད་རྒྱུ་ཡོད་པའི་བླང་བྱ་ལྟར། མ་མཐའི་ཚད་ཐིག་རྒྱུན་འཁྱོངས་དང་གཙོ་གནད་འབུར་ཐོན། ལམ་ལུགས་འཐུས་ཚང་། སྔོན་དཔག་ལ་འཁྲིད་སྟོན་བཅས་བྱེད་པ་དང་། སློབ་གསོ་དང་ལས་ཞུགས། སྤྱི་ཚོགས་འགན་བཅོལ་། སྨན་བཅོས་འགན་བཅོལ་སོགས་དམངས་འཚོར་ཐུགས་འཁུར་བྱེད་པར་དམིགས་ནས། སྲིད་གཞུང་གིས་གཞི་རྩའི་སྤྱི་པའི་ཞབས་ཞུ་དང་ནུས་ཕྱོད། ཆ་སྙོམས་ཅན་བཅས་ཀྱི་ཕྱོགས་སུ་གནས་པའི་འབུར་ཐོན་གནད་དོན་ཤུགས་ཆེན་པོས་ཐག་གཅོད་པ་དང་། དམངས་འཚོའི་ཆུ་ཚད་དེ་ནུབ་བྱང་གི་སྔོན་གྲས་སུ་བསྐྱོད་པར་བརྩོན་ལེན་བྱས་ནས། རིགས་སོ་སོའི་མི་དམངས་ལ་མང་པོ་ཞིག་ཐོབ་པའི་ཚོར་བ་ཡོད་དུ་འཇུག་རྒྱུ།

ས་བཅད་དང་པོ།གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་ལ་སྐུལ་འདེད་བྱ་རྒྱུ།

གཅིགཞབས་ཞུའི་ཁྱབ་ཁོངས་དང་ཚད་གཞི་འཐུས་ཚང་དུ་གཏོང་རྒྱུ།2020ལོར་ཐོན་དུས། གྲོང་ཁྱེར་དང་གྲོང་གསེབ། ས་ཁོངས། སྤྱི་ཚོགས་ཀྱི་ཚོགས་པ་མི་འདྲ་བའི་བར་དུ་གཞི་རྩའི་སྤྱི་པའི་ཞབས་ཞུའི་ལམ་ལུགས་གཅིག་གྱུར་དང་། ཚད་གཞི་གཅིག་གྱུར། ཆུ་ཚད་ཆ་སྙོམས་ཅན་བཅས་མངོན་འགྱུར་བྱས་ནས། སྡོད་དམངས་ཡོངས་ལ་ཁེབས་པའི་རྨང་གཞིའི་སྟེང་འདོན་སྤྲོད་བྱེད་པའི་ཆུ་ཚད་རིམ་བཞིན་ཇེ་མཐོར་གཏོང་རྒྱུ། ཞིང་ཆེན་གྱི་གནས་ཚུལ་དང་མཐུན་པའི་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་གྱི་ཚད་གཞིའི་མ་ལག་གཏན་འབེབས་བྱེད་པ་དང་། སྒྲིག་སྲོལ་གྱི་འགན་བཅོལ་དང་ཆ་སྡེབ་བྱེད་ཐབས་འཐུས་ཚང་དུ་བཏང་ནས། གཞི་རྩའི་སྤྱི་པའི་ཞབས་ཞུས་ཕྱོགས་ཡོངས་དང་འདྲ་མཉམ་ངང་ཞིང་ཆེན་ཡོངས་ཀྱི་སྡོད་དམངས་ལ་ཕན་ཐོགས་པར་བྱ་རྒྱུ།

གཉིས།གཞི་རྩའི་སྤྱི་པའི་ཞབས་ཞུའི་འགན་བཅོལ་ནུས་པ་ཇེ་མཐོར་གཏོང་རྒྱུ།ཡོངས་ཕན་རང་བཞིན་དང་གཞི་རྩ་འགན་བཅོལ་། ཆ་སྙོམས་ཅན། མཐུད་མར་འཕེལ་འཐུས་པའི་ཁ་ཕྱོགས་བཅས་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་གནད་དོན་ཐག་གཅོད་པ་ནས་མགོ་བརྩམས་ཏེ། སྲིད་གཞུང་གི་སྤྱི་པའི་ཞབས་ཞུའི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་། མཉམ་སྐྲུན་ནུས་པ་དང་མཉམ་རོལ་ཆུ་ཚད་ཇེ་མཐོར་བཏང་ནས། འོས་འགན་སློབ་གསོ་དང་ལས་ཞུགས་ཞབས་ཞུ། སྤྱི་ཚོགས་འགན་བཅོལ་། གཞི་རྩའི་སྨན་བཅོས་དང་སྤྱི་པའི་འཕྲོད་བསྟེན། སྤྱི་པའི་རིག་གནས། ཁོར་ཡུག་སྲུང་སྐྱོབ། འགྲོ་བསྐྱོད་སྟབས་བདེ་སོགས་གཞི་རྩའི་སྤྱི་པའི་ཞབས་ཞུ་ཁྱོན་ཡོངས་སུ་ཁེབས་པ་མངོན་འགྱུར་བྱ་རྒྱུ། ནོར་སྲིད་ཀྱི་གཏོང་ཡོང་གྲུབ་ཚུལ་ལེགས་སྒྲིག་བྱས་ནས། ནོར་སྲིད་ཀྱི་མ་དངུལ་མང་པོ་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་སུ་གཏོང་རྒྱུ། དབུལ་ཕོངས་དང་རྒྱང་རིང་ས་ཁུལ་ཀྱི་སྤྱི་པའི་ཞབས་ཞུར་རྒྱབ་སྐྱོར་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ཆེད་དམིགས་མི་ཚོགས་དང་དམིགས་བསལ་གྱི་དཀའ་ཁག་ཅན་ལ་རོགས་སྐྱོར་བྱེད་པར་ཤུགས་བསྣན་ནས་མཉམ་དུ་ཕྱུག་པོར་འགྱུར་བ་མངོན་འགྱུར་བྱ་རྒྱུ།

གསུམ།སྤྱི་པའི་ཞབས་ཞུ་འདོན་སྤྲོད་བྱེད་ཐབས་གསར་སྐྲུན་བྱ་རྒྱུ།འདོན་སྤྲོད་བྱེད་ཐབས་སྣ་མང་ཅན་ལ་སྐུལ་འདེད་བྱས་ནས། སྲིད་གཞུང་གིས་ཞབས་ཞུ་ཉོས་ནས་འདོན་སྤྲོད་བྱེད་ཐུབ་པ་དེ་སྲིད་གཞུང་གིས་ཐད་ཀར་དུ་མི་སྒྲུབ་པ་དང་། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་དངུལ་མཉམ་ལས་བྱས་ནས་འདོན་སྤྲོད་བྱེད་ཐུབ་ན། སྤྱི་ཚོགས་ཀྱི་མ་དངུལ་ནང་དུ་ཞུགས་པར་རྒྱ་ཆེར་སྡུད་ལེན་བྱས་ནས། སྲིད་གཞུང་གིས་ཐད་ཀར་སྒྲུབ་པའི་ཁྱབ་ཁོངས་རིམ་བཞིན་ཇེ་ཆུང་དུ་གཏོང་རྒྱུ། སྤྱི་པའི་ཞབས་ཞུ་ཉོས་པའི་དཀར་ཆག་རྩིས་ཐོ་བཟོ་བ་དང་སྒྲོག་སྤེལ་བྱས་ཏེ། སུ་འཇོན་དེ་འགུག་ཉོ་སྡུད་དང་དམིགས་བསལ་གྱི་ཆོག་འཐུས་བདག་གཉེར། གན་རྒྱའི་མངགས་བཅོལ། ཞབས་ཞུ་ཕྱིར་འགན་ལེན་དུ་འཇུག་པ། ཆ་སྡེབ་འཛུགས་སྐྲུན་གྲོས་མོལ་བྱེད་པ་སོགས་ཀྱི་རྣམ་པ་ཁྱབ་གདལ་དུ་གཏོང་བ་དང་འགྲན་རྩོད་རྐྱེན་སྲོལ་ནང་འདྲེན་བྱ་རྒྱུ། སྤྱི་པའི་ཞབས་ཞུར་ཁྲིམས་མིས་བཅོས་སྐྱོང་བྱེད་པའི་གྲུབ་ཚུལ་འཐུས་ཚང་དུ་བཏང་ནས། ཐོན་སྐྱེད་དང་བདག་གཉེར་བྱ་འགུལ་སྤེལ་བཞིན་པའི་དོན་ལས་སྡེ་ཚན་དག་ཁེ་ལས་སུ་བསྒྱུར་བར་སྐུལ་འདེད་བྱ་རྒྱུ། སྲིད་གཞུང་གི་སྲིད་འཛིན་ཁས་ལེན་ལམ་ལུགས་དང་གསན་སྒྲུབ་ལམ་ལུགས། ཆ་འཕྲིན་འདྲི་རྩད་བློ་འདྲིའི་ལམ་ལུགས་སོགས་རིམ་གྱིས་འཐུས་ཚང་དུ་བཏང་ནས། གཞི་རྩའི་སྤྱི་པའི་ཞབས་ཞུ་འདོན་སྤྲོད་བྱེད་པར་སྤྱིའི་དགོས་མཁོ་མཚོན་པར་ཁག་ཐེག་བྱ་རྒྱུ།

ཆེད་བསྒྲིགས་ལེ་ཚན13པ།གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་གྱི་ཁྱབ་ཁོངས་དང་ལྟེ་གནད།

སྤྱི་པའི་སློབ་གསོ། 

1.སློབ་སྔོན་སློབ་གསོ་ལོ་གསུམ་དང་། ལོ་དགུའི་འོས་འགན་སློབ་གསོ། མཐོ་འབྲིང་དུས་སྐབས(དཀྱུས་མའི་མཐོ་འབྲིང་དང་འབྲིང་རིམ་ལས་རིགས་ལག་རྩལ)ཀྱི་ལོ་བཅོ་ལྔའི་སློབ་ཡོན་མི་དགོས་པའི་སློབ་གསོ། 

2.གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་ཡིན་པའི་འོས་འགན་སློབ་གསོའི་གྲོན་དངུལ་འགན་བཅོལ་རྐྱེན་སྲོལ། 

3.ཁྱིམ་ཚང་གི་དཔལ་འབྱོར་ཐད་དཀའ་ཁག་ཡོད་པའི་བྱིས་པ་དང་དྭ་ཕྲུག དབང་བོ་སྐྱོན་ཅན་བཅས་ལ་སློབ་སྔོན་སློབ་གསོ་ཐོབ་པར་ཁ་གསབ་སྟེར་རྒྱུ།

ལས་ཞུགས་ཞབས་ཞུ། 

1.གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པར་རིན་མི་ལེན་པར་ལས་ཞུགས་ཆ་འཕྲིན་དང་ལས་ཞུགས་བློ་འདྲི། ལས་རིགས་ངོ་སྤྲོད། ངལ་རྩོལ་འབྲེལ་བ་མཐུན་སྦྱོར། ངལ་རྩོལ་འགན་བཅོལ་ལ་ལྟ་ཞིབ། ངལ་རྩོལ་མི་དོན་རྩོད་ལྒིང་འདུམ་གཅོད་དང་ངལ་རྩོལ་དང་མ་རྩ་ཅན་བར་གྱི་རྩོད་ལྒིང་ཁྲིམས་བསྟར་ཞབས་ཞུ་སོགས་འདོན་སྤྲོད་བྱེད་པ། 

2.ལས་ཞུ་གས་ཐད་དཀའ་ཁག་ཆེ་བའི་མི་སྣ་དང་ལས་ཞུགས་མཁན་གཅིག་ཀྱང་མེད་པའི་ཁྱིམ་ཚང་ལ་ལས་ཞུགས་རོགས་སྐྱོར་བྱ་རྒྱུ། 

3.ལས་སྐྲུན་བྱེད་འདོད་ཡོད་པའི་མི་སྣར་རིན་མི་ལེན་པར་ལས་སྐྲུན་བློ་འདྲི་མཛུབ་སྟོན་དང་ལས་སྐྲུན་གསོ་སྦྱོང་། ལས་སྐྲུན་ལས་གཞི་འོས་སྦྱོར་སོགས་ཀྱི་ཞབས་ཞུ་དང་། ལས་སྐྲུན་གྱི་གྲངས་འབོར་ཉུང་བའི་དངུལ་བུན་གྱི་སྐྱེད་ཀ་དང་མ་དངུལ་རུབ་བསྡུའི་ཞབས་ཞུ་འདོན་སྤྲོད་བྱ་རྒྱུ། 

4.ལས་ཀར་ཞུགས་མེད་པའི་མཐར་ཕྱིན་སློབ་མར་ལས་ཞུགས་ཀྱི་ལྟ་སྦྱོང་ཞབས་ཞུ་འདོན་སྤྲོད་བྱས་ནས། ལས་ཞུགས་ཐད་མཁོ་བའི་མཐར་ཕྱིན་སློབ་མར་གྲོང་ཁྱེར་ཆེ་འབྲིང་གི་མཉམ་འབྲེལ་གདན་ཞུའི་ཞབས་ཞུ་འདོན་སྤྲོད་བྱ་རྒྱུ།

སྤྱི་ཚོགས་འགན་བཅོལ་། 

1.མཁར་གྲོང་གི་ལས་བཟོ་པ་དང་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱིས་གཞི་རྩའི་རྒན་གསོ་འགན་བཅོལ་དང་སྨན་བཅོས་འགན་བཅོལ་ལོངས་སྤྱོད་དུ་འཇུག་པ་དང་། ཁེ་དོན་ལས་སྡེ་ཚན་གྱི་འགན་བཅོལ་ནང་ཞུགས་པའི་ལས་བཟོ་པར་ལས་ཤོར་འགན་བཅོལ་དང་ལས་རྨས་འགན་བཅོལ་། བཙའ་སྐྱེའི་འགན་བཅོལ་སོགས་ལོངས་སྤྱོད་དུ་འཇུག་རྒྱུ། 

2.གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆེས་དབུལ་རྒན་པ་དང་ཡོང་སྒོ་དམའ་བའི་རྒན་པ། དཔལ་འབྱོར་ཐད་དཀའ་ཁག་ཆེ་ཞིང་ངལ་རྩོལ་ནུས་པ་ཕལ་ཆེར་ཉམས་པའི་རྒན་པར་རིན་མི་ལེན་པའམ་རིན་ཉུང་ཙམ་བསྡུས་ནས་སྙོར་སྐྱོང་དང་བདག་སྐྱོང་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་། ལོ་ན་མཐོ་བའི་ཁ་གསབ་ལམ་ལུགས་འཐུས་ཚང་དུ་བཏང་ནས། སྲིད་གཞུང་གིས་སྤྱི་ཚོགས་ལ་རྒན་གསོའི་ཞབས་ཞུ་ཉོ་བའི་ཤུགས་ཚད་ཇེ་ཆེར་གཏོང་རྒྱུ། 

3.གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ཁག་ཆེ་བའི་མང་ཚོགས་ལ་མ་མཐའི་འཚོ་བ་འགན་བཅོལ་དང་སྨན་བཅོས་སྐྱོབ་རོགས། རང་བྱུང་གནོད་འཚེ་ཐེབས་པར་སྐྱོབ་རོགས། འདས་འཇུག་སྐྱོབ་རོགས་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱ་རྒྱུ་དང་། ཆེས་དབུལ་མི་སྣའི་གསོ་སྐྱོང་ལམ་ལུགས་འཛུགས་རྒྱུ། 

4.ཡུལ་སྲུང་བྱིས་པ་དང་དཀའ་ཁག་ཆེ་བའི་བྱིས་པ། དྭ་ཕྲུག དབང་བོ་སྐྱོན་ཅན་སོགས་དམིགས་བསལ་མི་ཚོགས་ལ་ཕན་བདེའི་ཞབས་ཞུ་འདོན་སྤྲོད་བྱ་རྒྱུ།

འཕྲོད་བསྟེན་དང་འཆར་སྐྱེ། 

1.རིན་མི་ལེན་པར་སྡོད་དམངས་ལ་བདེ་ཐང་ཡིག་ཚགས་དང་བདེ་ཐང་སློབ་གསོ། འགོག་སྨན་རྒྱག་པ། བྱིས་པའི་བདེ་ཐང་དོ་དམ། རྒན་པའི་བདེ་ཐང་དོ་དམ། འགོ་ནད་དང་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཡར་ཞུ་དང་ཐག་གཅོད་སོགས་ཀྱི་ཞབས་ཞུ་བསྒྲུབ་རྒྱུ། 

2 .དལ་བའི་རང་བཞིན་གྱི་ནད་ཕྱོགས་བསྡུས་སྔོན་འགོག་བྱེད་པ་དང་ནད་ཚབས་ཆེན་འགོག་བཅོས་བྱེད་པ། བདེ་ཐང་གི་རྒན་པ་ཅན་དང་བདེ་ཐང་མ་བུ་སོགས་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཆེད་སྤྱོད་གལ་ཆེན་ལག་བསྟར་བྱ་རྒྱུ། 

3.གཞི་རྩའི་སྨན་རྫས་ལམ་ལུགས་ལག་བསྟར་བྱས་ནས། གཞི་རྩའི་སྨན་རྫས་ཚང་མ་གཞི་རྩའི་སྨན་བཅོས་འགན་བཅོལ་གི་སྨན་རྫས་རྩིས་ཞུའི་དཀར་ཆག་ནང་འཇོག་རྒྱུ། 

4.གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ལ་སྨན་རྫས་བདེ་འཇགས་འགན་བཅོལ་དང་སྨན་རྫས་གློག་རྡུལ་ཁུངས་འདེད། ལས་གཉེར་སྨན་པའི་སྨན་རྫས་མཛུབ་སྟོན་ཞབས་ཞུ་བཅས་བསྒྲུབ་རྒྱུ

5.མངལ་མ་སྦྲུམ་གོང་ལེགས་སྐྱེས་བདེ་ཐང་ཞིབ་བཤེར་དང་སྐྱེ་འཕེལ་དབང་བོར་ལྟ་ཞིབ་ཚོད་འཛིན་ལག་རྩལ། དྲིལ་སྒྲོག་སློབ་གསོ་སོགས་འཆར་སྐྱེའི་ཞབས་ཞུ་བསྒྲུབ་རྒྱུ། 

6.བཙའ་སྐྱེའི་ཆ་རྐྱེན་འཛོམས་པའི་མང་ཚོགས་ལ་རིན་མི་ལེན་པར་ཡང་བསྐྱར་སྐྱེ་བའི་ལག་རྩལ་ཞབས་ཞུ་བསྒྲུབ་རྒྱུ།

སྡོད་ཁང་འགན་བཅོལ་། 

1.ཆ་རྐྱེན་དང་མཐུན་པའི་སྤྱིལ་ཁྱིམ་ཁུལ་གྱི་སྡོད་དམངས་ཀྱི་སྡོད་ཁང་ལེགས་བསྒྱུར་བྱེད་པ་དང་། ཞིང་སྡེའི་དཀའ་ཁག་ཆེ་བའི་ཁྱིམ་ཚང་གི་ཉེན་ཁང་བསྒྱུར་བཀོད་བྱེད་པར་ཁ་གསབ་བྱ་རྒྱུ།

2.མཁར་གྲོང་གི་ཡོང་སྒོ་དམའ་བའི་འདུག་ཁང་ཐད་དཀའ་ཁག་ཆེ་བའི་ཁྱིམ་ཚང་དང་། མཁར་གྲོང་གི་ཡོང་སྒོ་འབྲིང་ཙམ་མན་གྱི་འདུག་ཁང་ཐད་དཀའ་ཁག་ཆེ་བའི་ཁྱིམ་ཚང་ལ་སྤྱི་པའི་བོགས་གཏོང་ཁང་པ་འདོན་སྤྲོད་བྱེད་པའམ་འདུག་ཁང་གི་ཁང་གླ་ཁ་གསབ་བྱ་རྒྱུ།

སྤྱི་པའི་རིགས་གནས་ལུས་རྩལ། 

1.གཞི་རིམ་གྱི་སྤྱི་པའི་རིག་གནས་དང་ལུས་རྩལ་སྒྲིག་བཀོད་རིན་མི་ལེན་པར་སྒོ་འབྱ་རྒྱུ། 

2.སྡོད་དམངས་ཡོངས་ལ་རིན་མི་ལེན་པར་རྒྱང་སྒྲོག་བརྙན་འཕྲིན་ཞབས་ཞུ་དང་ཐོལ་བྱུང་དོན་རྐྱེན་གྱི་རྒྱང་སྒྲོག་ཞབས་ཞུ་བསྒྲུབ་པ་དང་། རོང་འབྲོག་ཁུལ་དུ་རིན་མི་ལེན་པར་གློག་བརྙན་སྟོན་པ་དང་། དཔེ་ཆ་དང་ཚགས་དེབ་སྐྱེལ་བ་སོགས་སྤྱི་ཕན་རང་བཞིན་གྱི་རིག་གནས་ཞབས་ཞུ་བསྒྲུབ་རྒྱུ་དང་། དམིགས་བསལ་མི་ཚོགས་ལ་རིན་མི་ལེན་པའམ་རིན་ཉུང་ཙམ་བླངས་ནས་སྐུད་ཡོད་བརྙན་འཕྲིན་གཏོང་རྒྱུ། 

3.གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་དམངས་ཡོངས་ཀྱི་ལུས་སྦྱོང་བྱ་འགུམ་ནང་ཞུགས་པར་རིན་མི་ལེན་པར་མཛུབ་སྟོན་བྱ་རྒྱུ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།