2016ལོའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ཐེངས་བཅུ་གསུམ་པའི་ལོ་ལྔའི་འཆར་འགོད་ཀྱི་རྩ་གནད།(19)

རྒྱུན་འཛིན་དང་གསར་གཏོད་བྱེད་པ་ཟུང་འབྲེལ་བྱེད་པ་དང་། ཤུགས་གང་ཡོད་ཀྱིས་རིག་གནས་མཉེན་ཆས་དང་བཟོ་སྐྲུན་སྒྱུ་རྩལ། བརྡ་ཁྱབ་སོགས་རིག་གནས་གསར་གཏོད་ཐོན་ལས་དང་དངོས་གཞིའི་ཐོན་ལས་མཉམ་འདྲེས་གོང་འཕེལ་དུ་གཏོང་བ་སྐུལ་འདེད་བྱས་ཏེ། ཐོན་ལས་དང་ཞབས་ཞུ་གསར་གཏོད་བྱས་ནས་འཛད་སྤྱོད་རྣམ་པ་སྣ་ཚོགས་ཀྱི་རེ་འདུན་བསྐང་བར་བྱེད་རྒྱུ། མི་རིགས་དང་ས་ཁོངས་རིག་གནས་གཏིང་སློག་བྱེད་པ་དང་། བཟོ་བཀོད་མཛེས་རྩལ་ཐོན་རྫས་སམ་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཐོན་རྫས་དང་དེང་རབས་ཚན་རྩལ་ལམ་དེང་རབས་རྒྱུ་རྐྱེན་མཉམ་བསྲེས་བྱེད་པ་ཇེ་མགྱོགས་སུ་བཏང་ཞིང་། ཐང་ག་དང་ཁུ་ནུ་གཡང་ཊི། བོད་བཟོས་ཁ་གདན། སྒྱུ་རྩལ་འགེལ་གདན། དམངས་ཁྲོད་གོས་དྲུབས། མི་རིགས་ཀྱི་གོན་པ། རྨ་ཆུའི་ཆུ་རྡོ་རི་མོ་སོགས་སྲོལ་རྒྱུན་ཐོན་ལས་བསྒྱུར་བཅོས་དང་ཇེ་ལེགས་སུ་གཏོང་ཞིང་། དེང་རབས་ཐོན་སྐྱེད་འཚོ་བ་དང་འཛད་སྤྱོད་དགོས་མཁོ་དང་མཐུད་སྦྲེལ་བྱེད་པའི་རིག་གནས་གསར་གཏོད་ཐོན་རྫས་ཞིབ་འཇུག་བྱེད་པ་ཞིབ་འཇུག་འདོན་སྤེལ་བྱས་ཏེ། རིག་གནས་གསར་གཏོད་དངོས་རྫས་སྤེལ་ཞིང་མཚོ་སྔོན་རང་ས་གནས་ཀྱི་རིག་གནས་གསར་གཏོད་ཇུས་འགོད་བྱེད་པའི་ཆུ་ཆད་ཡོངས་ཇེ་མཐོར་གཏོང་རྒྱུ། གསར་བྱུང་དྲ་རྒྱའི་རིག་གནས་ལས་རིགས་རྣམ་པ་ཤུགས་སྣོན་དང་ཚད་ལྡན་ཅན་དུ་གཏོང་བ་དང་། ཞབས་ཞུའི་རྣམ་པ་གསར་གཏོད་བྱེད་རྒྱུ། རྩོམ་རིག་དང་སྒྱུ་རྩལ། བརྙན་རིས། རོལ་དབྱངས་ཀྱི་གསར་རྩོམ་བརྒྱུད་བསྒྲགས་དང་དར་སྤེལདུ་གཏོང་རྒྱུ།

གསུམ། ལུས་རྩལ་སྦྱོང་བརྡར་ཐོན་ལས་གོང་འཕེལ་ཁོད་རྒྱ་བསྐྱེད་པ།བཀོད་རྒྱ་ལུགས་མཐུན་དང་བྱེད་ནུས་འཐུས་ཚང་། ལས་སྣ་ཆ་ཚང་བཅས་ཡིན་པའི་ལུས་རྩལ་སྦྱོང་བརྡར་ཐོན་ལས་མ་ལག་འཛུགས་པ་དང་། ལུས་རྩལ་སྦྱོང་བརྡར་ལྗོངས་རྒྱུ་དང་ལུས་སྦྱོང་ངལ་གསོ། འགྲན་སྡུར་འཁྲབ་སྟོན་སོགས་ལུས་རྩལ་སྦྱོང་བརྡར་ཐོན་ལས་གསོ་སྐྱོང་བྱེད་པར་ཤུགས་གཏོད་བྱེད་ཅིང་། རིག་གནས་དང་ལྗོངས་རྒྱུ་ཐོན་ལས་སོགས་མཉམ་འདྲེས་སྒོས་གོང་འཕེལ་དུ་གཏོང་བར་སྐུལ་འདེད་བྱས་ཏེ། ལུས་རྩལ་སྦྱོང་བརྡར་འཛད་སྤྱོད་ཀྱི་ནང་དོན་མུ་མཐུད་དུ་ཕུན་སུམ་ཚོགས་པ་ཞིག་ཏུ་གཏོང་རྒྱུ། "མཚོ་སྐོར་འགྲན་སྡུར"སོགས་རྒྱལ་སྤྱིའི་ལུས་རྩལ་སྦྱོང་བརྡར་གྲགས་སྐད་ཆེ་བའི་འགྲན་སྡུར་ཆུ་ཚད་ཇེ་མཐོར་བཏང་སྟེ། གོམམ་གང་མདུན་སྤོས་སྒོས་མཚོ་སྔོན་ནི་ཀྲུང་གོའི་ལྕགས་རྟ་འགུལ་སྐྱོད་ཞིང་ཆེན་གྲགས་ཅན་དུ་བསྒྱུར་དགོས། ཧུར་ཐག་གིས་མདའ་འཕེན་པ་དང་རྟ་རྒྱུག་འགྲན་པ། རྐང་རྩལ་འགྲན་པ། རི་མགོར་འགོ་བ། བྲག་ལ་འགོ་བ་སོགས་ཁྱད་ཆོས་ལྡན་པའི་ལུས་རྩལ་འགྲན་སྡུར་གྱི་ཐོན་རྫས་འདོན་སྤེལ་བྱེད་རྒྱུ། ལུས་རྩལ་ཞབས་ཞུ་རྩ་འཛུགས་གོང་འཕེལ་དུ་གཏོང་བར་སྐུལ་མ་བྱེད་པ་དང་། རིམ་བཞིན་དུ་འགྲན་སྡུར་གྱི་རྩ་འཛུགས་སམ་རྩལ་འགྲན་ཁང་ར་བ་དང་ཁང་བསོགས་ལུས་རྩལ་ཞབས་ཞུའི་རྒྱ་ཁྱོན་རྒྱས་སྐྲུན་བྱེད་རྒྱུ། འགྲན་སྡུར་གལ་ཆེན་ཡོད་ན་དུས་ཐོག་ཏུ་ཁ་འབྱེད་པའི་ལུས་རྩལ་བྱ་དགའི་འཛིན་ཤོག་སྤེལ་ཆོག

ཆེད་བསྒྲིགས་ལེ་ཚན21པ།རིག་གནས་ལུས་རྩལ་གྱི་ལས་གྲྭ་གལ་ཆེན།

སྤྱི་སྤྱོད་རིག་གནས་ཞབས་ཞུ་ལག་འཛུགས་སྐྲུན། གསར་དུ་བསྐྲུན་པའི་ཞིང་ཆེན་ཡིག་ཚགས་ཁང་དང་ཞིང་ཆེན་བཤམས་སྟོན་ཁང་ལེགས་བསྒྱུར་རིམ་སྤར་བྱེད་པ་དང་། གྲོང་ཁྱེར་དང་ཁུལ་གྱི་རིག་གནས་ཁང་དང་དཔེ་མཛོད་ཁང་། བཤམས་སྟོན་ཁང་། རྫོང་རིག་གནས་ཁང་། དཔེ་མཛོད་ཁང་། ཁུལ་རྫོང་ཟློས་གར་ཁང་སོགས་ཁ་གསབ་སྙོམས་སྒྲིག་བྱེད་ཅིང་། སྡེ་བའིསྡོད་ཁུལཕྱོགས་བསྡུས་རིག་གནས་ཞབས་ཞུ་ལྟེ་གནས་དང་། སྤྱི་སྤྱོད་ཨང་ཡིག་རིག་གནས་འཛུགས་སྐྲུན། གཞི་རིམ་རིག་གནས་རང་འཐད་པའི་ཞབས་ཞུ་དང་སྤྱི་ཕན་རང་བཞིན་གྱི་ལས་གནས་སྒྲིག་བཀོད་ལས་གཞི་བཅས་འཛུགས་སྐྲུན་བྱེད་རྒྱུ།རིག་གནས་ཤུལ་བཞག་དང་རིག་གནས་སྲུང་སྐྱོབ་སྒྲིག་ཆས་འཛུགས་སྐྲུན། རྒྱལ་ཁབ་བམ་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་ལས་ཁུངས་སྲུང་སྐྱོབ་དང་མྱུར་སྐྱོབ་ལས་གྲྭ། འཛམ་གླིང་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་གྲྭ། དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་གྲྭ། རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ། གེ་སརམགོ་ལོགརིག་གནས་སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ། ལ་ཀྱ་རྒྱལ་ཁབ་རིམ་པའི་གནའ་ཤུལ་རྟོག་ཞིབ་སྤྱི་གླིང་། ལིག་ཝན་རྒྱལ་ཁབ་རིམ་པའི་ཚོན་རྫ་གནའ་ཤུལ་སྤྱི་གླིང་སོགས་འཛུགས་སྐྲུན་བྱེད་རྒྱུ།རྒྱང་བསྒྲགས་བརྙན་འཕྲིན་ལས་དོན་འཛུགས་སྐྲུན། རྒྱང་བསྒྲགས་བརྙན་འཕྲིན་ས་བཅད་སྐུད་མེད་ཨང་རྩིས་ཅན་གྱི་ཁེབ་རྒྱ་ལས་གྲྭ། མཐོ་གསལ་བརྙན་འཕྲིན་དང་སྨན་བྱེད་གསར་བའི་མ་ལག རྒྱང་བསྒྲགས་བརྙན་འཕྲིན་འོད་རག་གཞུང་སྐུད་དང་སྐུད་ལྡན་བརྙན་འཕྲིན་ཨང་རྩིས་ཅན་དུ་བསྒྱུར་བཅོས་ལས་གྲྭ། རྒྱང་བསྒྲགས་དགོས་མཁོ་མྱུར་སྒྲུབ་མ་ལག་དང་རྒྱང་བསྒྲགས་བརྙན་རིས་ཞིབ་དཔྱད་ལྟ་རྟོག་ལས་གྲྭ་འཛུགས་སྐྲུན་བྱེད་པ།དམངས་ཡོངས་ལུས་སྦྱོང་སྤྱི་སྤྱོད་ཞབས་ཞུ་སྒྲིག་བཀོད། གྲོང་ཁྱེར་གྱི་སྤྱི་སྤྱོད་ལུས་རྩལ་ར་བ་དང་རྐང་རྩེད་སྤོ་ལོའི་ར་བ། དམངས་ཡོངས་ལུས་སྦྱོང་བྱ་འགུལ་སྤེལ་གནས། ཕྱི་རོལ་བྱེད་ནུས་མང་བའི་སྤོ་ལོ་རྩེ་ས། ལྕགས་རྟ་ཆེད་དུ་རྒྱུག་ལམ། ལུས་སྦྱོང་རྐང་ལམསོགས་ལུས་སྦྱོང་སྒྲིག་ཆས།རིག་གནས་ལུས་རྩལ་ཐོན་ལས་འཛུགས་སྐྲུན། ཞིང་ཆེན་གྱི་བུད་མེད་བྱིས་པ་གོང་འཕེལ་ཞབས་ཞུ་ལྟེ་གནས་དང་མི་རིགས་དམངས་ཁྲོད་རིག་གནས་འགྲེམ་སྟོན་ར་བ། ཟི་ལིང་མཁར་ལྷོའི་རིག་གནས་ཐོན་ལས་འདུ་ཁུལ། མཚོ་སྔོན་རིག་གནས་ཐོན་ལས་སྒོང་རུམ་རྟེན་གཞི། ཆེས་མཛེས་མཚོ་སྔོན་གཡང་ཊི་རིག་གནས་ཐོན་ལས་ར་བ། མཚོ་ལྷོ་བོད་ཀྱི་རིག་གནས་སྒྱུ་རྩལ་ཐོན་ལས་ར་བ། མཚོ་ནུབ་ཁུལ་ཁུ་ནུ་རིག་གནས་གསར་གཏོད་ཐོན་ལས་ར་བ། ཡུལ་ཤུལ་ཁམས་པ་བོད་ཀྱི་རིག་གནས་ཐོན་ལས་ར་བ། གྲངས་ཉུང་མི་རིགས་སྐད་ཆའི་བརྙན་རིས་གསར་རྩོམ་རྟེན་གཞི། རྒྱང་བསྒྲགས་བརྙན་རིས་ཕྱི་ཡུལ་བརྙན་ཕབ་རྟེན་གཞི། མཐོ་སྒང་ལུས་རྩལ་སྦྱོང་བརྡར་རྟེན་གཞི། ལུས་རྩལ་ཐོན་ལས་རྟེན་གཞི་སོགས།

ས་བཅད་ལྔ་བ།རིག་གནས་སྒྲིག་སྲོལ་དང་རྐྱེན་སྲོལ་བཅོས་བསྒྱུར་གཏིང་ཟབ་བྱེད་རྒྱུ།

རྒྱལ་ཁབ་ལ་དབང་བའི་རིག་གནས་ལས་ཁུངས་བསྒྱུར་བཅོས་གཏིང་ཟབ་བྱེད་པ། ཕྱོགས་ཡོངས་ནས་རིག་གནས་ལས་དོན་ལས་ཁུངས་ཀྱི་མི་དོན་དང་ཡོང་སྒོ་བགོ་བྱ་རྒྱག་པ། སྤྱི་ཚོགས་འགན་སྲུང་ལམ་ལུགས་བསྒྱུར་བཅོས་བྱེད་པ་སོགས་སྐུལ་འདེད་བྱེད་པ་དང་། གོམ་གང་མདུན་སྤོས་སྒོས་ཏང་གི་ཚགས་པར་དང་ཏང་གི་དུས་དེབ། རྒྱང་བསྒྲགས་ཁང་དང་བརྙན་འཕྲིན་ཁང་བཅས་ཀྱི་བདག་གཉེར་དང་འཁོར་སྐྱོད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་རྒྱུ། རྒྱལ་ཁབ་ལ་དབང་བའི་ཁེ་ལས་ལ་མ་རྐང་ལམ་ལུགས་ཀྱིས་བསྒྱུར་བཅོས་བྱེད་པར་རྒྱབ་སྐྱོར་བྱེད་པ་ཡིན། མཚན་ཉིད་སྤྱི་ཚོགས་རིག་པ་གསར་གཏོད་ལས་གྲྭ་ལག་བསྟར་བྱེད་པ་དང་། མཚོ་སྔོ་དར་གོས་ཚོང་ལམ་ཞིབ་འཇུགས་ལྟེ་གནས་བཙུགས་ཏེ་མཚོ་སྔོན་གྱི་ས་གནས་ཁྱད་ཆོས་ལྡན་པའི་རིག་མཛོད་གསར་བ་ཞིག་འཛུགས་སྐྲུན་བྱེད་རྒྱུ། གཅིག་གྱུར་སྒོ་འབྱེད་དང་འགྲན་རྩོད་ལུགས་མཐུན་ཡིན་པའི་དེང་རབས་རིག་གནས་ཚོང་ར་མ་ལག་སྒྲིག་འཛུགས་བྱེད་རྒྱུ། ཐོན་དབང་དང་པར་དབང་། ལག་རྩལ། བརྡ་འཕྲིན་སོགས་ཀྱི་རྐྱེན་ཕྱོགས་བསྡུས་པའི་ཚོང་ར་གསོ་སྐྱོང་བྱེད་པ་ཇེ་མགྱོགས་སུ་བཏང་སྟེ། རིག་གནས་ཐོན་དབང་གལ་ཆེན་ཉོ་བཙོང་བྱེད་པའི་ཚོང་ར་ལེགས་སྒྲུབ་བྱེད་པ་དང་། རིག་གནས་མ་རྩ་དང་སྒྱུ་རྩལ་ཐོན་རྫས་ཉོ་བཙོང་བྱེད་པ་ཚད་ལྡན་ཅན་དུ་གཏོང་རྒྱུ། སྲིད་གཞུང་དང་རིག་གནས་ཁེ་ལས་དོན་ལས་ཁུངས་བར་གྱི་འབྲེབ་བ་གསལ་ཁ་ཡོད་པ་ཞིག་བྱས་ཏེ། མི་ལ་བདག་གཉེར་དང་བྱ་བ་ལ་བདག་གཉེར། མ་རྩ་ལ་བདག་གཉེར། ཁ་ཕྱོགས་ལ་བདག་གཉེར་སོགས་ཕན་ཚུན་ཟུང་འབྲེལ་བྱེད་པའི་རྒྱལ་ཁབ་ལ་དབང་བའི་རིག་གནས་མ་རྩ་བདག་གཉེར་ལམ་ལུགས་འཐུས་ཚང་དུ་བཏང་ཞིང་། རིག་གནས་ཚོང་ར་ལྟ་སྐུལ་མ་ལག་འཛུགས་སྐྲུན་བྱེད་པ་ཤུགས་སྣོན་བྱེད་རྒྱུ།

ས་བཅད་དྲུག་པ།སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་རྒྱུ།

རིག་གནས་དཔལ་ཡོན་གྱི་གྲོང་ཁྱེར་གསར་སྐྲུན་བྱ་འགུལ་གཏིང་ཇེ་ཟབ་ཏུ་གཏོང་བ་དང་། ཞིང་སྡེའི་དམངས་སྲོལ་དཔལ་ཡོན་འཛུགས་སྐྲུན་སྐུལ་འདེད་བྱས་ཏེ། ཧུར་ཐག་གིས་ཁེ་ལས་རིག་གནས་འཛུགས་སྐྲུན་བྱེད་པ་སྣེ་ཁྲིད་སྲོལ་གཏོད་བྱེད་རྒྱུ། ན་གཞོན་གྱི་ལུས་སེམས་བདེ་ཐང་ལ་སྲུང་སྐྱོབ་བྱེད་པ་དང་། ན་གཞོན་ཐོས་དགའ་མཐོང་སྤྲོ་དང་བློ་རིག་ཀུན་སྤྱོད་ལ་ཕན་པའི་རིག་གནས་བརྩམས་ཆོས་གསར་རྩོམ་བྱས་ཏེ། ན་གཞོན་རྣམས་བདེ་ཐང་ངང་འཚར་ལོངས་འབྱུང་བར་བར་སྟོང་ཞིག་བསྐྲུན་དགོས། ན་གཞོན་གྱི་རིག་གནས་རིག་གནས་བྱ་འགུལ་སྤེལ་ས་འཛུགས་སྐྲུན་བྱེད་པ་ཤུགས་སྣོན་བྱེད་པ་དང་། ཁྱབ་རྒྱ་ཆེན་པོའི་སྒོ་ནས་ན་གཞོན་རྣམས་ལ་ཁ་ཕྱོགས་པའི་རིག་གནས་ལུས་རྩལ་བྱ་འགུལ་སྣ་ཚོགས་སྤེལ་དགོས། ཧུར་བརྩོན་ཡར་སྐྱེད་ཀྱི་རང་སྨྱན་བྱེད་དྲ་རྒྱའི་རིག་གནས་གསོ་སྐྱོང་བྱས་ཏེ་ཚད་ལྡན་ཅན་དུ་གཏོང་བ་དང་། དྲ་རྒྱ་ཅན་གྱི་ལྟ་རྟོག་ལས་སྟེགས་བཙུགས་ཏེ་དྲ་རྒྱའི་རིག་གནས་བདེ་ཐང་ལ་སྲུང་སྐྱོབ་བྱེད་རྒྱུ། སྔོན་ཐོན་མིག་དཔེ་གཏིང་སློག་དང་དར་སྤེལ་དུ་གཏོང་བ་དང་། དྲིལ་བསྒྲགས་ཀྱི་ཤུགས་ཚད་ཇེ་ཆེར་བཏང་ཞིང་མིག་དཔེའི་སྣེ་ཁྲིད་བྱེད་ནུས་བཏོན་ཏེ། སྤྱི་ཚོགས་ཡོངས་ཀྱི་མི་ཐམས་ཅད་ཀྱིས་སྔོན་ཐོན་ལ་སློབ་སྦྱོང་དང་སྔོན་ཐོན་ལ་འགྲན་པ། སྔོན་ཐོན་ཅན་བྱེད་པ་སོགས་དྲང་ཕྱོགས་ནུས་ཤུགས་སུ་འགྱུར་བར་བྱེད་རྒྱུ།

ལེའུ་བཅུ་གཉིས་པ།ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་རྒྱུ།

ཁྲིམས་ལུགས་ལྟར་སྲིད་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་སྐྱོང་འདུ་ཤེས་དང་ཁྲིམས་སྐྱོང་རྣམ་པ་སྤྱད་དེ་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དུ་གཏོང་བ་སྐུལ་འདེད་བྱས་ཏེ། ཕྱོགས་ཡོངས་ནས་ཁྲིམས་ལུགས་ལ་བརྟེན་ནས་མཚོ་སྔོན་གྱི་སྲིད་སྐྱོང་བའི་ནུས་ཤུགས་དང་ཆུ་ཚད་ཇེ་མཐོར་གཏོང་ཞིང་། ཞིང་ཆེན་ཡོངས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་ཤུགས་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་བྱེད་རྒྱུ།

ས་བཅད་དང་པོ།ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་རྒྱུ།

《ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལག་བསྟར་རྩ་དོན(2015-2020)》ལག་བསྟར་མཐའ་འཁྱོལ་བ་བྱེད་པ་དང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་ཅིང་། ཁྲིམས་ལུགས་ལྟར་དབང་ཆ་བཀོད་སྒྲིག་དང་དབང་ཆ་སྤྱོད་པ། དབང་ཆ་ཚོད་འཛིན། དབང་ཆར་ལྟ་རྟོག་བཅས་གཏན་ཁེལ་བྱེད་རྒྱུ། ཁྲིམས་ལུགས་ལྟར་དཔལ་འབྱོར་སྙོམས་སྒྲིག་དང་བཅོས་སྐྱོང་བྱེད་པ་དང་། ཕྱོགས་བསྡུས་ཁྲིམས་འཛིན་དར་སྤེལ་དུ་བཏང་ནས་སྲིད་གཞུང་གི་བྱ་བ་ཡོངས་ཁྲིམས་སྐྱོང་གི་ལམ་ལ་ཞུགས་སུ་བཅུག་ཅིང་། ཕལ་ཆེར་ལས་གནས་ཚན་རིག་ལ་མཐུན་པ་དང་དབང་འགན་ཁྲིམས་བསྟུན། ཁྲིམས་ལུགས་དམ་འཛིན། མངོན་གསལ་དྲང་གཞག སྤྱོད་གཙང་ནུས་ཆོད། ཁྲིམས་བཀུར་རློམ་ཆོག་གི་ཁྲིམས་སྐྱོང་སྲིད་གཞུང་བསྐྲུན་དགོས།

གཅིག ཁྲིམས་ལུགས་ལྟར་ཕྱོགས་ཡོངས་ནས་སྲིད་གཞུང་གི་འགན་ནུས་ལག་བསྟར་བྱེད་རྒྱུ།ཁྲིམས་ལུགས་ལྟར་སྲིད་འཛིན་གྱི་འགན་དབང་ཚད་ལྡན་ཅན་དུ་གཏོང་བ་དང་། སྲིད་གཞུང་གི་སྒྲིག་གཞི་དང་འགན་ནུས། དབང་ཚད། གོ་རིམ། འགན་དབང་ཁྲིམས་བསྟུན་ཅན་བཅས་སྐུལ་འདེད་བྱེད་རྒྱུ། སྒྲིག་ཁོངས་དབང་ཆ་ཁ་གསལ་དང་འགན་ནུས་གཙོ་བོ་ཁྱབ་བསྒྲགས། ཁྲིམས་ལུགས་ལ་ཁུངས་བཅོལ། གཙོ་གྲུབ་ལག་བསྟར། བརྒྱུད་རིམ་བདག་གཉེར་བཅས་སྤྱི་བསྒྲགས་བྱས་ཏེ། བྱ་བ་མི་བསྒྲུབ་པ་དང་ཡང་གོ་ལོག་སྒྲུབ་པ་སོགས་གཏན་འགོག་བྱེད་རྒྱུ། སྒྲིག་ཁོངས་འགན་ཁུར་ཁ་གསལ་བ་དང་གཙོ་གྲུབ་འགན་ཁུར་དོན་ཐོག་ལ་འབབ་པ། ལྟ་རྟོག་ལམ་ལུགས་འཐུས་ཚང་བཅས་སུ་གཏོང་རྒྱུ། གསར་དུ་བཙུགས་པའི་སྲིད་འཛིན་ཆོག་མཆན་ཐོབ་པའི་ལས་དོན་ལུགས་མཐུན་རང་བཞིན་དང་ངེས་མཁོ་རང་བཞིན། ལུགས་མཐུན་རང་བཞིན་བཅས་རིགས་པས་ནན་སྒྲུབ་བྱེད་པ་དང་། དབང་ཆའི་གླ་བཅུགས་གླ་བཙལ་བྱེད་པའི་བར་སྟོང་བློ་ཐག་རྦད་ཆོད་སྒོས་གཏན་མེད་དུ་གཏོང་རྒྱུ། ལུགས་མཐུན་སྒོས་རིམ་གྲས་མི་གཅིག་པའི་སྲིད་གཞུང་གི་དོན་གཅོད་དབང་ཆ་བགོ་བ་དང་། རིམ་པ་སོ་སོའི་སྲིད་གཞུང་གི་དོན་གཅོད་དབང་ཆ་ཚད་ལྡན་ཅན་དང་ཁྲིམས་ལུགས་ཅན་དུ་དར་སྤེལ་དུ་གཏོང་རྒྱུ། ཞིང་ཆེན་རིམ་པའི་སྲིད་གཞུང་གི་གཅིག་གྱུར་འཆར་འགོད་བྱེད་པའི་ས་ཁུངས་སུ་རྩ་བའི་སྤྱི་སྤྱོད་ཞབས་ཞུ་ཆ་སྙོམས་ཅན་གྱི་འགན་དབང་ཤུགས་ཆེར་གཏོང་བ་དང་། གྲོང་ཁྱེར་དང་ཁུལ། རྫོང་སྲུད་གཞུང་གི་ལག་བསྟར་འགན་དབང་ཤུགས་ཆེར་གཏོང་རྒྱུ། སྲིད་འཛིན་བདག་གཉེར་གྱི་རྣམ་པ་གསར་གཏོད་བྱས་ནས་སྲིད་གཞུང་གི་གྲུབ་འབྲས་ནུས་ཐོན་བདག་གཉེར་བྱེད་པ་འཐུས་ཚང་དུ་གཏོང་རྒྱུ།

གཉིས། སྲིད་གཞུང་གི་ཁྲིམས་འཛུགས་སྤུས་ཀ་ཇེ་མཐོར་གཏོང་རྒྱུ།ཏང་གི་ཁྲིམས་འཛུགས་བྱ་བར་མགོ་ཁྲིད་བྱེད་པ་ཤུགས་ཆེར་གཏོང་བ་དང་། དཔལ་འབྱོར་སྤྱི་ཚོགས་མངའ་ཁོངས་སུ་ཁྲིམས་ལུགས་འཛུགས་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ། ཚན་རིག་ལ་བརྟེན་ནས་ཁྲིམས་ལུགས་འཛུགས་པ་དང་དམངས་གཙོ་ལ་བརྟེན་ནས་ཁྲིམས་ལུགས་འཛུགས་པ་སྐུལ་འདེད་བྱེད་པ་དང་། ཁྲིམས་བཙུགས་ཐག་གཅོད་ནན་གྱིས་དོན་ཐོག་ལ་འབབ་པར་བྱེད་ཅིང་། སྲིད་འཛིན་ཁྲིམས་སྲོལ་དང་སྒྲིག་སྲོལ་གཏན་ཁེལ་གོ་རིམ་སོགས་འཐུས་ཚང་དུ་བཏང་བ་དང་མཉམ་དུ་སྲིད་འཛིན་ཁྲིམས་འཛུགས་ལས་གྲྭ་མགོ་འཛུགས་པ་དང་། འཆར་ཟིན་འགོད་པ། རིགས་པས་སྒྲུབ་པ། སྙོམས་སྒྲིག་བྱེད་པ། དཔྱད་སྡུར་ལམ་ལུགས་ཆ་ཚང་དུ་བཏང་ནས་སྲིད་གཞུང་ཁྲིམས་འཛུགས་ཞིབ་ཕྲ་ཅན་དུ་གཏོང་བར་སྐུལ་འདེད་བྱེད་རྒྱུ། ཁྲིམས་འཛུགས་ལས་གཞི་སྤྱི་ཚོགས་སུ་སྤྱི་བསྒྲགས་བསམ་འཆར་སྡུད་ལེན་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ། ཁག་གཞན་ཞིག་ལ་ལས་བཅོལ་བྱས་ཏེ་ཁྲིམས་ལུགས་ཁྲིམས་སྲོལ་རྐྱེན་སྲོལ་བཅས་ཀྱི་ཟིན་བྲིས་བྲི་རུ་འཇུག་པ་དེར་ཞིབ་འཇུག་བྱེད་རྒྱུ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་དང་མི་རིགས་མཐུན་སྒྲིལ་གོང་འཕེལ་ལ་སྐུལ་འདེད། འཁོར་སྐྱོད་དཔལ་འབྱོར་གོང་འཕེལ། དམངས་ཀྱི་འཚོ་བ་འགན་སྲུང་། འདྲ་མཉམ་འགྲན་རྩོད་ཀྱི་ཚོང་རའི་སྒྲིག་ལམ་སྲུང་སྐྱོབ། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་སོགས་གལ་གནད་ཁྱབ་ཁུངས་ཀྱི་སྲིད་གཞུང་ཁྲིམས་འཛུགས་བྱ་བར་ཤུགས་སྣོན་བྱེད་རྒྱུ། སྲིད་འཛིན་ཁྲིམས་སྲོལ་དང་སྒྲིག་ལམ། ཚད་ལྡན་རང་བཞིན་གྱི་ཡིག་ཆ་གཙང་བཤེར་བྱེད་པའི་ཡུན་རིང་ལམ་ལུགས་འཛུགས་དགོས། ཚད་ལྡན་རང་བཞིན་གྱི་ཡིག་ཆ་ལྟ་རྟོག་བདག་གཉེར་བྱེད་པར་ཤུགས་སྣོན་བྱེད་རྒྱུ།

གསུམ། ཁྲིམས་ལུགས་ལྟར་ཇུས་ཐག་གཅོད་པའི་རྐྱེན་སྲོལ་ཆ་ཚང་འཛུགས་རྒྱུ།ནན་ཏན་སྒོས་སྤྱི་དམངས་ཞུགས་པ་དང་ཆེད་མཁས་པས་རིགས་པས་དཔྱད་པ། ཉེན་ཁ་དཔྱད་འཇོག ལུགས་མཐུན་རང་བཞིན་ཡིན་མིན་དཔྱད་སྡུར། ཐུན་མོང་གིས་གྲོས་སྡུར་ཐག་གཅོད་བྱེད་པའི་གལ་ཆེའི་སྲིད་འཛིན་ཇུས་གཅོད་ཁྲིམས་བཀོད་གོ་རིམ་ལག་བསྟར་བྱེད་རྒྱུ། གལ་ཆེ་བའི་ཇུས་གཅོད་ལ་དཔང་ཉན་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ། ཇུས་གཅོད་གལ་ཆན་སྤྱི་ཚོགས་ལྷིང་འཇགས་ཉེན་ཁ་དཔྱད་འཇོག་གི་བྱ་བ་ལེགས་སྒྲུབ་བྱེད་རྒྱུ། སྲིད་འཛིན་ལས་ཁུངས་ཀྱི་ཇུས་གཅོད་གལ་ཆེན་ནང་ཁུལ་ལུགས་མཐུན་རང་བཞིན་ཞིབ་བཤེར་བྱེད་པར་སྐུལ་འདེད་བྱེད་རྒྱུ། སྲིད་གཞུང་གི་བློ་འདྲི་ཞབས་ཞུ་གལ་ཆེན་སྲིད་འཛིན་ཇུས་གཅོད་ཀྱི་བྱ་བའི་ལམ་ལུགས་འཛུགས་དགོས། གལ་ཆེན་སྲིད་འཛིན་ཇུས་གཅོད་ལག་ལེན་རྗེས་སྙེག ཚེ་གང་འགན་ཁུར་རྗེས་འདེད་དང་འགན་ཁུར་ལྡོག་བཤེར་འཐུས་ཚང་དུ་གཏོང་རྒྱུ། སྲིད་འཛིན་ཇུས་གཅོད་ལག་ལེན་གནས་ཚུལ་རྩད་གཅོད་དཔྱད་འཇོག བརྡ་ཁྱབ་གཏོང་བ་བཅས་ལ་ཤུགས་སྣོན་བྱེད་རྒྱུ།

བཞི། ནན་ཏན་སྒོས་ཚད་ལྡན་འདྲ་མཉམ་དང་དཔལ་ཡོན་ཁྲིམས་འཛིན་བྱེད་པར་སྐུལ་འདེད་བྱེད་རྒྱུ།ཧུར་ཐག་གིས་སྲིད་འཛིན་ཁྲིམས་འཛིན་ལམ་ལུགས་བསྒྱུར་བཅོས་བྱེད་པར་སྐུལ་འདེད་བྱེད་པ་དང་། གོམ་གང་མདུན་སྤོས་སྒོས་ནང་ཁུལ་ཕྱོགས་བསྡུས་ཁྲིམས་འཛིན་ཐོན་ཁུངས་ལེགས་སྒྲིག་བྱེད་ཅིང་། ལས་ཁུངས་ལས་བརྒལ་བའི་ཕྱོགས་བསྡུས་ཁྲིམས་འཛིན་གྱི་བྱ་བ་སྐུལ་འདེད་བྱས་ཏེ། གཞི་རིམ་གྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་སྟོབས་ཤུགས་ཤུགས་སྣོན་གང་ལེགས་བྱེད་རྒྱུ། ནན་ཏན་སྒོས་སྲིད་འཛིན་ཁྲིམས་འཛིན་མི་སྣས་ཐོབ་བྱང་བཟུང་སྟེ་ལས་གནས་སྟེང་ཞུགས་པ་དང་འོས་བབ་བདག་གཉེར་ལམ་ལུགས་ལག་བསྟར་བྱེད་རྒྱུ། སྲིད་འཛིན་ཁྲིམས་འཛིན་གྱི་གོ་རིམ་འཐུས་ཚང་དུ་གཏོང་བ་དང་། སྲིད་འཛིན་ཁྲིམས་འཛིན་གྱི་བརྒྱུད་རིམ་ཡོངས་ཟིན་ཐོར་འགོད་པའི་ལམ་ལུགས་འཛུགས་དགོས། སྲིད་འཛིན་ཁྲིམས་འཛིན་གྱི་ཚད་འཛིན་དབང་ཆའི་གཞི་འཛིན་ལམ་ལུགས་འཐུས་ཚང་མཐའ་འཁྱོལ་བྱས་ཏེ། སྲིད་འཛིན་ཁྲིམས་འཛིན་ཆད་འཛིན་དབང་ཆ་སྤྱོད་པ་ཚད་ལྡན་ཅན་དུ་གཏོང་རྒྱུ། ནན་ཏན་སྒོས་གལ་ཆེ་བའི་སྲིད་འཛིན་ཁྲིམས་འཛིན་གྱིས་ཁྲིམས་ལུགས་ཞིབ་བཤེར་གཏན་འབེབས་ལམ་ལུགས་ལག་བསྟར་བྱེད་པ་དང་། ཕྱོགས་ཡོངས་ནས་སྲིད་འཛིན་ཁྲིམས་འཛིན་གྱི་འགན་ཁུར་ལམ་ལུགས་དངོས་འབེབས་བྱས་ཏེ། མུ་མཐུད་དུ་སྲིད་འཛིན་ཁྲིམས་འཛིན་གྱི་ལྟ་རྟོག་ཞིབ་བཤེར་ཤུགས་ཚད་ཇེ་ཆེར་གཏོང་རྒྱུ། ནན་ཏན་སྒོས་གྱོད་དོན་སྤོ་སྤྲོད་ཚད་གཞི་དང་གོ་རིམ་ལག་བསྟར་བྱས་ཏེ་སྲིད་འཛིན་ཁྲིམས་འཛིན་དང་ཉེས་དོན་ཁྲིམས་སྒོ་མཐུད་སྦྲེལ་ལམ་ལུགས་འཐཞས་ཚང་དུ་གཏོང་རྒྱུ།

ལྔ། ཕྱོགས་ཡོངས་ནས་སྲིད་དོན་སྐུལ་འདེད་ཁྲོམ་བསྒྲགས་བྱེད་རྒྱུ།ཁྲོམ་བསྒྲགས་ནི་རྒྱུན་ལྡན་ཡིན་པ་དང་གསང་བ་ནི་ཁྱད་པར་ཅན་ཡིན་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཇུས་གཅོད་དང་ལག་བསྟར། བདག་གཉེར། ཞབས་ཞུ། མཇུག་འབྲས་བཅས་ཁྲོམ་བསྒྲགས་བྱེད་པ་སྐུལ་འདེད་བྱེད་རྒྱུ། གལ་ཆེ་བའི་ནོར་སྲིད་སྔོན་རྩིས་དང་སྤྱི་སྤྱོད་ཐོན་ཁུངས་བཀོད་སྒྲིག འཛུགས་སྐྲུན་ལས་གཞི་ལ་གལ་ཆེན་ཆོག་མཆན་འགོད་པ་དང་ལག་བསྟར་བྱེད་པ། སྤྱི་ཆོགས་སྤྱི་ཕན་ལས་དོན་འཛུགས་སྐྲུན་སོགས་ཀྱི་ཁྱབ་ཁོངས་ཀྱི་སྲིད་གཞུང་བརྡ་འཕྲིན་ཁྲོམ་བསྒྲགས་བྱེད་པར་སྐུལ་འདེད་བྱེད་རྒྱུ། སྤྱི་འབངས་དང་ཁྲིམས་མི། རྩ་འཛུགས་གཞན་དག་གི་དབང་ཆ་འོས་འགན་གྱི་ཚད་ལྡན་རང་བཞིན་ཡིག་ཆར་གཏོགས་པ་ཡིན་ན། སྲིད་གཞུང་གི་བརྡ་འཕྲིན་ཁྲོམ་བསྒྲགས་ཀྱི་རེ་འདུན་དང་གོ་རིམ་ལྟར་ཁྱབ་བསྒྲགས་བྱེད་རྒྱུ། སྲིད་འཛིན་ཁྲིམས་འཛིན་གྱི་སྤྱི་བསྒྲགས་ལམ་ལུགས་སྐུལ་འདེད་བྱས་ཏེ། རིམ་པ་སོ་སོའི་སྲིད་འཛིན་ཞབས་ཞུ་ལྟེ་གནས་དང་སྤྱི་སྤྱོད་ཐོན་ཁུངས་ཉོ་བཙོང་ལྟེ་བ་ཚད་ལྡན་དང་གོང་འཕེལ་དུ་གཏོང་རྒྱུ།

དྲུག དབང་ཆ་འཁོར་སྐྱོད་ཚོད་འཛིན་དང་ལྟ་སྐུལ་ལ་ཤུགས་སྣོན་བྱེད་རྒྱུ།སྤྱོད་གཙང་སྲིད་གཞུང་འཛུགས་སྐྲུན་བྱེད་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་སྲིད་གཞུང་སྡེ་ཁག་དང་ནང་བཙུགས་སྒྲིག་གཞིའི་དབང་ཆ་བཀོད་སྒྲིག་བྱས་ཏེ། འགན་དབང་གི་ཚད་གཞི་གསལ་བོ་བྱེད་རྒྱུ། དམངས་ཆེན་ལྟ་རྟོག་དང་སྲིད་འཛིན་ལྟ་རྟོག ཞིབ་རྩིས་ལྟ་རྟོག་བཅས་ལ་ཤུགས་སྣོན་བྱེད་པ་དང་། སྤྱི་ཚོགས་ལྟ་རྟོག་དང་གླེང་ཕྱོགས་ལྟ་རྟོག་སོགས་ཀྱི་སྒྲིག་གཞི་འཐུས་ཚང་དུ་བཏང་སྟེ། ཚན་རིག་ནུས་ཆོད་ཀྱི་དབང་ཆ་འཁོར་སྐྱོད་ཚོད་འཛིན་དང་ལྟ་རྟོག་མ་ལག་གྲུབ་པར་བྱེད་རྒྱུ། དབང་ཆ་གཅིག་སྡུད་ཡིན་པའི་ལས་ཁུངས་དང་ལས་གནས་ལ་དོན་བགོས་དབང་སྤྱོད་དང་། ལས་བགོས་དབང་བསྐུར། རིམ་བགོས་དབང་བསྐུར། དུས་བཅད་ལས་གནས་རེས་སྐོར་བཅས་ལ་ཤུགས་སྣོན་བྱས་ཏེ། ནང་ཁུལ་བརྒྱུད་རིམ་ཚོད་འཛིན་བྱེད་པར་ཤུགས་དྲག་ཏུ་གཏོང་རྒྱུ། མང་ཚོགས་ཀྱིས་ཐེར་འདོན་གོང་ཞུ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་མང་ཚོགས་ལྟ་རྟོག་གི་རྒྱུ་ལམ་ཇེ་ཡངས་སུ་གཏོང་རྒྱུ། སྤྱི་སྤྱོད་མ་དངུལ་དང་རྒྱལ་ཁབ་ལ་དབང་བའི་མ་རྩ། རྒྱལ་ཁབ་ལ་དབང་བའི་ཐོན་ཁུངས། མགོ་ཁྲིད་ལས་བྱེད་པས་དཔལ་འབྱོར་འགན་ཁུར་ལག་བསྟར་བྱས་པ་བཅས་བཤེར་རྩིས་ཀྱིས་ཁེབ་པར་བྱས་ཏེ། བྱེད་ཐབས་གལ་ཆེན་དང་ཆེ་མཐོང་སྙོམས་སྒྲིག་བཀོད་སྒྲིག་མཐའ་འཁྱོལ་གནས་ཚུལ་གྱི་རྗེས་སྙེག་བཤེར་རྩིས་བྱེད་པར་མུ་མཐུད་དུ་ཤུགས་སྣོན་བྱེད་རྒྱུ། ཕྱོགས་ཡོངས་ནས་སྲིད་འཛིན་འགན་ཁུར་གཏིང་འདེད་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། བཟོད་གསོལ་ཁྲོམ་བསྒྲགས་བྱེད་དུ་འཇུག་པ་དང་ལས་མཚམས་བཞག་སྟེ་ཞིབ་བཤེར་བྱེད་པ། འགན་འཛོལ་རང་དཀྲི་ལས་བསྐྱུར་བྱེད་པ། འགན་དཀྲི་ལས་བསྐྱུར་བྱེད་དུ་འཇུག་པ། གོ་གནས་མར་ཕབ་སོགས་རྣམ་པ་དང་གོ་རིམ་སོགས་འཐུས་ཚང་དུ་གཏོང་རྒྱུ།

ས་བཅད་གཉིས་པ།ཁྲིམས་འཛིན་སྒྲིག་སྲོལ་བསྒྱུར་བཅོས་སྐུལ་འདེད་བྱེད་རྒྱུ།

ཁྲིམས་འཛིན་ལམ་ལུགས་བསྒྱུར་བཅོས་ཚོད་ལྟ་བྱེད་གནས་གཏིང་ཟབ་སྒོས་སྐུལ་འདེད་བྱེད་པ་དང་། ཁྲིམས་ལུགས་ལྟར་རང་ཚུག་ཀྱིས་ཁྲིམས་འཛིན་དབང་ཆ་སྤྱོད་པ་འགན་སྲུང་བྱེད་ཅིང་། དབང་ཆར་ཁྲིམས་འཛིན་འགན་སྲུང་བྱེད་པ་འཐུས་ཚང་དུ་བཏང་སྟེ། དབང་ཆར་ཁྲིམས་འཛིན་ལྟ་རྟོག་བྱས་ཏེ་སྤྱི་ཚོགས་འདྲ་མཉམ་དྲང་བདེན་ཡོང་བར་སྐུལ་འདེད་བྱེད་རྒྱུ། ཁྲིམས་འཛིན་འདྲ་མཉམ་ནན་ཏན་བྱེད་རྒྱུ། མགོ་ཁྲིད་ལས་བྱེད་པས་ཁྲིམས་འཛིན་བྱ་འགུལ་ཐེ་གཏོགས་བྱེད་པ་དང་། གྱོད་དོན་དངོས་ཐག་གཅོད་བྱེད་པར་ལག་པ་བསྲིངས་པའི་ཟིན་བྲིས་འགོད་པ་དང་ཞུ་བསྒྲགས་བྱེད་པ། འགན་ཁུར་ནན་འདེད་བྱེད་པའི་ལམ་ལུགས་འཛུགས་དགོས། སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་ལུགས་ལྟར་ཁྲིམས་སར་ཕྱིན་ནས་ཞུ་ལན་འདེབས་པ་དང་། ཁྲིམས་ཁང་གིས་སྲིད་འཛིན་གྱོད་དོན་དང་ལེན་བྱེད་པར་རྒྱབ་སྐྱོར་བྱས་ཏེ་ཁྲིམས་ཁང་གིས་ནུས་ཐོན་ཁྲུན་གཅོད་བྱེད་པའི་ལམ་ལུགས་ལ་གུས་བཀུར་དང་ལག་བསྟར་བྱེད་རྒྱུ། ཁྲིམས་འཛིན་མི་སྣས་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་འགན་དབང་སྲུང་སྐྱོབ་སྒྲིག་གཞི་དང་། ལས་རིགས་འགན་སྲུང་སྒྲིག་གཞི་ལག་བསྟར་བྱེད་པ་འཐུས་ཚང་དུ་གཏོང་རྒྱུ། ཁྲིམས་འཛིན་རྨང་གཞི་རང་བཞིན་གྱི་ལམ་ལུགས་བཅོས་བསྒྱུར་བྱེད་པ་ཤུགས་དྲག་ཏུ་གཏོང་རྒྱུ། སྤྱི་བདེ་ལས་ཁུངས་དང་ཞིབ་བཤར་ལས་ཁུངས། ཁྲིམས་གཅོད་ལས་ཁུངས་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་བཅས་ཀྱིས་རང་འགན་འཁུར་བ་དང་། ཕན་ཚུན་ཟུང་འབྲེལ། ཕན་ཚུན་ཚོད་འཛིན་བྱེད་པའི་ལམ་ལུགས་སྒྲིག་གཞི་འཐུས་སྒོ་ཚང་བ་ཞིག་ཏུ་གཏོང་རྒྱུ། ཁྲིམས་གཅོད་དབང་ཆ་དང་ལག་བསྟར་དབང་ཆ་སོ་སོར་ཁ་བྲལ་བའི་ལམ་ལུགས་བསྒྱུར་བཅོས་ཚོད་ལྟ་བྱེད་ས་ལག་བསྟར་སྐུལ་འདེད་བྱེད་རྒྱུ། ཞིང་ཆེན་རིམ་པའི་མན་གྱི་ས་གནས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་མི་སྣ་དང་རྒྱུ་ནོར་བཅས་ཞིང་ཆན་རིམ་པས་གཅིག་གྱུར་བདག་གཉེར་ལམ་ལུགས་འཛུགས་དགོས། ཕྱོགས་ཡོངས་ནས་སྤྱི་བདེ་བསྒྱུར་བཅོས་གཏིང་ཇེ་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་བདེ་འཇགས་ཀྱི་བྱ་བའི་རྐྱེན་སྲོལ་སྲུང་སྐྱོང་དང་ཁྲིམས་འཛིན་དབང་ཆ་འཁོར་སྐྱོད་བྱེད་པའི་རྐྱེན་སྲོལ་བསྒྱུར་བཅོས་བྱེད་ཅིང་། འགྲིམ་འགྲུལ་དང་མེ་གསོད་བདག་གཉེར་ལམ་ལུགས་བཅོས་བགྱུར་བྱེད་པ་གཏིང་ཇེ་ཟབ་ཏུ་བཏང་ནས། སྤྱི་བདེ་ལས་ཁུངས་བདག་གཉེར་ལམ་ལུགས་དང་མི་དམངས་ཉེན་རྟོག་པ་བདག་གཉེར་ལམ་ལུགས་བགྱུར་བཅོས་བྱེད་པ་སྐུལ་འདེད་བྱེད་རྒྱུ།

ས་བཅད་གསུམ་པ།སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཤུགས་སྣོན་གཏོང་རྒྱུ།

སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་དུ་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཤུགས་སྣོན་བྱས་ཏེ། ཁྲིམས་སྐྱོང་གི་ཁོར་ཡུག་བཟང་བོ་དང་ཁྲིམས་སྐྱོང་གི་གོམས་སྲོལ་བཟང་བོ་གྲུབ་པར་བྱེད་རྒྱུ། རྒྱལ་ཁབ་ལས་བྱེད་མི་སྣས་ཁྲིམས་བརྩི་འདུ་ཤེས་གསོ་སྐྱོང་བྱས་ཏེ། ཁྲིམས་སྦྱང་ཁྲིམས་བཀོལ་དང་ཁྲིམས་ལུགས་ཤེས་བྱ་ལ་བརྟེན་ནས་གོ་གནས་ལེན་པའི་རྒྱུགས་ལེན་ལམ་ལུགས་ཁ་ཚང་འཐུས་ཚང་དུ་གཏོང་རྒྱུ། གཏིང་ཟབ་སྒོས་ཁྲིམས་བསྒྲགས་དྲིལ་བསྒྲགས་སློབ་གསོའི་རྐྱེན་སྲོལ་ཁ་ཚང་དུ་བཏང་ཞིང་། བཅའ་ཁྲིམས་སྙིང་བོ་དང་རྩ་ཁྲིམས་གྲུབ་ཆ་གཙོ་བོ་བྱེད་པ། དངོས་གཞིའི་ཁྲིམས་ནི་གལ་གནད་ཡིན་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་སྤེལ་དགོས། ཕྱོགས་ཡོངས་ནས་རྒྱལ་ཁབ་ལས་ཁུངས་ཀྱིས"སུས་ཁྲིམས་འཛིན་པ་དང་སུས་ཁྲིམས་བསྒྲགས་པའི"འགན་ཁུར་ལམ་ལུགས་འཛུགས་པ་དང་། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་དཔྱད་ཞིབ་གདེང་འཇོག་མཛུབ་སྟོན་ཚད་གཞི་དང་ཚད་གཞི་མ་ལག་འཐུས་ཚང་ཅན་འཛུགས་དགོས། ཁྲིམས་བསྒྲགས་སློབ་སྟོན་ཚོགས་པ་དང་ཁྲིམས་བསྒྲགས་རང་འཐད་པའི་དཔུང་ཁག་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བྱེད་པ་དང་། "ཁྲིམས་ལུགས་བདུན་སྐྱོད"བྱ་འགུལ་གཏིང་ཇེ་ཟབ་ཏུ་བཏང་སྟེ་མི་རིགས་ས་ཁུལ་གྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་ལ་མཐོང་ཆེན་བྱེད་རྒྱུ། ན་གཞོན་ཁྲིམས་སྐྱོང་སློབ་གསོ་ལ་ཤུགས་སྣོན་བྱེད་པ་དང་ཁྲིམས་སྐྱོང་སློབ་གསོ་རྒྱལ་དམངས་སློབ་གསོའི་མ་ལག་ཏུ་འགོད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིག་གནས་འཛུགས་སྐྲུན་བྱེད་པ་དང་། དྲིལ་བསྒྲགས་མ་ལག་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བྱེད་རྒྱུ། སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་སྐྱོང་ལག་བསྟར་བྱེད་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ལ་ཤུགས་སྣོན་བྱས་ཏེ། མི་དམངས་ཡོངས་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་ལ་སེམས་བསམ་པའི་གཏིང་ནས་གློ་དཀར་བ་དང་། རང་འགུལ་གྱིས་བརྩི་སྲུང་བྱེད་པ། བློ་ཐག་རྦད་ཆོད་སྒོས་སྲུང་སྐྱོབ་བྱེད་མཁན་དུ་འགྱུར་བར་བྱེད་རྒྱུ།

ས་བཅད་བཞི་བ།ཁྲིམས་ལུགས་ཞབས་ཞུ་འཐུས་ཚང་དུ་གཏོང་རྒྱུ།

གྲོམ་ཁྱེར་དང་གྲོང་གསེབ་ལ་ཁེབ་ཅིང་སྤུས་ལེགས་འདྲ་མཉམ་ཡིན་པའི་སྤྱི་སྤྱོད་ཁྲིམས་ལུགས་ཞབས་ཞུ་མ་ལག་འཛུགས་སྐྲུན་བྱེད་པ། ཆེད་ལས་རང་བཞིན་དང་ལས་རིགས་རང་བཞིན་གྱི་མི་དམངས་གཟི་བཤད་རྩ་འཛུགས་འཛུགས་སྐྲུན་བྱེད་པ་ཤུགས་སྣོན་བྱེད་པ་དང་། གཞི་རིམ་ཁྲིམས་ལུགས་ཞབས་ཞུ་ལས་བྱེད་མི་སྣའི་དཔུང་ཁག་ཇེ་རྒྱས་དང་། ཁྲིམས་ལུགས་རོགས་སྐྱོར་ལམ་ལུགས་འཐུས་ཚང་། ཁྲིམས་འཛིན་རོགས་སྐྱོར་མ་ལག་ཆ་ཚང་དུ་གཏོང་རྒྱུ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།