2016ལོའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ཐེངས་བཅུ་གསུམ་པའི་ལོ་ལྔའི་འཆར་འགོད་ཀྱི་རྩ་གནད།(17)

མ་བུ་བདེ་ཐང་འགན་སྲུང་དང་འཆར་ལྡན་བུ་སྐྱེ་ཞབས་ཞུ་མ་ལག་འཛུགས་སྐྲུན། ཞིང་ཆེན་དང་གྲོང་ཁྱེར། ཁུལ། རྫོང་རིམ་པའི་མ་བུ་བདེ་ཐང་དང་འཆར་ལྡན་བུ་སྐྱེའི་ཞབས་ཞུ་སྒྲིག་ཆས་ཆེད་གཉེར་ལས་དོན་ཁང་བ་དང་དེར་གཏོགས་ཀྱི་སྒྲིག་ཆས་སྒྲིག་གཞི་འཛུགས་སྐྲུན་བྱེད་པ།

ས་བཅད་བདུན་པ།བུད་མེད་དང་བྱིས་པ། རྒན་པ། དབང་བོ་སྐྱོན་ཅན་བཅས་ཀྱི་རྩ་བའི་ཁེ་ཕན་འགན་སྲུང་བྱེད་རྒྱུ།

བུད་མེད་དང་བྱིས་པའི་ཁྲིམས་མཐུན་གྱི་ཁེ་ཕན་འགན་སྲུང་དོན་ཐོག་ལ་དངོས་འབབ་བྱེད་པ། ཡུལ་འདུག་བྱིས་པ་དང་དབུལ་ཕོངས་བྱིས་པའི་སློབ་གསོ་གལ་གནད་དུ་བཟུང་སྟེ་གཙིགས་འཛིན་བྱས་ཏེ། ཁོ་ཚོ་བདེ་ཐང་ངང་ལུས་སེམས་འཚར་ལོངས་འབྱུང་བར་འགན་སྲུང་བྱེད་རྒྱུ། འབད་པ་ལྷུར་ལེན་གྱིས་བུད་མེད་ཀྱི་ལས་སྒྲུབ་ལས་ཞུགས་སྲིད་ཇུས་ལག་བསྟར་བྱེད་པ་དང་། ལས་སྒྲུབ་ལས་ཞུགས་ཀྱི་གཞུང་རྐ་བསྐྱེད་ཅིང་ཧུར་ཐག་གིས་ལས་ཞུགས་ལས་གནས་བསྐྲུན་ཏེ། ལས་ཞུགས་བྱེད་དཀའ་བའི་བུད་མེད་དག་ལས་ཞུགས་བྱེད་པར་རམ་འདེགས་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་རྒྱུ། བུད་མེད་དང་བྱིས་པ་བཙོང་བའམ་བྱིས་པར་བཙན་གྱིས་སློང་མོ་བྱེད་དུ་འཇུག་པ་སོགས་ཁྲིམས་འགལ་ཉེས་བཟོའི་བྱ་སྤྱོད་ལ་དྲག་རྡུང་བྱེད་རྒྱུ། བླངས་བུ་སྙོར་སྐྱོང་བྱེད་པའི་སྲིད་ཇུས་དང་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་ལུགས་ལྟར་བླངས་བུ་སྙོར་སྐྱོང་ཐོ་འགོད་བྱེད་ཅིང་། བླངས་བུ་སྙོར་བའི་ཁྱིམ་ཚང་ལ་དཔྱད་འཇོག་བྱེད་པའི་ལམ་ལུགས་བཙུགས་ཏེ། བླངས་བུའི་ཁྲིམས་མཐུན་ཁེ་ཕན་འགན་སྲུང་བྱེད་རྒྱུ། རིམ་པ་སོ་སོའི་ལོ་ན་སོན་པར་སྲུང་སྐྱོང་བྱེད་པའི་ཨུ་ཡོན་ལྷན་ཁང་དང་ན་གཞོན་གྱིས་ཉེས་བསགས་པར་སྔོན་འགོག་བྱེད་པའི་ལས་ཁུངས་ཀྱིས་ན་གཞོན་ལས་དོན་ཁང་གི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་རྒྱུ། བྱིས་པའི་ཕན་བདེ་ལས་ཁུངས་འཛུགས་པར་ཤུགས་སྣོན་གཏོང་རྒྱུ་དང་། སྤྱི་ཚོགས་སྟོབས་ཤུགས་ཀྱིས་བྱིས་པའི་ཕན་བདེ་ལས་ཁུངས་སྣ་ཚོགས་འཛུགས་གཉེར་བྱེད་པར་བསྟོད་སྐུལ་བྱེད་རྒྱུ། དྭ་ཕྲུག་དང་ཁྱེའུ་དོར་བ། དབང་བོ་སྐྱོན་ཅན་བཅས་བཅོས་སྐྱོང་སློབ་གསོའི་ཞབས་ཞུ་མ་ལག་ཕལ་ཆེར་ཆགས་ཡོད།

ཞིང་ཆེན་ཡོངས་ཀྱི་མི་འབོར་རྒན་གྱུར་ཇེ་མགྱོགས་སུ་འགྲོ་བར་དམིགས་ཏེ། རྒན་གསོའི་ཞབས་ཞུ་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། 2020ལོར་ཚད་ལྡན་ཅན་གྱི་རྒན་གསོ་སྒྲིག་བཀོད་དེ་ཞིང་ཆེན་ཡོངས་ཀྱི་སྡེ་ཁུལ་ལ་ཁེབས་པར་འཇུག་པ་དང90%ཡན་ཆད་ཀྱི་ཞང་བརྡལ་དང60%ཡན་ཆད་ཀྱི་སྡེ་བར་ཁེབས་པར་འཇུག་རྒྱུ། བདག་སྐྱོང་རང་བཞིན་ཉལ་ཁྲི་དེ་རྒན་གསོ་ཞབས་ཞུ་ལས་ཁུངས་ཀྱི་སྤྱིའི་ཉལ་ཁྲི་བསྡུར་ཚད་ཀྱི20 %ཡན་ཆད་ཟིན་ཡོད། རྒན་པའི་ཁེ་ཕན་འགན་སྲུང་བྱེད་པའི་ལམ་ལུགས་སོ་སོ་འཐུས་ཚང་དུ་གཏོང་བ་དང་། རྒན་པའི་འཚོ་བའམ་བདེ་ཐང་། བདེ་འཇགས། སྤྱི་ཚོགས་གོང་འཕེལ་ལ་ཞུགས་པའི་ཆ་རྐྱེན་བཅས་ལེགས་བསྒྱུར་བྱེད་རྒྱུ། མཁར་གྲོང་དང་ཞང་གི་རྒན་པའི་ལས་དོན་གོང་འཕེལ་དུ་གཏོང་བ་གཅིག་གྱུར་འཆར་འགོད་བྱས་ཏེ། རྒན་བཀུར་དང་རྒན་གསོ། རྒན་སྙོར་བཅས་ཀྱི་སྤྱི་ཚོགས་ཀུན་སྤྱོད་དར་སྤེལ་དུ་གཏོང་རྒྱུ།དབང་བོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་དང་ཞབས་ཞུ་མ་ལག་འཐུས་ཚང་དུ་གཏོང་བ་དང་། བདེ་སོས་ལྟེ་གནས་དང་བཅོལ་སྙོར་འཛུགས་སྐྲུན་བྱས་ཏེ་གོམ་གང་མདུན་སྤོས་སྒོས་སྤྱི་ཚོགས་འགན་སྲུང་གི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ། སྤྱི་ཚོགས་ཅན་གྱི་དབང་བོ་སྐྱོན་ཅན་བདེ་སོས་དང་བཅོལ་སྙོར་ཞབས་ཞུ་མ་ལག་བཙུགས་ཏེ་གེགས་མེད་སྤྱི་པའི་སྒྲིག་བཀོད་འཛུགས་སྐྲུན་དང་སྒྱུར་བཀོད་ཇེ་མགྱོགས་སུ་གཏོང་བ་དང་། དགོས་མཁོ་ཡོད་པའི་དབུལ་ཕོངས་དབང་བོ་སྐྱོན་ཅན་ཁྱིམ་ཚང་ལ་གེགས་མེད་སྒྱུར་བཀོད་བྱེད་པའི་ཐད་ནས་རོགས་རམ་འདོན་སྤྲོད་བྱེད་རྒྱུ།

ས་བཅད་བརྒྱད་པ།ལས་དོན་གཞན་དག་གོང་འཕེལ་དུ་གཏོང་བར་འཆར་འགོད་གཅིག་གྱུར་བྱེད་རྒྱུ།

བསྡོམས་རྩིས་སྣེ་ཁྲིད་ཀྱི་བྱེད་ནུས་གང་ལེགས་སྒོས་འདོན་སྤེལ་བྱེད་པ་དང་། བསྡོམས་རྩིས་ལམ་ལུགས་ལེགས་བཅོས་བྱེད་པ་སྐུལ་འདེད་བྱེད་ཅིང་། བསྡོམས་རྩིས་དཔྱད་འཇོག་མ་ལག་འཐུས་ཚང་དུ་གཏོང་བ་ཇེ་མགྱོགས་སུ་གཏོང་རྒྱུ། ས་གནས་རྩིས་བཤེར་ལས་ཁུངས་ཀྱི་མི་དང་རྒྱུ་ནོར་གཅིག་གྱུར་དོ་དམ་ལག་བསྟར་བྱེད་པར་ཞིབ་དཔྱད་བྱས་ཏེ། རྩིས་བཤེར་ལས་རིགས་ཅན་འཛུགས་སྐྲུན་བྱེད་པ་སྐུལ་འདེད་བྱེད་རྒྱུ། དམངས་སྲུང་ལས་དོན་གོང་འཕེལ་དུ་གཏོང་བར་སྐུལ་འདེད་བྱེད་པ་དང་། གཡུལ་བཤམས་སྐབས་འགོག་སྲུང་དམ་པོ་བྱེད་ཐུབ་པ་དང་། བྲེལ་དུས་ནུས་ལྡན་ཁ་གཏོད་བྱེད་ཐུབ་པ། དུས་རྒྱུན་དུ་དེང་རབས་ཅན་གྱི་དམངས་སྲུང་མ་ལག་མཁོ་སྤྲོད་བྱེད་ཐུབ་པ་བཅས་བྱེད་རྒྱུ། ཡིག་ཚགས་རྨང་གཞིའི་སྒྲིག་ཆས་དང་བརྡ་འཕྲིན་ཅན་འཛུགས་སྐྲུན་བཅས་ལ་ཤུགས་སྣོན་བྱེད་པ་དང་། ཡིག་ཚགས་ལས་དོན་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ། ས་མིང་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པ་དར་སྤེལ་དུ་གཏོང་རྒྱུ། འཆར་འགོད་གཅིག་གྱུར་བྱས་ཏེ་ས་གནས་ལོ་རྒྱུས་ལས་དོན་གོང་འཕེལ་དུ་གཏོང་བ་དང་། ཞིང་ཆེན་དང་གྲོང་ཁྱེརཁུལ རྫོང་བཅས་རིམ་པ་གསུམ་གྱི་ལོ་རྒྱུས་དེབ་ཐེར་བསྒྲིགས་པའི་བྱ་བ་ལེགས་སྒྲུབ་བྱེད་རྒྱུ། པུར་སྐྱེལ་པུར་འཇུག་གི་ཞབས་ཞུ་ལས་རིགས་ཀྱི་ལྟ་སྐུལ་བདག་གཉེར་ལ་ཤུགས་སྣོན་བྱེད་པ་དང་། ཞབས་ཞུའི་ཆུ་ཚད་ཇེ་མཐོར་བཏང་སྟེ་དམངས་ཕན་པུར་འཇུག་སྲིད་ཇུས་ཀྱིས་ཡོང་སྒོ་དམའ་བའི་མང་ཚོགས་ཁེབ་པར་བྱེད་པ་མངོན་འགྱུར་བྱེད་རྒྱུ།

ལེའུ་བཅུ་བ།རྨང་གཞིའི་སྒྲིག་ཆས་འགན་སྲུང་ཆུ་ཚད་ཇེ་མཐོར་གཏོང་རྒྱུ།

རྨང་གཞི་བཅའ་བ་དང་རྒྱང་རིང་ལ་ཕན་པ། གཞུག་ཤུགས་སྣོན་པ་བཅས་རྐང་འཛུགས་ས་བྱེད་པ་དང་། གལ་ཆེ་བའི་རྨང་གཞིའི་སྒྲིག་ཆས་དང་ཐོན་ཁུངས་ཐོན་རྫས་རྣམ་པ་འབོར་ཞིག་ལག་བསྟར་བྱེད་རྒྱུ། ཤུགས་སྤྱད་དེ་ལོ་རྒྱུས་ཀྱི་སྟེང་ནས་དོམ་ཆད་པ་མང་ཞིང་འདེགས་བསྐྱོར་གྱི་ནུས་ཤུགས་ཞན་པ། འགན་བཅོལ་ཆུ་ཚད་ཞན་པ་བཅས་ཀྱི་གནད་དོན་ཐག་གིས་གཅོད་དགོས། ཕྱོགས་ཡོངས་ཇེ་ལེགས་སུ་གཏོང་བ་དང་། བྱེད་ནུས་ཆ་ཚང་ཡིན་པ། ཤུགས་དང་ལྡན་པའི་རྒྱུན་མཐུད་རྒྱུ་རྐྱེན་འགན་སྲུང་མ་ལག་འཛུགས་པ་ཇེ་མགྱོགས་སུ་བཏང་སྟེ། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ཐད་ཀྱི་སྣ་འཛོམས་ཡར་འདེགས་ནུས་པ་ཇེ་ལེགས་སུ་གཏོང་བ་དོན་ཐོག་ལ་འབབ་པ་བྱེད་རྒྱུ།

  ས་བཅད་དང་པོ།ཕྱོགས་བསྡུས་ཅན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་པ།

ལྕགས་ལམ་དང་གཞུང་ལམ། དམངས་སྤྱོད་གནམ་གྲུ་བཅས་སྙོམས་སྒྲིག་གོང་འཕེལ་དུ་གཏོང་བ་འཆར་འགོད་གཅིག་གྱུར་བྱེད་པ་དང་། གོམ་གང་མདུན་སྤོས་སྒོས་རང་ཁུལ་ནང་གི་སྣ་འཛོམས་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་དྲ་རྒྱ་འཐུས་ཚང་དུ་སྟེ། ཞིང་ཆེན་ཕྱི་རོལ་དུ་འགྲོ་བའི་འགྲོ་ལམ་འཛུགས་སྐྲུན་བྱེད་པ་ཤུགས་སྣོན་བྱེད་ཅིང་། བགྲོད་ལམ་གེགས་མེད་ཀྱི་ཆུ་ཚད་དང་ཕར་ཟུག་གི་ཟུག་ཚད་ཇེ་མཐོར་བཏང་སྟེ། དཔལ་འབྱོར་གོང་འཕེལ་དང་དམངས་ཀྱི་འཚོ་རྟེན་ལེགས་བསྒྱུར། ལྗོངས་རྒྱུ་ལས་རིགས་གོང་འཕེལ་ཆེན་པོ་བྱུང་བ་དང་འཚམས་པའི་དེང་རབས་སྣ་འཛོམས་རང་བཞིན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་སྐུལ་འདེད་བྱེད་པ་ཞིག་འཛུགས་དགོས།

གཅིགལྕགས་ལམ་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་རྒྱུ།2020ལོར་ཞིང་ཆེན་ཡོངས་ཀྱི་ལྕགས་ལམ་འཁོར་སྐྱོད་ཚོང་གཉེར་བྱེད་ཚད་སྤྱི་ལེ3200ལ་བསླེབ་ཏུ་འཇུག་པ་དང་། ལོ་ལྔའི་འཆར་འགོད་བཅུ་གཉིས་པའི་མཇུག་ལ་བསྡུར་ན་སྤྱི་ལེ1100ཇེ་མང་དུ་བཏང་སྟེ། "1268"ཀྱི་ལྕགས་ལམ་འཛུགས་སྐྲུན་བཀོད་རྒྱ་བསྐྲུན་པ་དང་། མདོ་དབུས་ལྕགས་ལམ་གཞུང་ཐིག་བྱས་ཏེ་ཟི་ལིང་དང་གོར་མོ་གྲོང་ཁྱེར་གཉིས་ལྕགས་ལམ་གྱི་འདུས་མདོ་གཉིས་སུ་གྲུབ་པར་བྱས་ཏེ། མདོ་དབུས་དང་ལན་ཞིན། གོར་ཁུའུ། ཞི་ཁྲིན། ཞི་ཁྲང་སོགས་ལྕགས་ལམ་གྱི་གཞུང་ལམ་དྲུག་དང་། ཕྱོགས8ནས་ཞིང་ཆེན་ཕྱི་རུ་འགྲོ་བའི་རྒྱུ་ལམ་འཆར་འགོད་བྱེད་པ་དང་། མཐའ་འབྲེལ་ཞིང་ཆེན་དང་མྱུར་དུ་འབྲེལ་མཐུད་བྱེད་ཐུབ་ཅིང་དར་གོས་ཚོང་ལམ་གྱི་དཔལ་འབྱོར་ཁུལ་རྒྱུད་འབྲེལ་མཚམས་ཀྱི་རྒྱལ་ཁབ་རིམ་པའི་ལྕགས་ལམ་གཞུང་ཐིག་དྲ་རྒྱ་འཛུགས་དགོས། གོར་ཏུན་དང་གོར་ཁུའུ་ལྕགས་ལམ་བསྐྲུན་པ་དང་། མདོ་དབུས་ལྕགས་ལམ་ཀེར་ལའི་བར་མཚམས་ནུས་སྤེལ་རྒྱས་སྐྲུན་བྱེད་པ། ཞི་ཁྲིན་ལྕགས་ལམ་བསྐྲུན་མགོ་བརྩམ་པ། གོར་ཁྲིན་ལྕགས་ལམ་དང་ཞི་ཁྲང་ལྕགས་ལམ་རྒྱལ་ཁབ་ལྕགས་ལམ་གྱི"བཅུ་གསུམ་ལྔ"ཡི་འཛུགས་སྐྲུན་འཆར་གཞི་རུ་འགོད་པ་བརྩོན་ལེན་བྱས་ཏེ། འཛུགས་སྐྲུན་ལས་མགོ་རྩོམ་པར་འབད་པ་བྱེད་རྒྱུ། ཤུགས་གང་མགྱོགས་སྒོས་ས་གནས་ཀྱི་ལྕགས་ལམ་གོང་འཕེལ་དུ་གཏོང་བ་དང་། ཧུང་ལིག་ནས་ཡི་ལི་ཕེན་དང་ཐར་ཏིང་ནས་ལལའོ་མང་ཡའི་བར་གྱི་ལྕགས་ལམབསྐྲུན་ཅིང་་། ཡི་ལི་ཕེན་ནས་ལའོ་མང་ཡ་སོགས་ཀྱི་ལྕགས་ལམ་སྔོན་འགྲོའི་ཞིབ་འཇུག་གི་བྱ་བ་མགོ་བརྩམས་ཏེ་ཕན་ནུས་ཡོད་པའི་སྒོ་ནས་ས་ཁུལ་ཐོན་ཁུངས་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། ཤུགས་གང་ཡོད་ཀྱིས་ལྕགས་ལམ་གྱིས་ལྗོངས་རྒྱུ་ལས་རིགས་སྣེ་ཁྲིད་བྱེད་པའི་བྱེད་ནུས་འདོན་སྤེལ་བྱས་ཤིང་། ལྗོངས་རྒྱུ་ཆེད་སྤེལ་མེ་འཁོར་བཏང་སྟེ་ལྕགས་ལམ་མཐའ་རྒྱུད་མཁར་གྲོང་དང་ལྗོངས་རྒྱུ་ཐོན་ལས་གོང་འཕེལ་དུ་གཏོང་བ་དང་ཟུང་འབྲེལ་དོམ་པོ་བྱེད་པ་སྐུལ་འདེད་བྱེད་རྒྱུ།

གཉིས།གཞུང་ལམ་དྲ་རྒྱ་འཐུས་ཚང་དུ་གཏོང་རྒྱུ།2020ལོར་བསླེབ་ཚེ་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་དུ་རླངས་འཁོར་བགྲོད་པའི་སྤྱིའི་ཐག་ནི་སྤྱི་ལེ་ཁྲི8.5བརྒལ་བར་བྱེད་པ་སྟེ། དེ་རུ་མྱུར་བགྲོད་གཞུང་ལམ5000འདུས་པ་ཡིན། ཕལ་ཆེར་རྒྱལ་ཁབ་རིམ་པའི་མྱུར་མགྱོགས་གཞུང་ལམ་དྲ་བ་ཞིང་ཆེན་ནང་གི་ལམ་མཚམས་བསྐྲུན་པ་དང་། ཀན་སུའུ་ཞིང་ཆེན་གྱི་ཕྱོགས་སུ་གཞུང་ལམ6དང་སི་ཁྲོན་དང་བོད་ལྗོངས། ཞིན་ཅང་བཅས་ཀྱི་ཕྱོགས་སུ་ཞིང་ཆེན་རིམ་པའི་མྱུར་མགྱོགས་གཞུང་ལམ་རེ་བསྐྲུན་ཅིང་། ཕྱོགས་ཡོངས་ནས་ཟི་ལིང་ནས་གྲོང་ཁྱེར་དང་ཁུལ་སོ་སོ། གྲོང་ཁྱེར་དང་ཁུལ་སོ་སོའི་བར་དང་རྫོང་གལ་ཆེན་གྱི་བར་དུ་མྱུར་མགྱོགས་གཞུང་ལམ་གྱིས་ཡོངས་སུ་ཁེབ་པར་བྱས་ནས། ཤར་ཕྱོགས་གྲོང་ཁྱེར་གྱི་མྱུར་མགྱོགས་གཞུང་ལམ་གྱིས་ཕལ་ཆེར་དྲ་རྒྱ་རུ་འགྱུར་བར་བྱེད་རྒྱུ། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་སྤུས་འཕར་ལེགས་བསྒྱུར་བྱེད་པའི་ཇེ་ཆེར་གཏོང་བ་དང་། རྨ་ཆུའི་འགྲམ་གྱི་གཞུང་ལམ་དང་ལྗོངས་རྒྱུ་གཞུང་ལམ་གལ་གནད་དུ་བཟུང་སྟེ་འཛུགས་སྐྲུན་བྱེད་ཅིང་། རྫོང་རིམ་པར་བསླེབས་པའི་གཞུང་ལམ་གྱི་སྤུས་ཚད་ཇེ་མཐོར་བཏང་སྟེ་རྫོང་མཁར་ཡོངས་སུ་རིམ་པ་གཉིས་པའི་ཡན་གྱི་གཞུང་ལམ་བསླེབ་པར་བྱེད་རྒྱུ། གཞུང་ལམ་དང་ལྕགས་ལམ་དམངས་སྤྱོད་གནམ་གྲུ་ཐང་། ལྗོངས་རྒྱུ་ལྟད་མོ་བལྟ་ས་བར་དུ་ནུས་ལྡན་འབྲེལ་མཐུད་བྱེད་པ་མངོན་འགྱུར་བྱེད་རྒྱུ། ཞིང་སྡེའི་གཞུང་ལམ་སྤུས་འཕར་ལེགས་བཅོས་བྱས་ཏེ་ཤར་མར་འགྲོ་ཐུབ་པ་དང་གེགས་གནོད་འགོག་པའི་ནུས་པ་ཇེ་མཐོར་གཏོང་བ་མངོན་འགྱུར་བྱེད་རྒྱུ། ཞང་དང་གྲོང་རྡལ། སྲིད་འཛིན་སྡེ་བ་ཡོངས་ཀྱི་བར་དུ་ཤར་མར་འགྲོ་ཐུབ་པ་མངོན་འགྱུར་བྱེད་རྒྱུ། མཚོ་སྔོན་དང་ཀན་སུའུ་སི་ཁྲོན་སོགས་ཞིང་ཆེན་གསུམ་གྱི་བར་མཚམས་ས་ཁུལ་དང་། ཆབས་ཅིག་ཏུ་གནས་པའི་ཁྱད་པར་བའི་དབུལ་ཕོངས་ས་ཁུལ། མཐའ་འཁོབ་ཀྱི་བོད་ཁུལ་ཞིང་སྡེའམ་རྒྱལ་གཉེར་ཞིང་ནགས་ར་བའི་གཞུང་ལམ་འཛུགས་སྐྲུན་བྱེད་པ་ཤུགས་སྣོན་བྱེད་རྒྱུ།

གསུམ།དམངས་སྤྱོད་མཁའ་འགྲུལ་མགྱོགས་མྱུར་ངང་གོང་འཕེལ་དུ་གཏོང་བར་སྐུལ་འདེད་བྱེད་རྒྱུ།2020ལོར་བསླེབས་ཚེ། ཕྱོགས་ཡོངས་ནས"གཙོ་གཅིག་ཞོར་བརྒྱད"ཀྱི་དམངས་སྤྱོད་གནམ་གྲུ་ཐང་འཁོར་རྒྱུག་ཚོང་གཉེར་གྱི་རྣམ་པ་གྲུབ་པར་བྱེད་རྒྱུ། ཟི་ལིང་གནམ་གྲུ་ཐང་གི་སྐབས་གསུམ་པ་གོར་མོ་གནམ་གྲུ་ཐང་གི་རྒྱས་སྐྲུན་ལས་གྲྭ་ལག་བསྟར་བྱེད་པ་དང་། མགོ་ལོག་དང་ཆི་ལེན། མཚོ་སྔོན་པོ། གཅིག་སྒྲིལ། རྨ་ལྷོ་བཅས་ཀྱི་གནམ་གྲུ་ཐང་ལེགས་འགྲུབ་ཡོང་བར་བྱེད་རྒྱུ། ལྗོངས་རྒྱུ་ལས་རིགས་གོང་འཕེལ་དུ་འགྲོ་བ་དང་མྱུར་སྐྱོབ་རོགས་སྐྱོར་གྱི་དགོས་མཁོ་དང་བསྟུན་ཆེད། སྤྱི་སྤྱོད་གནམ་གྲུ་ཐང་འབོར་ཞིག་འཆར་འགོད་བཀོད་སྒྲིག་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་གལ་གནད་ས་ཁུལ་དང་གལ་ཆེ་བའི་ལྗོངས་རྒྱུ་ས་ཁུལ་བར་གྱི་མཁའ་སྐྱོད་ཞབས་ཞུ་ཡོངས་སུ་ཁེབ་པ་མངོན་འགྱུར་བྱེད་པ་བརྩོན་ལེན་བྱེད་རྒྱུ། ཟི་ལིང་གནམ་གྲུ་ཐང་གི་མཁའ་ལམ་དྲ་རྒྱའི་སྒྲིག་གཞི་ཇེ་ལེགས་སུ་བཏང་སྟེ་རྒྱལ་སྤྱིའི་མཁའ་ལམ་གསར་བ་དོད་པ་དང་། ལྟེ་བའི་འགྲིམ་འགྲུལ་བྱེད་ནུས་ཤུགས་སྣོན་བྱེད་ཅིང་། ཞིང་ཆེན་ནང་ཁུལ་གྱི་ཡན་ལག་མཁའ་ལམ་གོང་འཕེལ་དུ་གཏོང་བར་སྣེ་ཁྲིད་བྱས་ཏེ། ཟི་ལིང་གནམ་གྲུ་ཐང་མདོ་དབུས་མཐོ་སྒང་ས་ཁུལ་གྱི་ལྟེ་བའི་གནམ་གྲུ་ཐང་དུ་བསྒྱུར་དགོས། 

བཞི།ནང་ཁུལ་ཆུ་བོའི་ཆུ་ཐོག་སྐྱེལ་འདྲེན་དང་སྦུག་ལམ་སྐྱེལ་འདྲེན་གོང་དུ་སྤེལ་རྒྱུ།མུ་མཐུད་དུ་ཆུ་ཐོག་སྐྱེལ་འདྲེན་འདོན་སྤེལ་དང་འཐུས་ཚང་དུ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཆུ་ཁོངས་གཙོ་བོ་ཕལ་ཆེར་སྐྱེལ་འདྲེན་དང་ལྗོངས་རྒྱུ་ཕྱོགས་བསྡུས་སྒོས་འདོན་སྤེལ་བྱེད་པའི་ཆ་རྐྱེན་ལྡན་པ་མངོན་འགྱུར་བྱེད་རྒྱུ། མུ་མཐུད་དུ་མཚོ་སྔོན་པོའི་ལྗོངས་རྒྱུ་ཆུ་ཐོག་སྐྱེལ་འདྲེན་སྒྲིག་ཆས་འཐུས་ཚང་དུ་གཏོང་བ་དང་། རྨ་ཆུའི་ཆུ་ཁོངས་ཀྱི་ཆུ་ལམ་ལས་གྲྭ་དང་མགྲོན་སྐྱེལ་གྲུ་ཁ་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་བཏང་ཞིང་། སི་ཀུ་འགག་ནས་ཤ་བོ་འགག་དང་ལུང་ཡངས་འགག་ནས་ལ་སེ་བ་འགག་བར་གྱི་ལ་གཞི་འཛུགས་སྐྲུན་བྱེད་མགོ་བརྩམས་ཏེ། ཁི་ལུའུ་ཁི་མཚེའུ་ལྗོངས་རྒྱུ་ཆུ་ཐོག་སྐྱེལ་འདྲེན་དང་ཁམས་རའི་ཧན་ཆུང་གནམ་རྫོང་ངམ་ཁམས་ཆུང་གྲུ་ཁའི་ལས་གྲྭ་ལག་བསྟར་བྱེད་རྒྱུ། རྡོ་སྣུམ་སྲོལ་རླངས་དང་བཟོ་ལས་དངོས་རྫས་སྐྱེལ་འདྲེན་བྱེད་ཐུབ་པའི་སྦུག་ལམ་སྐྱེལ་འདྲེན་ལས་རིགས་གོང་འཕེལ་དུ་གཏོང་བར་སྐུལ་འདེབས་བྱེད་རྒྱུ།

ལྔ།ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་བ་ཆེན་པོ་ཞིག་འཛུགས་སྐྲུན་བྱེད་རྒྱུ།ཟི་ལིང་དང་ན་གོར་མོ་གཉིས་སུ་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་གཉིས་བཙུགས་ཏེ་གྲུབ་པར་བྱེད་རྒྱུ། ཞི་ཁྲིན་ལྕགས་ལམ་དང་ཟི་ལིང་མཁར་གྱི་ལྕགས་ལམ་ལས་གཞི་ལ་བརྟེན་ནས་ཟི་ལིང་གི་རྒྱལ་ཁབ་རིམ་པའི་འཁོར་རྒྱུག་ཚིགས་མཚམས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པ་ལག་བསྟར་བྱེད་ཅིང་། ལྕགས་ལམ་དང་གཞུང་ལམ། དམངས་སྤྱོད་མཁའ་འགྲུལ། སྤྱི་སྤྱོད་འགྲིམ་འགྲུལ་རླངས་འཁོར། གྲོང་ཁྱེར་ལྕགས་ལམ་སོགས་ཕུང་བོ་གཅིག་ཏུ་གྲུབ་པའི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་འཐུས་ཚང་དུ་བཏང་སྟེ། འགྲིམ་འགྲུལ་མཐུད་འབྲེལ་ཆུ་ཚད་དང་བརྗེ་སྤོར་ནུས་ཆོད་ཇེ་མཐོར་བཏང་ནས། ཟི་ལིང་ནི་དར་གོས་འགྲིམ་ལམ་དཔལ་འབྱོར་ཁུལ་རྒྱུད་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་སུ་བསྒྱུར་དགོས། གོར་ཁུའུ་ལྕགས་ལམ་དང་མཚོ་ནུབ་ས་ཁོངས་འཁོར་རྒྱུག་ཚིགས་མཚམས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པ་ལ་བརྟེན་ནས་གོར་མོ་འགྲིམ་འགྲུལ་ལྟེ་བའི་ལས་གྲྭ་འཛུགས་སྐྲུན་བྱས་ཏེ། གོར་མོ་ནི་རང་རྒྱལ་ནུབ་རྒྱུད་ས་ཁུལ་གྱི་གལ་འགངས་ཆེ་བའི་ས་ཁོངས་འགྲིམ་འགྲུལ་གྱི་ལྟེ་བར་བསྒྱུར་དགོས།

ཆེད་བསྒྲིགས་ལེ་ཚན18པ།ཕྱོགས་བསྡུས་འགྲིམ་འགྲུལ་སྒྲིག་ཆས་ཀྱི་གལ་ཆེན་ལས་གྲྭ། ལྕགས་ལམ།མུ་བསྐྲུན། གོར་མོ་ནས་ཏུན་ཧོང་བར་གྱི་ལྕགས་ལམ་དང་གོར་མོ་ནས་ཁུའུ་ཨར་ལི་བར་གྱི་ལྕགས་ལམ། མདོ་དབུས་ལྕགས་ལམ་ཀེར་ལ་བར་གྱི་ནུས་བསྐྱེད་བསྒྱུར་བཅོས།གསར་བསྐྲུན། ཟི་ལིང་ནས་ཁྲིན་ཏུའུ་གྲོང་ཁྱེར་བར་གྱི་ལྕགས་ལམ།ལས་མགོ་རྩོམ་པ། གོར་མོ་ནས་ཁྲིན་ཏུའུ་གྲོང་ཁྱེར་བར་གྱི་ལྕགས་ལམ་དང་། ཟི་ལིང་ནས་ཡུལ་ཤུལ་བར་དང་ཡུལ་ཤུལ་ནས་ཆབ་མདོ་བར་གྱི་ལྕགས་ལམ།ས་གནས་ལྕགས་ལམ།ཡུ་ཁ་ནས་ཡུ་ལི་ཕེན་བར་དང་ཐར་ཏིང་ནས་ཁི་ཏི་ཁི་ཁུ་བར་གྱི་ལྕགས་ལམ་བསྐྲུན་པ་དང་། ཡུ་ལི་ཕེན་ནས་ལཟོ་མང་ཡ་བར་གྱི་ལྕགས་ལམ་གྱི་སྔོན་འགྲོའི་བྱ་བ་སྤེལ་བ།གཞུང་ལམ།མུ་བསྐྲུན། དྲ་མ་ལུང་ནས་རིག་སྨོན་གཞུང་དང་། མཛོ་རྒན་རྭ་བར་ནས་གཅིག་སྒྲིལ་བར་གྱི་མྱུར་མགྱོགས་གཞུང་ལམ། ཏ་ཐུང་ནས་ཞའོ་ཧྲ་ཧིམཚོ་སྔོན་ཞིང་ཆེན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་ས་མཚམསབར་གྱི་གཞུང་ལམ།གསར་བསྐྲུན། སྤེན་མདོ་ཁམཚོ་སྔོན་ཞིང་ཆེན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་ས་མཚམསནས་མུན་ཡོནཁི་ཐོགམྱུར་མགྱོགས་གཞུང་ལམ། གཅན་ཚ་ནས་གུང་ཧོ་བར་གྱི་རིམ་གྲས་དང་པོའི་གཞུང་ལམ། ནུབ་མཚོ་ནས་རྒྱ་ལྡོག་བར་གྱི་རིམ་གྲས་དང་པོའི་གཞུང་ལམ་སོགས། ནུབ་མཚོ་ནས་ཚར་ཧན་ནོའི་བར་དང་། ཐུན་རིན་ནས་གསེར་ལུང་བར་གྱི་མྱུར་མགྱོགས་གཞུང་ལམ་ལས་མགོ་རྩོམ་པ་བརྩོན་ལེན་བྱེད་པ།གནམ་གྲུ་ཐང་།མུ་བསྐྲུན། མགོ་ལོག་གནམ་གྲུ་ཐང་དང་ཆོས་ལེན་གནམ་གྲུ་ཐང། གོར་མོ་གནམ་གྲུ་ཐང་བསྒྱུར་སྐྲུན་དང་རྒྱས་སྐྲུན་བྱེད་པ།གསར་སྐྲུན། ཟི་ལིང་གནམ་གྲུ་ཐང་གི་སྐབས་གསུམ་པ། མཚོ་སྔོན་པའི་གནམ་གྲུ་ཐང་། གཅིག་སྒྲིལ་གནམ་གྲུ་ཐང་། རྨ་ལྷོ་གནམ་གྲུ་ཐང་། ཁྲི་ཀ་དང་རྨ་སྟོད་བཅས་ཀྱི་ཀུན་སྤྱོད་གནམ་གྲུ་ཐང་།

  ལྟེ་གནས།ཟི་ལིང་དང་གོར་མོའི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས།ནང་འབབ་ཆུ་ཐོག་སྐྱེལ་འདྲེན།རྨ་ཆུའི་སི་ཀུ་འགག་གི་ཆུ་ཐོག་སྐྱེལ་འདྲེན་ལས་གྲྭ་དང་ལུང་ཡངས་འགག་ནས་ལ་སེ་བ་ཆུ་འགག་བར་གྱི་ཆུ་ཐོག་སྐྱེལ་འདྲེན་ལས་གྲྭ། ཁི་ལུའུ་ཁི་མཚེའུ་ལྗོངས་རྒྱུ་ཆུ་ཐོག་སྐྱེལ་འདྲེན་ལས་གྲྭ། ཁམས་རའི་གནམ་རྫོང་དང་ཁམས་ཆུང་གྲུ་ཁའི་ལས་གྲྭ། མཚོ་སྔོན་པོའི་ལྗོངས་རྒྱུ་ཆུ་ཐོག་སྐྱེལ་འདྲེན་སྐབས་གསུམ་པ།

  ས་བཅད་གཉིས་པ།ཐོན་ཁུངས་དང་ནུས་ཁུངས་འགན་སྲུང་བྱེད་ནུས་ཇེ་མཐོར་གཏོང་རྒྱུ།

གཏེར་ཐོན་ཐོན་ཁུངས་རྩད་ཞིབ་དང་སྲུང་སྐྱོབ། ལུགས་མཐུན་སྒོས་འདོན་སྤེལ་བྱེད་པར་ཤུགས་སྣོན་བྱེད་ཅིང་། བདེ་འཇགས་དང་གཙང་མ། ནུས་ཆོད་མཐོན་པོ། མུ་མཐུད་ཐུབ་པའི་དེང་རབས་ནུས་ཁུངས་མ་ལག་ཅིག་སྒྲིག་འཛུགས་བྱས་ཏེ། ཤུགས་དང་ལྡན་པའི་སྒོ་ནས་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དུ་གཏོང་བར་འདེགས་སྐྱོར་བྱེད་རྒྱུ། 2020ལོར་བསླེབས་ཚེ། གློག་ཤུགས་སྒྲིག་སྦྱོར་བྱས་པ་སྟོང་ཝ་ཁྲི4200ལས་བརྒལ་བར་བྱས་ཤིང་། དེ་རུ་ཆུ་གློག་སྟོང་ཝ་ཁྲི1500དང་ནུས་ཁུངས་གསར་བ་སྟོང་ཝ2000ལས་བརྒལ་བ། མེ་གློག་སྟོང་ཝ་ཁྲི་710བཅས་འདུ་བ་ཡིན། བསྐྱར་ཐོན་བྱེད་ཐུབ་པའི་ནུས་ཁོངས་སྒྲིག་སྦྱོར་བྱས་ཚད80ཡན་ལ་འབུད་དུ་འཇུག་པར་བྱས་ཏེ། རྡོ་སྲོལ་ཐོན་ནུས་ཏུན་ཁྲི་ཚོ2300ལ་བསླེབ་པར་བྱེད་པ་དང་། གདོད་སྣུམ་དང་རང་བྱུང་སྲོལ་རླངས་བཅས་ཀྱི་ཐོན་ནུས་སོ་སོར་ཏུན་ཁྲི་ཚོ270དང་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར100ལ་བསླེབ་པར་བྱེད་རྒྱུ།

གཅིགགཏེར་ཐོན་ཐོན་ཁུངས་རྩད་ཞིབ་བྱེད་པ་ཇེ་མགྱོགས་ལ་གཏོང་རྒྱུ།གཏེར་ཐོན་ཐོན་ཁུངས་འགན་སྲུང་འདེགས་སྐྱོར་བྱེད་ནུས་ཇེ་མཐོར་བཏང་སྟེ། རྒྱལ་ཁབ་ཀྱི་གལ་ཆེ་བའི་ཐོན་ཁུངས་འབྲེལ་མཐུད་བྱེད་ས་འཛུགས་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལེགས་པོ་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ་རྩད་ཞིབ་ལག་རྩལ་གསར་བ་དང་ཐབས་ལམ་གསར་བཅས་བེད་སྤྱོད་གང་ལེགས་བྱེད་པ་དང་། ཤར་གྱི་ཁུ་ནུ་རི་བོ་དང་ཚྭ་འདམ་གཞོང་གི་བྱང་མཐའ། ཚྭ་འདམ་གཞོང་སོགས་གཏེར་གྱུར་ཁུལ་རྒྱུད་གལ་ཆེན་དག་གཙོ་གནད་དུ་བཟུང་སྟེ་རྩད་ཞིབ་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། ཁུ་ནུ་བྱང་ཕྱོགས་དང་དབྱིན་ཏུང་། ཛ་ཧ་ཆུ་མགོ། ཉིག་ཏུང་ས་ཁུལ་སོགས་ཀྱི་སྣུམ་རླངས་རྩད་ཞིབ་འདོན་སྤེལ་བྱེད་པ་ཤུགས་སྣོན་བྱེད་ཅིང་། ཡུ་ཁ་དང་ཐོན་ཡུ་ཧྲན་ས་ཁུལ་སོགས་ཀྱི་རྡོ་སྲོལ་ཐོན་ཁུངས་རྩད་ཞིབ་འདོན་སྤེལ་བྱེད་པ་ལེགས་བསྒྱུར་བྱེད་རྒྱུ། གཡའ་བྲག་སྣུམ་རླངས་དང་སྦར་ཐུབ་འཁྱགས་རོམ་རྩད་གཅོད་དཔྱད་འཇོག་དང་རྩད་ཞིབ་བྱེད་པར་ཤུགས་སྣོན་བྱེད་པ་དང་། གལ་ཆེ་བའི་གཏེར་སྣ་གཏེར་ཐོན་ས་ཁུལ་འབོར་ཞིག་གསར་རྙེད་བྱེད་པ་དང་ཐོན་ཁུངས་ཀྱི་གསོག་ཚད་ག་འདྲ་ཡིན་པ་གསལ་བོར་ཤེས་པ་བརྩོན་ལེན་བྱས་ཏེ། གཏེར་རྫས་ཐོན་ཁུངས་ཀྱི་མཁོ་སྤྲོད་རང་བཞིན་མངོན་གསལ་སྒོས་ཇེ་མཐོར་གཏོང་རྒྱུ། གསེར་དང་ནིག ཟངས་མ། ཞ་ཉེ། ཏི་ཚ། ལྕགས་སོགས་གལ་ཆེ་བའི་ལྕགས་རིགས་གཏེར་ཁ་འདོན་སྤེལ་བེད་སྤྱོད་བྱེད་པ་ལེགས་བསྒྱུར་བྱེད་པ་དང་། ཅྭ་མེ་ལིས་སོགས་ཞོར་ཐོན་གཏེར་སྣ་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཆུ་ཚད་ཇེ་མཐོར་བཏང་ཞིང་། ལྗང་མདོག་གཏེར་རི་གོང་འཕེལ་མིག་དཔེ་ས་ཁུལ་ བཙུགས་ཏེ་མུ་མཐུད་དུ"ཐོན་ཁུངས་སྐྱེད་ཀ"ལོན་པར་འབད་དགོས།

གཉིས།ནུས་ཁུངས་འགན་སྲུང་ཆུ་ཚད་ཇེ་མཐོར་གཏོང་རྒྱུ།གལ་ཆེ་བའི་ཆུ་གློག་ས་ཚིགས་དང་ནུས་ཁུངས་གསར་བའི་ལས་གཞི་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་བ་དང་། རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་ཆུ་དང་འོད། རླུང་སོགས་ཕན་ཚུན་ཁ་གསབ་བྱེད་པའི་དྭངས་གཙང་ནུས་ཁུངས་ཀྱི་གནས་གཞི་རུ་བསྒྱུར་ཏེ་རྒྱལ་ཁབ་ཀྱི་གལ་འགངས་ཆེ་བའི་ནུས་ཁུངས་མུ་འབྲེལ་བྱེད་ས་འཛུགས་དགོས། གཡས་ཆུ་དང་དམར་གདོང་སོགས་ཀྱི་ཆུ་གློག་ས་ཚིགས་བཙུགས་ཏེ། མཚོ་ལྷོའི་རྨ་ཆུའི་འགྲམ་རྒྱུད་དུ་ཝ་རིམ་སྟོང་ཅན་དང་ཝ་རིམ་ཁྲི་སྟོང་ཅན་གྱི་ཆུ་དང་འོད། རླུང་སོགས་ཕན་ཚུན་ཁ་གསབ་གློག་འདོན་དང་། མཚོ་ནུབ་ཀྱི་ཝ་རིམ་སྟོང་ཅན་དང་ཝ་རིམ་ཁྲི་སྟོང་ཅན་གྱི་འོད་སྦས་དང་འོད་དྲོད་གློག་འདོན་གནས་གཞི་འཇུགས་སྐྲུན་བྱས་ཏེ། ལུགས་མཐུན་སྒོས་ཆུ་འཐེན་ནུས་གསོག་གློག་འདོན་ས་ཚིགས་དང་དྲོད་གློག་མཉམ་སྤེལ་ལས་བཀོད་སྒྲིག་བྱེད་རྒྱུ། རིག་ནུས་ལྡན་པའི་གློག་དྲ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བྱེད་པ་དང་། ཐོན་ནུས་གསར་བ་ཆེན་པོ་དྲ་སྦྲེལ་བྱེད་པའི་ལས་གྲྭ་ལག་བསྟར་བྱེད་ཅིང་། རང་ཞིང་ནས་ཧྭ་ཀྲུང་དང་ཧྭ་ཏུང་སོགས་སུ་ཆེས་མཐོ་གནོན་གློག་དྲའི་འཆར་འགོད་དང་འཛུགས་སྐྲུན་བྱེད་པ་སྐུལ་འདེད་བྱས་ཏེ། "གཅིག་འཕྲེད་གཉིས་སྲིད"ཀྱི་ཆེས་མཐོ་བའི་མཐོ་གནོན་སྤེལ་རྒྱུག་གི་དྲ་སྟེགས་སྒྲིག་འཛུགས་བྱེད་པ་ཇེ་མགྱོགས་སུ་བཏང་ནས། ནུས་ཁུངས་གསར་བའི་གློག་ཤུགས་ཤོག་སྒྲིལ་བབྱས་ཏེ་ཕྱིར་བསྐྱལ་བ་མངོན་འགྱུར་བྱེད་རྒྱུ། ཞིང་ལས་ཀྱི་དྲ་བ་རིམ་འཕར་བཅོས་བསྒྱུར་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། རྒྱལ་ཁབ་གློག་དྲ་རྫོང་དང་གྲོང་སྡེ་རིམ་པ་ཡོངས་སུ་ཁེབ་པར་བྱེད་པ་མངོན་འགྱུར་བྱས་ཏེ། གློག་མཁོ་སྤྲོད་བྱེད་པའི་བློ་རྟོན་རང་བཞིན་དང་སྲ་བརྟན་རང་བཞིན་ཇེ་མཐོར་གཏོང་རྒྱུ། ཧུར་རག་གིས་གློག་ཤུགས་སྒྲིག་གཞི་བཅོས་བསྒྱུར་བྱེད་པ་སྐུལ་འདེད་བྱས་ཏེ། གློག་རིན་དམའ་བ་འགྲན་རྩོད་ལེགས་ཆ་རྒྱུན་འཁྱོངས་བྱེད་པར་འབད་པ་བྱེད་རྒྱུ། ནུས་ཁུངས་གསོག་འཇོག་སྒྲིག་ཆས་འཛུགས་སྐྲུན་བྱེད་པ་ཤུགས་སྣོན་བྱེད་པ་དང་། ཀྲུང་ཧ་རྡོ་སྣུམ་སྦུག་ལམ་ལས་གྲྭ་གོར་མོ་རུ་གཏོང་བ་སྐུལ་འདེད་བྱས་ཤིང་།གོར་མོ་འཐབ་ཇུས་གྲུབ་སྣུམ་གསོག་འཇོག་གནས་གཞི་འཛུགས་སྐྲུན་བྱེད་པར་ཞིབ་འཇུག་བྱས་ཏེ། གྲོང་ཁྱེར་རྩེ་སྙོམས་རླངས་གསོག་སྒྲིག་ཆས་འཐུས་ཚང་དུ་བཏང་ནས་ནུས་ཁུངས་གལ་ཆེན་འགན་སྲུང་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ།

ཆེད་བསྒྲིགས་ལེ་ཚན19བ།ནུས་ཁུངས་ཐོན་ཁུངས་འཛུགས་སྐྲུན་བྱེད་པའི་ལས་གྲྭ་གལ་ཆེན།

ཆུ་གློག མུ་སྐྲུན། དམར་གདོང་ཆུ་གློག་ས་ཚིགས། སྟོང་ཝ་ཁྲི220སྒྲིག་སྦྱོར་བྱེད་པ།གཡས་འཁྱིལ་ཆུ་གློག་ས་ཚིགས། སྟོང་ཝ་ཁྲི120སྒྲིག་སྦྱོར་བྱེད་པ།ཚི་ཧ་འགག་ཆུ་གློག་ས་ཚིགས། སྟོང་ཝ་ཁྲི260སྒྲིག་སྦྱོར་བྱེད་པ།གསར་སྐྲུན། ཨར་རྡོ་ཆུ་གློག་ས་ཚིགས། སྟོང་ཝ་ཁྲི96སྒྲིག་སྦྱོར་བྱེད་པ།ཀྲུང་ཁྲོན་ཆུ་གློག་ས་ཚིགས། སྟོང་ཝ་ཁྲི10སྒྲིག་སྦྱོར་བྱེད་པ།གོར་མོ་ལྷོ་རིའི་ཉག་ཁའི་ཆུ་འཐེན་ནུས་གསོག་གློག་འདོན་ས་ཚིགས། སྟོང་ཝ་ཁྲི180སྒྲིག་སྦྱོར་བྱེད་པ།ཝ་རིང་ཆུ་འཐེན་ནུས་གསོག་གློག་འདོན་ས་ཚིགས། སྟོང་ཝ་ཁྲི120སྒྲིག་སྦྱོར་བྱེད་པ།མེ་གློགམུ་སྐྲུན། ཧྲིན་ཧྭ་གོར་མོ་མེ་གློག་བཟོ་གྲྭ། སྟོང་ཝ་ཁྲི132སྒྲིག་སྦྱོར་བྱེད་པ།ཝན་ཞང་ལེའུ་མེ་དྲོད་གློག་མཉམ་འབྲེལ་ཐོན་ལས། སྟོང་ལ་ཁྲི70སྒྲིག་སྦྱོར་བྱེད་པ།ཟམ་ཁའི་ཧ་ཡང་གློག"ཆེན་པོས་ཆུང་ནོན"མེ་གློག་ལས་གྲྭ། སྟོང་ཝ་ཁྲི198སྒྲིག་སྦྱོར་བྱེད་པ།གསར་སྐྲུན། མེན་ཧོ་དྲོད་གློག་མཉམ་ལས། སྟོང་ཝ་ཁྲི70སྒྲིག་སྦྱོར་བྱེད་པ།ནུས་ཁུངས་གསར་བ། རླུང་ཤུགས་གློག་འདོན། སྔ་ཕྱི་སྡེབ་རྩིས་བྱས་ན་སྟོང་ཝ་ཁྲི300ཡན་ཤོང་བ།འོད་སྦས་གློག་འདོན། སྔ་ཕྱི་སྡེབ་རྩིས་བྱས་ན་སྟོང་ཝ་ཁྲི1500ཡན་ཤོང་བ།དྲོད་འོད་གློག་འདོན། སྔ་ཕྱི་སྡེབ་རྩིས་བྱས་ན་སྟོང་ཝ་ཁྲི200ཡན་ཤོང་བ།གློག་དྲ།རོ་ཆང གོར་མོ ཐ་ལ ཐེན་ཧྲོས་བར་གྱི་ཧྥི་ཐི་ཁྲི1000གི་མཐོ་གནོན་སྤེལ་རྒྱུག་ལས་གྲྭ་བརྩོན་ལེན་འཛུགས་སྐྲུན་བྱེད་པ།ཐ་ལ མགོ་ལོག རྔ་པ་བར་དང་། གོར་མོ ཡུལ་ཧྲུའུ ཆབ་མདོ་བར་གྱི་ཧྥི་ཐི་ཁྲི1000ཡི་མཐོ་གནོན་སྤེལ་རྒྱུག་ལས་གྲྭ་བརྩོན་ལེན་འཛུགས་སྐྲུན་བྱེད་པ།གཏེར་ལེན་ཁ་ནས་ཟི་ལིང་བྱང་རྒྱུད་བར་གྱི་ཧྥི་ཐི་ཁྲི750ཡི་གློག་སྐྱེལ་གློག་སྒྱུར་དང་། ཚྭ་འདམ་ནས་ཉི་ཟླ་ཉག་ག་རྒྱུ་ལམ་དུ་བར་གསབ་སྒྲིག་སྦྱོར་བྱེད་པ། དམར་གདོང་ཆུ་གློག་ས་ཚིགས་ཀྱི་གློག་སྐྱེལ་སྟོང་ཧྥི750བྱེད་པ། མཚོ་ནུབ་ནས་ཐ་ལ་བར་གྱི་གློག་སྐྱེལ་གློག་སྒྱུར། མཚོ་ལྷོའི་སྟོང་ཧྥི750ཅན་གྱི་གློག་སྐྱེལ་གློག་སྒྱུར།ཞིང་ཆེན་ཡོངས་ཀྱི་ཞིང་ལས་དྲ་བ་བསྒྱུར་བཅོས་བྱེད་པ་ལག་ཏུ་བསྟར་བ།ཐོན་ཁུངས་རྩད་ཞིབ་འདོན་སྤེལ།ཡུས་ཁ་གཏེར་ཁུལ། ཐོན་ཡུས་ཧྲན་སོལ་གཏེར། མཚོ་སྔོན་སྣུམ་ཞིང་གི་སྣུམ་རླངས་རྩད་ཞིབ་འདོན་སྤེལ་བྱེད་པ། ཞ་རི་ཧམ་གྱི་ནིག་དང་ཁོབ་ཀྱི་གཏེར་ཁ་རྩད་ཞིབ་འདོན་སྤེལ་བྱེད་པ། གསོག་དངོས་རྟེན་གཞི།ན་གོར་མོ་རུ་ཏུན་ཁྲི་ཚོ500གྲུབ་སྣུམ་གསོག་སའི་རྟེན་གཞི་ཞིབ་འཇུག་འཛུགས་སྐྲུན་བྱེད་པ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།