2016ལོའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ཐེངས་བཅུ་གསུམ་པའི་ལོ་ལྔའི་འཆར་འགོད་ཀྱི་རྩ་གནད།(20)

《མཚོ་སྔོན་ཞིང་ཆེན་ཁྲིམས་ལུགས་ཞབས་ཞུ་ལས་རིགས་གོང་འཕེལ་འཆར་གཞི》གཏན་ཁེལ་བྱེད་པ་དང་། ཁྲིམས་རྩོད་པ། གཞུང་དཔང་། འདུམ་གཅོད། ཁྲིམས་འཛིན་གསལ་འབྱེད་སོགས་ཁྲིམས་ལུགས་ཞབས་ཞུ་ལས་རིགས་གོང་འཕེལ་དུ་གཏོང་རྒྱུ། ཁྲིམས་རྩོད་པའི་ལམ་ལུགས་འཐུས་ཚང་ཁ་ཚང་དུ་གཏོང་བ་དང་ཧུར་ཐག་གིས་ཁྲིམས་ལུགས་བློ་འདྲི་ལམ་ལུགས་དར་སྤེལ་དུ་གཏོང་རྒྱུ། གཞུང་དཔང་ལས་རིགས་གོང་འཕེལ་དུ་གཏོང་བར་སྐུལ་བ་དང་། གཞུང་དཔང་ཞབས་ཞུ་སྤུས་ལེགས་ཅན་དང་ཚད་ལྡན་ཅན་དུ་གཏོང་རྒྱུ། གཅིག་གྱུར་གྱི་ཁྲིམས་འཛིན་གསལ་འབྱེད་དོ་དང་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ཁྲིམས་འཛིན་གསལ་འབྱེད་ལས་རིགས་ཀྱི་སྤྱི་རློམ་བྱེད་ཚད་ཇེ་མཐོར་གཏོང་རྒྱུ། འབྲིང་མཐོ་དང་ཕྱི་གཏོགས་ཁྲིམས་ཞབས་ཞུ་ལས་རིགས་གོང་འཕེལ་དུ་གཏོང་རྒྱུ། "སྐད་གཉིས"ཁྲིམས་ལུགས་ཞབས་ཞུ་ལས་རིགས་ཀྱི་དཔང་ཁག་འཛུགས་སྐྲུན་བྱེད་པ་ཤུགས་སྣོན་བྱེད་རྒྱུ། ཁྲིམས་ལུགས་ཞབས་ཞུ་ལས་རིགས་ཀྱི་ལྟ་རྟོག་དང་དོ་དམ་ལ་ཤུགས་སྣོག་བྱེད་པ་དང་། ཁྲིམས་ལུགས་ཞབས་ཞུ་ལས་གཉེར་བྱ་སྤྱོད་ཚད་ལྡན་ཅན་དུ་གཏོང་ཞིང་། ལས་གཉེར་བྱ་འགུལ་གྱི་ཚད་ལྡན་མ་ལག་དང་ལས་གཉེར་གནས་ཚུལ་དཔྱད་ཞིབ་གདེང་འཇོག་རྐྱེན་སྲོལ་དང་བྱ་དགའ་ཆད་འགེལ་ལམ་རྐྱེན་སྲོལ་ཁ་ཚང་འཐུས་ཚང་དུ་གཏོང་རྒྱུ།

ལེའུ་བཅུ་གསུམ་པ།མི་རིགས་མཐུན་སྒྲིལ་གྱི་སྤྱི་ཚོགས་འཆམ་མཐུན་གོང་འཕེལ་འབྱུང་བའི་རྣམ་པ་གསར་བ་ཞིག་གསར་གཏོད་བྱེད་རྒྱུ།

མི་རིགས་སོ་སོས་ཐུན་མོང་སྒོས་མཐུན་སྒྲིལ་འབད་པ་དང་མཉམ་དུ་དར་རྒྱས་གོང་འཕེལ་འབྱུང་བའི་བརྗོད་བྱ་ལ་དམ་འཛིན་གང་ལེགས་བྱེད་པ་དང་། གཏིང་ཟབ་སྒོས་མི་རིགས་མཐུན་སྒྲིལ་གོང་འཕེལ་སྔོན་ཐོན་སྡོད་ཁུལ་གསར་འཛུགས་བྱེད་པའི་བྱ་འགུལ་སྤེལ་བ་དང་། གཏིང་ཟབ་སྒོས་མི་རིགས་མཐུན་སྒྲིལ་གོང་འཕེལ་གྱི་ལས་དོན་སྐུལ་འདེད་བྱས་ཏེ། མུ་མཐུད་དུ་རིགས་སོ་སོའི་མི་དམངས་འཆམ་མཐུན་མཉམ་གནས་དང་སེམས་ཤུགས་གཅིག་སྒྲིལ་གྱིས་དཀའ་ཁག་སེལ་བ། མཛའ་མཐུན་གོང་འཕེལ་ཡོང་བའི་གནས་ཚུལ་ལེགས་པོ་སྲ་བརྟན་དང་གོང་འཕེལ་དུ་གཏོང་རྒྱུ།

ས་བཅད་དང་པོ། "གཞི་གསུམ"འཛུགས་སྐྲུན་ལ་ཤུགས་སྣོན་གཏོང་རྒྱུ།

ཏང་གི་སྲིད་འཛིན་གོ་གནས་སྲ་བརྟན་དང་སྲིད་འཛིན་བྱེད་ནུས་ཇེ་མཐོར་གཏོང་བའི་ཚད་རིམ་མཐོན་པོའི་མགོ་རྩོམ་པ་དང་། གལ་གནད་གཞི་རིམ་ན་ཡོད་པ་དང་གནད་འགག་གཞི་རིམ་ན་ཡོད་པ་རྒྱུན་འཁྱོངས་བྱེད་པ་དང་། གཞི་རིམ་རྩ་འཛུགས་ལ་ཤུགས་སྣོན་དང་གཞི་རིམ་བྱ་བ་དངོས་བསྟར་བྱེད་པ། རྨང་གཞིའི་བྱེད་ནུས་ཇེ་མཐོར་གཏོང་རྒྱུ། ཕྱོགས་ཡོངས་ནས་རོང་འབྲོག་པའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བྱེད་པ་དང་། རྩ་འཛུགས་བྱེད་ནུས་ཤུགས་སྣོན། རྩ་འཛུགས་གི་བཀོད་སྒྲིག་རྣམ་པ་གསར་གཏོད། གཞི་རིམ་ཏང་རྩ་འཛུགས་ལ་བརྟེན་ནས་གོང་འཕེལ་དུ་གཏོང་བར་ཤུགས་སྣོན། འཆམ་་མཐུན་སྐུལ་འདེད་དང་ཁ་བྲལ་ལ་ངོ་རྒོལ། ལྷིང་འཇགས་ལ་སྲུང་སྐྱོབ། མང་ཚོགས་ལ་ཞབས་འདེགས། མི་སེམས་འགུགས་པ་བཅས་ཀྱི་འཐབ་འཛིང་བཙན་རྫོང་གི་བྱེད་ནུས་འདོན་པ་དང་། ཏང་ཡོན་གདོང་མཆོང་མིག་དཔེའི་བྱེད་ནུས་འདོན་པ་བཅས་ཤུགས་སྣོན་བྱས་ཏེ། ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་མང་ཚོགས་སྣེ་ཁྲིད་བྱས་ནས་འབྱོར་ཆུང་ཅན་དུ་བརྒྱུག་པར་བྱེད་རྒྱུ། ཤུགས་ཆེན་པོའི་སྒོ་ནས་ལས་ཁུངས་ཀྱི་ནུས་ཆོད་འཛུགས་སྐྲུན་ལ་རྒྱབ་ནོན་བྱེད་པ་དང་། ཧུར་ཐག་གིས་ཕྲ་ཞིབ་ཅན་གྱི་བདག་གཉེར་སྐུལ་འདེད་བྱེད་ཅིང་། གཞི་རིམ་རྩ་འཛུགས་ཀྱི་བྱེད་ནུས་ཚད་ལྡན་ཅན་དུ་གཏོང་བ་དང་མཉམ་དུ་ལས་རིགས་མ་ལག་གི་མཛུབ་སྟོན་དང་དོ་དམ་ལེགས་བསྒྱུར་བྱེད་རྒྱུ། མུ་མཐུད་དུ་ཀུན་སྤྱོད་ཀྱི་གནད་དོན་དག་ཐོར་བྱེད་པ་དང་། ཀུན་སྤྱོད་འཛུགས་སྐྲུན་བྱེད་པའི་ཡུན་རིང་རྐྱེན་སྲོལ་གྲུབ་པར་བྱས་ཏེ། རགས་སྒྲུབ་བྱེད་པའི་བསམ་བློའི་འདུ་ཤེས་རྣམ་པ་དང་བྱེད་ཐབས་བསྒྱུར་བཅོས་བྱེད་པ་དོན་ཐོག་ལ་འབབ་པར་བྱས་ནས་རྨང་གཞིའི་བྱ་བ་མཐའ་འཁྱོལ་བྱེད་རྒྱུ། ཤུགས་ཆེན་པོའི་སྒོ་ནས་ལས་བྱེད་དང་ལས་བཟོ་པའི་རྩ་བའི་བྱེད་ནུས་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་། བསམ་བློའི་སློབ་གསོས་སྣེ་ཁྲིད་དང་ཞུགས་ཆོག་རྐྱེན་སྲོལ་བཙུགས་ཤིང་། འགྲན་རྩོད་ལེགས་འདེམས་ནང་སྐྱེས་སྒུལ་ཤུགས་ལ་སྐུལ་མ་བྱེད་རྒྱུ། དམིགབཾས་ཁེལ་ཟབ་སྦྱོང་ལ་ཤུགས་སྣོན་དང་ལག་ལེན་སྦྱོང་བརྡར་ལ་མཐོང་ཆེན་བྱེད་ཅིང་། ལེགས་ཆ་སྲ་བརྟན་དང་དམན་ཆ་ཁ་གསབ་བྱེད་པ་ཕན་ཚུན་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ལས་བྱེད་དང་ལས་བཟོ་པའི་དཔུང་ཁག་གི་ཕྱོགས་བསྡུས་སྤུས་ཀ་ཡོངས་ཇེ་བཟང་དུ་གཏོང་རྒྱུ།

ས་བཅད་གཉིས་པ།མི་རིགས་ཆོས་ལུགས་བྱ་བ་སྲ་བརྟན་སྒོས་ལེགས་སྒྲུབ་བྱེད་རྒྱུ།

ཕྱོགས་ཡོངས་ནས་ཏང་གི་མི་རིགས་སྲིད་ཇུས་ཡང་དག་པའི་སྒོ་ནས་ལག་བསྟར་བྱེད་པ་དང་། ནན་ཏན་སྒོས་མི་རིགས་ཁྱབ་ཁོངས་ཀྱི་རང་སྐྱོང་སྲིད་ཇུས་ལག་བསྟར་བྱེད་ཅིང་། ས་གནས་ཀྱི་མི་རིགས་ཁྲིམས་སྲོལ་སྲིད་ཇུས་མ་ལག་འཐུས་ཚང་དུ་བཏང་སྟེ། མུ་མཐུད་དུ་མི་རིགས་ལས་དོན་ཁྲིམས་ལུགས་ལྟར་བཅོས་སྐྱོང་བྱེད་པའི་བྱེད་ནུས་ཇེ་མཐོར་གཏོང་རྒྱུ། འདྲ་མཉམ་དང་མཐུད་སྒྲིལ། ཕན་ཚུན་རམ་འདེགས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་གི་མི་རིགས་འབྲེལ་བ་སྲ་བརྟན་དང་གོང་འཕེལ་དུ་གཏོང་རྒྱུ། གོམ་གང་མདུན་སྤོས་སྒོས་མི་རིགས་མཐུན་སྒྲིལ་གོང་འཕེལ་སྔོན་ཐོན་ས་ཁུལ་འཛུགས་སྐྲུན་བྱེད་པ་གཏིང་ཟབ་སྒོས་སྐུལ་འདེད་བྱེད་པ་དང་། མགོ་ཁྲིད་དང་པོའི་འགན་ཁུར་ལམ་ལུགས་ཤུགས་སྣོན་བྱེད་ཅིང་། གཞི་རིམ་ལས་ཁུངས་གལ་གནད་དུ་འཛིན་པ་རྒྱུན་འཁྱོངས་དང་མིག་ཐོག་ལ་ཤར་བའི་ལས་གྲྭ་ལག་བསྟར་བྱེད་རྒྱུ། མིག་དཔེ་ལས་ཁུངས་བསྐྲུན་ཏེ་ཚད་ལྡན་རྟེན་གཞི་འཛུགས་པ་དང་། "སྔོན་ཐོན་བརྒྱད"ཀྱི་བྱ་འགུལ་གཏིང་ཟབ་སྒོས་གསར་འཛུགས་བྱེད་ཅིང་། མི་རིགས་མཐུན་སྒྲིལ་སྔོན་ཐོན་གསར་གཏོད་བྱ་དགའ་བཙུགས་ཏེ་མི་རིགས་མཐུན་སྒྲིལ་བྱ་དགའ་སྟེར་བའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། མི་རིགས་མཐུན་སྒྲིལ་སྔོན་ཐོན་ལས་དོན་རྒྱལ་ཡོངས་མི་རིགས་ས་ཁུལ་གྱི་སྔོན་གྲས་སུ་བསླེབ་པར་བྱེད་རྒྱུ། ཁྱབ་རྒྱ་ཆེན་པོའི་སྒོ་ནས་མི་རིགས་གཞུང་ལུགས་དང་སྲིད་ཇུས། ཁྲིམས་ལུགས་ཁྲིམས་སྲོལ། མི་རིགས་ཤེས་བྱའི་དྲིལ་བསྒྲགས་སློབ་གསོ་བཅས་སྤེལ་པ་དང་། བསམ་བློ་སྣེ་ཁྲིད་ཤུགས་སྣོན་བྱེད་པ་མཐོང་ཆེན་བྱས་ཏེ་མུ་མཐུད་དུ་མཐུན་སྒྲིལ་གོང་འཕེལ་གྱི་ཐུན་མོང་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུ། མུ་མཐུད་དུ་གྲོང་ཁྱེར་གྱི་མི་རིགས་ཀྱི་བྱ་བ་ལེགས་སྒྲུབ་བྱེད་པ་དང་། མི་རིགས་ཁྱིམ་ཚང་དང་སྡོད་ཁུལ་གྱི་གྲངས་ཉུང་མི་རིགས་ཞབས་ཞུ་རོགས་སྐྱོར་ལྟེ་གནས་ལེགས་སྐྲུན་བྱེད་ཅིང་། མི་རིགས་སོ་སོ་ཕན་ཚུན་ཟུག་འཐམ་ལྟ་བུའི་སྤྱི་ཚོགས་སྒྲིག་གཞིའམ་སྤྱི་ཚོགས་ཁོར་ཡུག་འཛུགས་སྐྲུན་བྱས་ཏེ། མི་རིགས་བར་དུ་འབྲེལ་འདྲིས་བྱེད་པར་སྐུལ་འདེད་བྱེད་རྒྱུ།

ཕྱོགས་ཡོངས་ནས་ཏང་གི་ཆོས་ལུགས་བྱ་བའི་རྩ་བའི་བྱེད་ཕྱོགས་ལག་བསྟར་མཐའ་འཁྱོལ་བྱེད་པ་དང་། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཕན་ཚུན་འཆམ་མཐུན་ཡོང་བར་སྣེ་ཁྲིད་བྱེད་རྒྱུ། 《མཚོ་སྔོན་ཞིང་ཆེན་ཆོས་ལུགས་ལས་དོན་སྲོལ་ཡིག》དངོས་འབབ་བྱེད་པ་དང་། ཁྲིམས་ལུགས་ལྟར་ཆོས་ལུགས་ལས་དོན་དོ་དམ་བྱེད་པ་རྒྱུན་འཁྱོངས་བྱེད་ཅིང་། ཁྲིམས་མཐུན་སྲུང་སྐྱོབ་དང་ཁྲིམས་འགལ་བཀག་འགོག་བྱེད་པ། ཆད་མཐར་ལྡིང་བ་བཀག་འགོག་དང་ཚུར་འཛུལ་བྱེད་པ་འགོག་རྒོལ། ཉེས་དོན་ལ་རྡུང་རྡེག་བྱེད་པ་བཅས་སྲུང་སྐྱོབ་བྱེད་རྒྱུ། ཁྲིམས་ལུགས་ལྟར་ཆོས་དད་མང་ཚོགས་ཀྱི་རྒྱུན་ལྡན་དགོས་མཁོ་འགན་སྲུང་བྱེད་པ་དང་། གོམ་ཁ་བརྟན་པོའི་སྒོ་ནས་ཆོས་དད་མང་ཚོགས་ཀྱིས་ཡང་དག་པའི་སྒོ་ནས་ཆོས་ལུགས་རྒྱུན་ཤེས་ཁོང་དུ་ཆུད་པའི་ལུགས་མཐུན་ལམ་བུའི་ཁོད་རྒྱ་བསྐྱེད་དེ། ཆོས་ལུགས་ལས་དོན་ཁྲིམས་ལུགས་ལྟར་དོ་དམ་བྱེད་པ་དང་ཆོས་ལུགས་བྱ་འགུལ་སྒྲིག་ལམ་ཡོད་པའི་སྒོ་ནས་སྤེལ་བ་འགན་སྲུང་བྱེད་རྒྱུ། དགོན་པ་འཛུགས་སྐྲུན་བྱེད་པར"ལས་གྲྭ་རྣམ་དྲུག"ལག་བསྟར་བྱེད་པ་དང་། གོམ་གང་མདུན་སྤོས་སྒོས་ཆོས་ལུགས་མི་སྣའི་སྤྱི་ཚོགས་སྤྱི་སྤྱོད་ཞབས་ཞུ་དང་སྤྱི་ཚོགས་འགན་སྲུང་ལ་ཤུགས་སྣོན་བྱེད་རྒྱུ། མགོ་ཁྲིད་ལས་བྱེད་པས་དགོན་པ་དང་ཆོས་ལུགས་མི་སྣར་འབྲེལ་གཏུགས་བྱེད་པའི་ལམ་ལུགས་འཐུས་ཚང་དང་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་གཅེས་ཆོས་ལུགས་ཚོགས་པ་དང་དགོན་པའི་དམངས་ཀྱིས་བདག་གཉེར་ཚོགས་པའི་ཆན་ཆུང་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བྱེད་ཅིང་། ཧུར་ཐག་གིས"འཆམ་མཐུན་དགོན་པ་དང་ལྷ་ཁང་ཚོགས་ཁང"གསར་འཛུགས་བྱེད་ཅིང་། ཆོས་ལུགས་ཐད་ཀྱི་སྐུ་ཚབ་མི་སྣ་སློབ་གསོ་སྐྱེད་སྲིང་གི་བྱ་བར་ཤུགས་སྣོན་བྱས་ཏེ། དགོན་པའི་དབང་ཆ་རྒྱལ་གཅེས་ཆོས་དད་པའི་མི་སྣའི་ལག་ཏུ་འཛིན་པ་འགན་སྲུང་བྱེད་རྒྱུ། ཞིང་ཆེན་བོད་སྐད་ནང་བསྟན་སློབ་གླིང་དང་ཡུལ་ཤུལ་ཡན་ལག་སློབ་གླིང་འཛུགས་སྐྲུན་བྱེད་པ་ཤུགས་སྣོན་དང་། ནང་བསྟན་སློབ་གླིང་འགའ་དགོན་པ་འགར་ཡན་ལག་སློབ་གླིང་འཛུགས་པར་ཞིབ་དཔྱད་བྱེད་ཅིང་། ཞིང་ཆེན་གྱི་དབྱི་སི་ལན་ཆོས་ལུགས་ཀྱི་ཆོས་གཞུང་སློབ་གླིང་བཙུགས་ཏེ། སྤྱི་ཚོགས་རིང་ལུགས་སློབ་གླིང་ཏང་གི་སློབ་གླིང་ཕྲལ་པའི་བྱ་བ་ལེགས་སྒྲུབ་བྱེད་རྒྱུ།

ས་བཅད་གསུམ་པ།སྤྱི་ཚོགས་བཅོས་སྐྱོང་འཐུས་ཚང་གསར་གཏོད་བྱེད་རྒྱུ།

ཏང་ཨུའི་མགོ་ཁྲིད་དང་སྲིད་གཞུང་གི་གཙོ་ཁྲིད། སྤྱི་ཚོགས་ཀྱི་མཉམ་སྒྲུབ། སྤྱི་འབངས་ཞུགས་པ། ཁྲིམས་སྐྱོང་འགན་སྲུང་གི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། དམངས་ཡོངས་མཉམ་འཛུགས་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་གནས་བབ་སྒྲིག་འཛུགས་བྱས་ཏེ། རྒྱལ་ཁབ་བདེ་འཛགས་དང་སྤྱི་ཚོགས་ལྷིང་འཇགས་ཡོང་བ་འགན་སྲུང་བྱེད་རྒྱུ།

གཅིག ནུས་ཐོན་སྒོས་འགལ་བ་རྩོད་གཞི་ཞིབ་བཤེར་འདུམ་འགྲིག་བྱེད་རྒྱུ།ཆད་ཐབས་མེད་པའི་འབྲེལ་མཐུད་དང་འགྲིག་མཐུན་མཉམ་སྦྲེལ་ནུས་མཐོ་སྟབས་བདེའི་འགལ་བ་རྩོད་གཞི་སྣ་མང་འགྲིག་འདུམ་རྐྱེན་སྲོལ་འཐུས་ཚང་འཛུགས་པ་དང་། ཧུར་ཐག་གིས་ས་ཆ་གཞུང་བསྡུ་དང་བཤིག་སྤོ་དང་སྐྱེ་ཁམས་སྲུང་སྐྱོབ། ངལ་རྩོལ་མ་རྩའི་འབྲེལ་བ་སོགས་ཁྱབ་ཁོངས་ལས་རིགས་རང་བཞིན་དང་ཆེད་ལས་རང་བཞིན་འགྲིག་འདུམ་རྩ་འཛུགས་འཛུགས་སྐྲུན་སྐུལ་འདེད་བྱེད་པ་དང་། འདུམ་འགྲིག་དང་ཁྲུན་གཅོད། སྲིད་འཛིན་ཐག་གཅོད། བསྐྱར་ཞུ། གཏུག་བཤེར་སོགས་རྣམ་པ་མང་བོ་སྤྱད་དེ་འགལ་བ་སེལ་དགོས། གཏིང་ཟབ་སྒོས་སྤྱི་ཚོགས་ལྷིང་འཇགས་ཉེན་ཁ་དཔྱད་འཇོག་བྱེད་པར་སྐུལ་འདེད་བྱེད་པ་དང་། ཇུས་ཐག་གཅོད་པའི་གོ་རིམ་དང་དཔྱད་འཇོག་ཡར་ཞུ། ཉེན་བརྡའི་གོ་རིམ། ཐོ་འགོད་སྙན་སེང་། ལྟ་རྟོག་ཚོད་འཛིན། འགན་ཁུར་ཞིབ་བཤེར་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། མགོ་ཁུངས་ནས་འགལ་རྩོད་གལ་ཆེན་སྔོན་འགོག་བྱེད་རྒྱུ། ཁྲིམས་ལུགས་ལྟར་སྤྱི་ཚོགས་འགལ་རྩོད་འདུམ་འགྲིག་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། མང་ཚོགས་སྣེ་ཁྲིད་བྱས་ཏེ་ཁྲིམས་ལུགས་ལྟར་དབང་ཆ་བཀོལ་སྤྱོད་དང་རེ་འདུན་སྙན་ཞུ། རྩོད་གཞི་ཐག་གཅོད་བཅས་བྱེད་པ་རྒྱུན་འཁྱོངས་བྱེད་རྒྱུ། སྤྱི་ཚོགས་སེམས་ཁམས་ཞབས་ཞུ་དང་ལམ་སྟོན་སློབ་ཁྲིད་རྐྱེན་སྲོལ་དང་ཉེན་ཁར་ཐེ་གཏོགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་རྒྱུ། ཡིག་སྐུར་ངོ་གཏུག་ལམ་ལུགས་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་ཡོངས་ནས་ཉི་འོད་ཡིག་སྐུར་ངོ་གཏུག་དར་སྤེལ་དུ་བཏང་ཞིང་། དྲ་ཐོག་གི་ཡིག་སྐུར་ངོ་གཏུག་རྒྱུ་ལམ་བསྐྲུན་པ་དང་ཡིག་སྐུར་ངོ་གཏུག་གནད་དོན་གཞི་རིམ་ནས་ཐག་གཅོད་བྱེད་པ་སྐུལ་འདེད་བྱེད་རྒྱུ།

གཉིས། སྤྱི་ཚོགས་བདེ་སྐྱོང་ཐད་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་ཤུགས་སྣོན་གཏོང་རྒྱུ།འགབ་ཐིག་གི་འདུ་ཤེས་དང་ཁྲིམས་ལུགས་ཀྱི་འདུ་ཤེས་བཅས་བརྟན་འཛུགས་བྱེད་པ་དང་། མུ་མཐུད་དུ"གཉིས་རྒོལ་གཅིག་འགོག"གི་ཆེད་བཙུགས་འཐབ་རྩོད་གཏིང་ཟབ་ཏུ་བཏང་སྟེ། བསམ་བློའི་སློབ་གསོ་དྲིལ་བསྒྲགས་སྣེ་ཁྲིད་བྱེད་པ་ཤུགས་སྣོན་དང་གསང་ཆའི་བརྡ་འཕྲིན་ཉེན་ཟོན་ཆུ་ཚད་ཇེ་མཐོར་གཏོང་རྒྱུ། ཁྲིམས་ལུགས་ལྟར་ཁ་བྲལ་གཏོར་བརླག་བྱ་འགུལ་དང་ཁྲིམས་འགལ་ཉེས་བཟོ་སྣ་ཚོགས་ལ་རྡུང་རྡེག་བྱེད་པ་དང་། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་དམ་པོར་འཛིན་དགོས། གནད་ཁྱོན་ཟུང་འབྲེལ་དང་དྲ་ཐོག་དྲ་འོག་ཟུང་འབྲེལ། མིས་སྲུང་དངོས་སྲུང་། རྩལ་སྲུང་། འགོག་རྡུང་། དོ་དམ་ཚོད་འཛིན་བཅས་བསླང་གཟུགས་ཅན་གྱི་སྤྱི་ཚོགས་བདེ་སྐྱོང་སྔོན་འགོག་ཚོད་འཛིན་མ་ལག་འཐུས་ཚང་དུ་བཏང་སྟེ། སྤྱི་ཚོགས་བདེ་སྐྱོང་འགོག་སྲུང་ཚོད་འཛིན་དྲ་རྒྱ་ཞིབ་འཐག་བྱེད་རྒྱུ། ཤུགས་ཆེན་པོས་སྤྱི་སྤྱོད་བདེ་འཇགས་བརྙན་བརྡ་ལྟ་རྟོག་ཚོད་འཛིན་མ་ལག་འཛུགས་སྐྲུན་དང་དྲ་སྦྲེལ། བེད་སྤྱོད་བཅས་བྱེད་པར་སྐུལ་འདེད་བྱེད་པ་དང་། སྤྱི་བདེ་ཉེན་རྟོག་བརྡ་འཕྲིན་ཕྱོགས་བསྡུས་ཉེར་སྤྱོད་ལས་སྟེགས་འཛུགས་སྐྲུན་བྱེད་པ་ཤུགས་སྣོན་བྱེད་ཅིང་། བྱེད་ནུས་དང་ལྡན་པའི་སྒོ་ནས་སྤྱི་ཚོགས་བདེ་འཇགས་ཐད་ཀྱི་ཉེན་ཁ་སྣ་ཚོགས་འགོག་སྲུང་དང་འདུམ་འགྲིགཚོད་འཛིན་བཅས་བྱས་ཏེ། འགུལ་རྣམ་ཅན་དང་བརྡ་འཕྲིན་ཅན་གྱི་ཆ་རྐྱེན་འོག་ནས་སྤྱི་ཚོགས་བདེ་སྐྱོང་ལ་ཁ་ལོ་བྱེད་ཐུབ་པའི་བྱེད་ནུས་ཇེ་མཐོར་གཏོང་རྒྱུ། སྤྱི་ཚོགས་བདེ་སྐྱོང་གི་གལ་གནད་ས་ཁུལ་དང་འབུར་དུ་ཐོན་ཡོད་པའི་བདེ་སྐྱོང་གནད་དོན་བཅོས་སྐྱོང་བྱེད་པ་གཏིང་ཇེ་ཟབ་ཏུ་གཏོང་བ་དང་། བཅོས་སྐྱོང་གི་ཁ་གཏད་རང་བཞིན་དང་ནུས་ཆོད་རང་བཞིན་ལ་ཤུགས་སྣོན་བྱས་ཏེ། མུ་མཐུད་དུ་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་ཡིད་ཚིམས་ཚད་གཞི་ཇེ་མཐོར་གཏོང་རྒྱུ། འཁོར་སྐྱོད་མི་གྲངས་དང་ཁྱད་པར་ཅན་གྱི་མི་ཚོགས་ལ་ཞབས་ཞུ་བདག་གཉེར་བྱེད་པར་ཤུགས་སྣོན་བྱས་ཏེ། ཁྱད་པར་ཅན་གྱི་མི་ཚོགས་ལ་ཞབས་ཞུ་ཚོད་འཛིན་བྱེད་པའི་བྱ་བ་ཆེད་ལས་ཅན་དང་སྤྱི་ཚོགས་ཅན་དུ་བསྒྱུར་བར་སྐུལ་འདེད་བྱེད་རྒྱུ།

གསུམ། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་བྱེད་པ་ཤུགས་སྣོན་དང་གསར་གཏོད་བྱེད་རྒྱུ།ཕྱོགས་ཡོངས་ནས་དྲ་མིག་ཅན་གྱི་དོ་དམ་སྡོད་ཁུལ་དང་རོང་སྡེའབྲོག་སྡེཨུ་ཡོན་ལྷན་ཁང་། རུ་སྤར་ཁུལ་ཆུང་། དགོན་པ། སློབ་གྲྭ་བཅས་སུ་བསྐྱེད་པར་སྐུལ་འདེད་བྱས་ཏེ། སྤྱི་ཚོགས་ཀྱི་རྩ་བའི་སྡེ་ཚན་ལ་གོ་རིམ་ཡོད་པའི་སྒོ་ནས་བདག་གཉེར་དོ་དམ་དང་ནུས་ལྡན་ཞབས་ཞུ་བྱེད་པ་མངོན་འགྱུར་བྱེད་རྒྱུ། རྫོང་དང་ཞང་། སྡེ་བ་བཅས་རིམ་པ་གསུམ་གྱི་ཕྱོགས་བསྡུས་ཞབས་ཞུ་དོ་དམ་ལས་སྟེགས་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་ཁྲིམས་འཛིན་ཁང་དང་མངག་གཏོང་ཁང་། ཉེན་རྟོག་ཁང་། ཁྲིམས་ར་བཅས་འཛུགས་སྐྲུན་བྱེད་པ་ཤུགས་སྣོན་དང་། སྡོད་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་། བཅོས་སྐྱོང་ཨུ་ཡོན་ལྷན་ཁང་། འདུམ་གཅོད་ཨུ་ཡོན་ལྷན་ཁང་སོགས་མང་ཚོགས་ཀྱི་རྩ་འཛུགས་འཐུས་ཚང་དུ་གཏོང་རྒྱུ། ཉེན་རྟོག་ལས་དོན་སྡོད་ཁུལ་དང་སྡེ་བ། དགོན་པ་བཅས་སུ་སྤེལ་བ་སྐུལ་འདེད་བྱེད་པ་དང་། "སྡེ་བའི་ཉེན་རྟོག་པ"དང་ཉེན་རྟོག་སྟོབས་ཤུགས་ཞབས་འཐིམ་བྱེད་པའི་ཡུན་རིང་རྐྱེན་སྲོལ་གཏན་ཁེལ་འཐུས་ཚང་དུ་བཏང་ཞིང་། མུ་མཐུད་དུ་གཞི་རིམ་གྱི་ལྷིང་འཇགས་སྲུང་འཛིན་གྱི་ཆེད་ལས་སྟོབས་ཤུགས་ཇེ་བརྟན་དང་ཇེ་རྒྱས་སུ་བཏང་སྟེ། ཚད་ལྡན་གྱི་འཚོ་བའི་ཐོབ་ཐང་འགན་སྲུང་རྐྱེན་སྲོལ་བཙུགས་ཏེ་ཉེན་རྟོག་གི་བྱ་བ་ཕྱོགས་ཀུན་ལ་ཁེབ་པར་སྐུལ་འདེད་བྱེད་རྒྱུ། སྤྱི་ཚོགས་རྩ་འཛུགས་ཚད་ལྡན་ཅན་དོ་དམ་བྱེད་པ་ཤུགས་སྣོན་བྱེད་པ་དང་ཐོ་འགོད་དོ་དམ་བཅོས་སྒྱུར་བྱེད་པ་གཏིང་ཇེ་ཟབ་ཏུ་བཏང་ཞིང་། ཁྲིམས་ལུགས་འཐུས་ཚང་དུ་བཏང་སྟེ་རང་གཅུན་དང་རློམ་ཆོག་འཛུགས་སྐྲུན་སྐུལ་འདེད་བྱས་ནས་ཞབས་ཞུའི་ནུས་ཤུགས་ཇེ་མཐོར་གཏོང་རྒྱུ། སྤྱི་ཚོགས་ཡིད་རྟོན་བརྡ་འཕྲིན་སྤྱི་བསྒྲགས་དང་སྤྱི་སྤྱོད་སྐུལ་འདེད་བྱེད་པ་དང་། ཡིད་རྟོན་རུང་བ་ལ་ཡར་སྐུལ་དང་ཡིད་རྟོན་མི་རུང་བ་ལ་ཆད་པ་གཅོད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ཧུར་ཐག་གིས་སྲིད་དོན་རློམ་ཆོག་དང་ཚོང་དོན་རློམ་ཆོགསྤྱི་ཚོགས་རློམ་ཆོག ཁྲིམས་འཛིན་རློམ་ཆོག་བཅས་འཛུགས་སྐྲུན་བྱེད་པ་སྐུལ་འདེད་བྱེད་རྒྱུ། གཞི་རིམ་མང་ཚོགས་རང་སྐྱོང་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། སྡོད་ཁུལ་རང་སྐྱོང་གི་ཞབས་ཞུ་བྱེད་ནུས་ཇེ་མཐོར་གཏོང་རྒྱུ། ཧུར་ཐག་གིས་གཞི་རིམ་དམངས་གཙོ་གྲོས་མོལ་སྤེལ་བ་དང་། གྲོས་མོལ་དམངས་གཙོ་ཁྱབ་རྒྱ་ཅན་དང་རིམ་མང་ཅན། ལམ་ལུགས་ཅན་བཅས་སུ་འགྱུར་བར་སྐུལ་འདེད་བྱེད་རྒྱུ།

བཞི། ཕྱོགས་ཡོངས་ནས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པ་གཏིང་ཇེ་ཟབ་ཏུ་གཏོང་རྒྱུ།གཏིང་ཟབ་སྒོས"བདེ་འཇགས་ཕྲ་ཕུང"ལས་གྲྭ་འཛུགས་སྐྲུན་བྱེད་པ་ལག་བསྟར་བྱེད་པ་དང་། མུ་མཐུད་དུ་ཞང་དང་གྲོང་རྡལསྲང་ལམསྡེ་བསྡོད་ཁུལསོགས་ས་ཆ་བདེ་འཇགས་གསར་སྐྲུན་བྱེད་པ་གཏིང་ཇེ་ཟབ་ཏུ་གཏོང་བ་དང་། ཕྱོགས་ཡོངས་ནས་དགོན་པ་དང་སློབ་གྲྭ། འགྲིམ་འགྲུལ། སྨན་ཁང་སོགས་ལས་རིགས་བདེ་འཇགས་གསར་སྐྲུན་དང་བདེ་འཇགས་ཁྱིམ་ཚང་། བདེ་འཇགས་ལས་ཁུངས། བདེ་འཇགས་མཐའ་མཚམས་གསར་སྐྲུན་བྱེད་པ་སྐུལ་འདེད་བྱས་ཏེ། "བདེ་ཐང་ཕྲ་ཕུང"ཡིས་ཕྱོགས་ཡོངས་ཁེབ་པར་བྱེད་པ་དང་མང་ཚོགས་ཀྱི་མཐའ་ཁོར་དུ་བདེ་འཇགས་བརྟན་པོ་ཞིག་བསྐྲུན་པ་དོན་ཐོག་ལ་འབབ་པར་བྱེད་རྒྱུ། མུ་མཐུད་དུ་གཞི་རིམ་མིག་དཔེ་བདེ་འཇགས་འཛུགས་སྐྲུན་གསོ་སྐྱོང་དར་སྤེལ་དུ་བཏང་ནས། ཁྱོན་ངོས་ཟུང་འབྲེལ་སྒོས་གཞི་རིམ་བདེ་འཇགས་གསར་འཛུགས་བྱེད་པའི་ཆུ་ཚད་ཡོངས་ཇེ་མཐོར་བཏང་ཞིང་། བདེ་འཛགས་དང་ཡར་དར་ལས་གྲྭ་སྐུལ་འདེད་ནན་ཏན་བྱེད་རྒྱུ།

ས་བཅད་བཞི་བ།སྤྱི་པའི་བདེ་འཇགས་མ་ལག་འཐུས་ཚང་དུ་གཏོང་རྒྱུ།

སྤྱི་སྤྱོད་བདེ་འཇགས་སྔོན་འགོག་དང་འགན་སྲུང་བྱེད་ནུས་འཛུགས་སྐྲུན་བྱེད་པ་ཤུགས་སྣོན་དང་། སྤྱི་ཚོགས་ཡོངས་ཀྱི་སྤྱི་སྤྱོད་བདེ་འཇགས་འདུ་ཤེས་ཤུགས་དྲག་ཏུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ།

གཅིག གནོད་འགོག་གནོད་འཕྲི་དང་བབ་བསྟུན་བྱེད་ནུས་འཛུགས་སྐྲུན་སྐུལ་འདེད་བྱེད་རྒྱུ།ཕྱོགས་བསྡུས་ཀྱི་གནོད་འགོག་གནོད་འཕྲི་མ་ལག་ཁ་ཚང་དུ་གཏོང་བ་དང་རྒུད་སྐྱོབ་དངོས་པོ་གསོག་ཉར་འཐུས་ཚང་དུ་བཏང་སྟེ། བབ་བསྟུན་ཉེན་བྱོལ་ར་བ་འཛུགས་སྐྲུན་བྱེད་པ་སྐུལ་དང་། བབ་བསྟུན་བཀོད་འདོམས་མ་ལག་དང་ཉེན་སྐྱོབ་རོགས་སྐྱོར་ཆེད་ལས་དཔང་ཁག་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བྱེད་རྒྱུ། བབ་བསྟུན་ཉེན་སྐྱོབ་དངོས་སྦྱོང་ཤུགས་དྲག་ཏུ་གཏོང་བ་དང་། བབ་བསྟུན་རྒུད་སྐྱོབ་རྒྱུན་ལྡན་གྱི་གནོད་འགོག་ཏུ་བསྒྱུར་བཅོས་དང་སྲོལ་རྒྱུན་གནོད་སྐྱོན་སྔོན་འགོག་ཚན་རྩལ་གནོད་འཕྲིའི་ཕྱོགས་སུ་བསྒྱུར་བཅོས། སྲིད་གཞུང་གིས་ཕྱོགས་ཡོངས་འགན་ཁུར་བྱེད་པ་སྤྱི་ཚོགས་ཡོངས་ཆབས་ཅིག་ཏུ་ཞུགས་ར་བསྒྱུར་བཅོས་བྱེད་པ་བཅས་སུ་སྐུལ་འདེད་བྱེད་རྒྱུ། རང་བྱུང་གནོད་སྐྱོན་ཐད་ཀྱི་གནོད་འགོག་གནོད་འཕྲི་བྱེད་པའི་ནུས་པ་ཤུགས་སྣོན་བྱེད་རྒྱུ། སྤྱི་སྤྱོད་གནམ་གཤིས་ཞབས་ཞུ་བྱེད་ནུས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དང་། གནམ་གཤིས་སྔོན་བརྡའི་གཟུ་ཚད་ཇེ་མཐོར་བཏང་ནས་གནམ་གཤིས་གནོད་འགོག་གི་མ་ལག་འཛུགས་དགོས། ཡོམ་འགོག་གནོད་འཕྲི་ཕྱོགས་བསྡུས་བྱེད་ནུས་འཛུགས་སྐྲུན་བྱེད་པ་སྐུལ་འདེད་དང་། ས་ཡོམ་བརྟག་དཔྱད་སྔོན་བརྡས་རམ་འདེགས་བྱེད་ནུས་ཇེ་མཐོར་བཏང་ནས། གྲོང་ཁྱེར་དང་ཞང་གི་བཟོ་བཀོད་ཀྱིས་ཡོམ་རྒོལ་བྱེད་ནུས་ལ་ཤུགས་སྣོན་བྱེད་རྒྱུ།

གཉིས། བདེ་འཇགས་ཐོན་སྐྱེད་ཀྱི་ཆུ་ཚད་ཇེ་དྲག་ཏུ་གཏོང་རྒྱུ།གྲོང་ཁྱེར་དང་ཞང་གི་སྒྲིག་ལམ་དང་བདེ་འཇགས་སྲུང་སྐྱོང་ལ་མཐོང་ཆེན་ཆེན་པོ་བྱེད་པ་དང་། ཆུ་མཁོ་སྤྲོད་དང་གློག་མཁོ་སྤྲོད། དྲོད་མཁོ་སྤྲོད། སོལ་རླངས་མཁོ་སྤྲོད། འགྲིམ་འགྲུལ་རོགས་སྐྱོར་རྒྱུ་ལམ་སོགས་སྲོག་རྩ་མ་ལག་གེགས་མེད་ཤར་གཏོང་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། སློབ་གྲྭ་དང་སྨན་ཁང་། ཚོང་ར་སོགས་སྤྱི་སྤྱོད་ཚོགས་ར་དང་སྤྱི་སྤྱོད་ཞབས་ཞུ་སྡེ་ཁག ཐོན་སྐྱེད་གསོག་ཉར། ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་པོ་དང་འབར་སླ་འགད་སླའི་དངོས་པོ་སྐྱེལ་འདྲེན་བྱེད་པའི་ལས་རིགས་བཅས་མྱུར་བསྟུན་དོ་དམ་བདག་གཉེར་བྱེད་པར་ཤུགས་སྣོན་བྱས་ཏེ། གནས་ཚུལ་བརྡ་འཕྲིན་དོ་དམ་ལམ་ལུགས་ཁ་ཚང་ཞིག་གཏན་ཁེལ་བྱེད་རྒྱུ། བདེ་འཇགས་ཐོན་སྐྱེད་འགན་ཁུར་དང་བདག་གཉེར་ལམ་ལུགས་མཐའ་འཁྱོལ་བྱེད་པ་དང་། ཏང་སྲིད་གཅིག་འགན་དང་ལས་གཅིག་འགན་གཉིས། ལས་ནོར་འགན་འདེད་བཅས་ལག་བསྟར་བྱེད་ཅིང་། བདེ་འཇགས་ལྟ་རྟོག་ཁྲིམས་འཛིན་ཤུགས་ཚད་ཇེ་ཆེར་བཏང་སྟེ་ཉེན་སྦས་ཞིབ་བཤེར་བཅོས་སྐྱོང་མ་ལག་འཛུགས་སྐྲུན་བྱས་ནས། བྱེད་ནུས་ལྡན་པའི་སྒོ་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁ་སོ་སོ་སེལ་བ་དང་། ཆེས་ཆེ་བའི་བདེ་འཇགས་དོན་རྐྱེན་འབྱུང་བ་གཏན་འགོག་བྱས་ཏེ། དམངས་སྒོར་དུང་ཕྱུརGDPདང་བཟོ་གཏེར་ཚོང་ལས་གཉེར་བའི་ལས་ཞུགས་མི་སྣ་ཁྲི་བཅུ་ཐམ་པའི་ཐོན་སྐྱེད་བདེ་འཇགས་དོན་རྐྱེན་འཆི་ཚད་སོ་སོ0.159དང2.64ལ་འབབ་པར་བྱེད་རྒྱུ། མེ་གསོད་བདེ་འཇགས་མགོ་ཁུངས་ཚོད་འཛིན་དོ་དམ་བྱེད་པར་ཤུགས་སྣོན་བྱེད་པ་དང་། མེ་སྐྱོན་ཉེན་ཁ་བཅོས་སྐྱོང་ཤུགས་ཚད་ཇེ་ཆེར་བཏང་ནས་མི་ཚོགས་འདུ་སའི་མེ་གསོད་སྒྲིག་ཆས་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པ་སྐུལ་འདེད་བྱེད་རྒྱུ། འགྲིམ་འགྲུལ་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བྱེད་པ་དང་། ཤུགས་ཆེན་པོས་གཞུང་ལམ་བདེ་འཇགས་ཀྱི་ཁེན་ཁ་བཅོས་སྐྱོང་བྱས་ཏེ་གཞུང་ལམ་བདེ་འཇགས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ།

གསུམ། སྤུས་ཀ་བདེ་འཇགས་ལྟ་རྟོག་བྱེད་པར་ཤུགས་སྣོན་གཏོང་རྒྱུ།སྤུས་ཀས་ཞིང་ཆེན་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། སྤུས་ཀ་གོང་འཕར་དང་སྤུས་ཀ་བདེ་འཇགས་ལྟ་རྟོག་ལ་ཤུགས་སྣོན་བྱེད་ཅིང་། སྤུས་ཀ་ལྟ་རྟོག་མ་ལག་གི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ཚད་གཞི་དང་ཚད་ཐིག དཔང་དངོས་བདེན་པ་ཁས་ལེན་པ་དང་ཞིབ་དཔྱད་ཞིབ་རྟོག་བྱེད་བཅས་ལ་ཤུགས་སྣོན་བྱས་ནས། ཕྱོགས་ཡོངས་ནས་ཐོན་རྫས་ཀྱི་སྤུས་ཀ་དང་ལས་གྲྭའི་སྤུས་ཀ ཞབས་ཞུའི་སྤུས་ཀ ཁོར་ཡུག་གི་སྤུས་ཀ་བཅས་ཡར་འཐེན་བྱེད་རྒྱུ། ཧུར་ཐག་གིས་རྒྱལ་ཁབ་ཀྱི་ས་བབ་མཚོན་རྟགས་ཀྱི་ཐོན་རྫས་སྲུང་སྐྱོབ་དང་ཞིང་ལས་ཚད་ལྡན་ཅན་གྱི་མིག་དཔེ་ས་ཁུལ། གྲགས་སྐད་ཆེ་བའི་དངོས་རྫས་མིག་དཔེ་ས་ཁུལ་གསར་འཛུགས་བྱེད་པའི་བྱ་བ་སྐུལ་འདེད་བྱས་ཏེ། མཚོ་སྔོན་བཟོ་སྐྲུན་དང་མཚོ་སྔོན་ཞབས་ཞུ་སྤུས་ལེགས་ཕྱི་ཚུལ་གྲགས་ཅན་མཚོན་ཐུབ་པའི་ཁེ་ལས་འབོར་ཞིག་གསོ་སྐྱོང་བྱེད་རྒྱུ། གློག་སྐས་སོགས་ཁྱད་པར་ཅན་གྱི་སྒྲིག་ཆས་བདེ་འཇགས་ལྟ་རྟོག་ལ་ཤུགས་སྣོན་བྱེད་རྒྱུ།

བཞི། བཟའ་བཅའ་སྨན་རྫས་བདེ་འཇགས་ལྟ་རྟོག་བྱེད་པར་ཤུགས་སྣོན་གཏོང་རྒྱུ།གོམ་གང་མདུན་སྤོས་སྒོས་བཟའ་བཅའ་སྨན་རྫས་ཐོན་སྐྱེད་བདག་གཉེར་ལྟ་རྟོག་བྱེད་པར་ཤུགས་སྣོན་དང་། བཟའ་བཅའ་སྨན་རྫས་སྤུས་ཀ་བདེ་འཇགས་བརྒྱུད་རིམ་ཡོངས་རྫོགས་ཁུངས་འདེད་བྱེད་པ་བདག་གཉེར་དོ་གམ་མ་ལག་ཁ་ཚང་དང་། བདེ་འཇགས་ཉེན་ཁ་དཔྱད་འཇོག་ལམ་ལུགས་འཐུས་ཚང་དུ་བཏང་ཞིང་། སྤུས་ཀ་ཆད་གཅོད་རང་བཞིན་གྱི་ཚབ་སྐྱིན་ལམ་ལུགས་འཛུགས་དགོས། བཟའ་བཅའ་ཐོན་སྐྱེད་ལས་སྣོན་ཁེ་ལས་ཆུང་ངུ་དང་བཟའ་བཅའ་ཐང་ཚོང་ལྟ་རྟོག་བྱེད་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གཏན་ཁེལ་ལག་བསྟར་བྱེད་རྒྱུ། ཞིབ་དཔྱད་ཞིབ་བཤེར་ལག་རྩལ་གྱི་རམ་འདེགས་མ་ལག་འཐུས་ཚང་དུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་གྲོང་སྡེའི་ཚོང་ར་ཆེན་མོ་དང་ཚོང་རཚད་བརྒལ་ཚོང་རརུ་བཟའ་བཅའ་བདེ་འཇགས་མྱུར་དཔྱད་ས་ཚིགས་འཛུགས་དགོས། དྲ་རྒྱས་འཚོང་བཞིན་པའི་བཟའ་བཅའ་དང་སྨན་རྫས་སོགས་གསར་བྱུང་ལས་རིགས་རྣམ་པ་ལྟ་རྟོག་བྱེད་པར་ཤུགས་སྣོན་བྱེད་རྒྱུ། "ཞིང་ས་ནས་ཟས་ཅོག"སྟེང་གི་ཞིང་ལས་ཐོན་རྫས་སྤུས་ཀའི་བརྒྱུད་རིམ་ཡོངས་ལྟ་རྟོག་བྱེད་པའི་མ་ལག་འཐུས་ཚང་འཛུགས་དགོས། འབྲུ་རིགས་སྡུད་གསོག་མཁོ་སྤྲོད་བདེ་འཇགས་འགན་སྲུང་བྱེད་ནུས་ཇེ་མཐོར་བཏང་སྟེ། གྲོང་ཁྱེར་དང་ཞིང་སྡེ་ཡོངས་ལ་སེམས་བདེ་བློ་འཁེལ་བའི་འབྲུ་སྣུམ་མཁོ་སྤྲོད་ཁེབ་པ་དང་། གྲོང་ཁྱེར་དང་ཞིང་སྡེ་ཡོངས་ལ་བརྡ་འཕྲིན་གྱིས་ཁེབ་པ་དང་། བབ་བསྟུན་གྱིས་ཁེབ་པར་བྱེད་རྒྱུ།

ས་བཅད་ལྔ་བ།དམངས་དམག་འབྲེལ་འདྲིས་གོང་འཕེལ་སྐུལ་འདེད་བྱེད་རྒྱུ།

དམངས་དམག་འབྲེལ་འདྲིས་གོང་འཕེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་། རྒྱུ་རྐྱེན་ཡོངས་དང་ཁྱབ་ཁོངས་མང་བོ། ཕན་ནུས་མཐོ་བའི་དམངས་དམག་འབྲེལ་འདྲིས་ཟབ་མོ་བྱེད་པའི་གོང་འཕེལ་རྣམ་པ་གྲུབ་པར་བྱེད་རྒྱུ། གཅིག་གྱུར་འཆར་འགོད་དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་ལ་དོ་སྣང་གལ་བྱེད་པ་དང་། འཐུས་སྒོ་ཚང་བའི་རྩ་འཛུགས་དོ་དམ་དང་བྱ་བ་འཁོར་སྐྱོད། སྲིད་ཇུས་ལམ་ལུགས་མ་ལག་བཅས་བཙུགས་ཏེ། མུ་མཐུད་དུ་མཉམ་འཛུགས་མཉམ་སྐྲུན་དང་དམག་བཀུར་དམག་རོགས་སོགས་ཀྱི་བྱ་བར་ཤུགས་སྣོན་བྱས་ནས། ཧུར་བརྩོན་སྒོས་དམངས་དམག་འབྲེལ་འདྲིས་གསར་གཏོད་ཀྱི་མིག་དཔེ་ལས་ཁུངས་དང་མ་དཔེ་ལས་གྲྭ་འབོར་ཞིག་བསྐྲུན་དགོས། དམངས་དམག་བརྡ་འཕྲིན་དང་ལག་རྩལ། མི་འཇོན་ཐང་ཅན། དམག་ཆས། རིག་གནསས་དང་སྤྱི་ཚོགས་ཅན་འགན་སྲུང་སོགས་ཕན་ཚུན་འཁོར་སྐྱོད་བྱེད་པར་སྐུལ་བྱེད་རྒྱུ། རྒྱལ་དམངས་རྒྱལ་སྲུང་སློབ་གསོ་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྲུན་བྱེད་པ་ཤུགས་སྣོན་དང་། དམག་སྲིད་དང་དམངས་དམག་མཐུན་སྒྲིལ་ཇེ་དམ་དང་ཇེ་ཟབ་ཏུ་བཏང་ཞིང་། ཧུར་ཐག་གིས་རྒྱལ་སྲུང་འཛུགས་སྐྲུན་དང་དམག་དཔུང་བསྒྱུར་བཅོས་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ནུས་ལྡན་སྒོས་འཇིགས་རྒོལ་གློ་བུར་བ་དང་ཉེན་སྐྱོབ་རོགས་སྐྱོར་བྱེད་རྒྱུ། གཏིང་ཟབ་སྒོས་གཉིས་བཀུར་མིག་དཔེ་མཁར་རྫོང་གསར་འཛུགས་བྱེད་པའི་བྱ་འགུལ་སྤེལ་བ་དང་། དམངས་དམག་མཐུན་སྒྲིལ་གྱི་རྨང་གཞི་བརྟན་པོ་ཞིག་འཛུགས་དགོས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།