2016ལོའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ཐེངས་བཅུ་གསུམ་པའི་ལོ་ལྔའི་འཆར་འགོད་ཀྱི་རྩ་གནད།(21)

ཆེད་བསྒྲིགས་ལེ་ཚན22པ།སྤྱི་པའི་བདེ་འཇགས་ཀྱི་གཙོ་གནད་ལས་གྲྭ།གནོད་འགོག་གནོད་འཕྲི་ལས་གྲྭ། 

ཞིང་ཆེན་ཡོངས་ཀྱི་རྒུད་སྐྱོབ་དངོས་པོ་གསོག་ཉར་མཛོད་ཁང་དང་བབ་བསྟུན་སྡུག་བྱོལ་བྱེདས་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་བ།ཡོམ་འགོག་གནོད་འཕྲི་ལས་གྲྭ། ཞིང་ཆེན་རིམ་པའི་ཡོམ་འགོག་གནོད་འཕྲི་ལག་རྩལ་འཛུགས་སྐྲུན་ལས་གྲྭ། མཚོ་སྔོན་ཞིང་ཆེན་ས་ཡོམ་བརྟག་དཔྱད་དང་གས་ཚད་མྱུར་ཞུ། ཉེན་ཟོན་ལས་གྲྭ། ས་ཆ་གལ་ཆེན་གྲོང་ཁྱེར་གྱི་གས་མཚམས་གསོན་པོ་དང་ས་ཡོམ་ས་ཁུལ་ཆུང་ངུའི་ལས་གྲྭ། རོང་འབྲོག་ས་ཁུལ་གྱི་དམངས་ཁང་ས་ཡོམ་བདེ་འཇགས་ལས་གྲྭ། མཐོ་སྒང་ས་ཡོམ་བབ་བསྟུན་རོགས་སྐྱོབ་སྦྱོང་བརྡར་རྟེན་གཞི་འཛུགས་སྐྲུན།བདེ་འཇགས་ཐོན་སྐྱེད་ལས་གྲྭ། བདེ་འཇགས་ཐོན་སྐྱེད་ལག་རྩལ་རམ་འདེགས་འགན་སྲུང་ལྟེ་གསན་དང་བདེ་འཇགས་ཐོན་སྐྱེད་བབ་བསྟུན་རོགས་སྐྱོབ་མ་ལག གཏེར་རིའི་བདེ་འཇགས་ཆུ་ཚད་ཇེ་མཐོར་གཏོང་བ། ཉེན་ཁ་ཆེ་བའི་རྫས་འགྱུར་བཅོས་སྐྱོང་དང་ཚོད་འཛིན་འགོག་སྲུང་། ལས་རིགས་ནད་ཀྱི་ཉེན་གནོད་འགོག་བཅོས། ལྟ་དཔྱད་ལས་རིགས་བྱེད་ནུས་ལ་ལྟ་རྟོག བདེ་འཇགས་ཐོན་སྐྱེད་ཚད་གཞི་ཅན་སོགས་ཀྱི་ལས་གྲྭ་འཛུགས་སྐྲུན།སྤུས་ཀ་བདེ་འཇགས་ལས་གྲྭ། རྒྱལ་ཁབ་ས་གནས་མཚོན་རྟགས་ཐོན་རྫས་ཆེད་སྤྱོད་སྲུང་སྐྱོབ་མཚོན་རྟགས5-8བརྩོན་ལེན་བྱེད་པ། སྐྱེ་ལྡན་ཐོན་རྫས་དཔང་དངོས་ཁས་ལེན་མིག་དཔེ་རྩ་འཛུགས་སྐྲུན། གལ་གནད་ཐོན་རྫས་སྤུས་ཀ་ཡར་སྤར་འགུལ་སྐྱོད། ཚད་གཞི་དང་ཚད་འཇལ། དཔང་དངོས་ཁས་ལེན་དང་ཞིབ་དཔྱད་ཞིབ་བརྟག་སྤུས་ཀ་ཆེན་པོ་བཞིའི་རྨང་གཞིའི་ལས་གྲྭ།བཟའ་བཅའ་དང་སྨན་རྫས་བདེ་འཇགས་བཅོས་སྐྱོང་ལས་གྲྭ། ཞིང་ཇས་ཐོན་རྫས་སྤུས་ཀ་བདེ་འཇགས་ཞིབ་དཔྱད་དང་ཁུངས་འདེད་མ་ལག བཟའ་བཅའལུས་ཐང་དངོས་རྫས སྨན་རྫསསྐག་ཚོས་ཀྱི་རིགས སྨན་བཅོས་ལག་ཆ་ཞིབ་དཔྱད་ཞིབ་བཤེར་མ་ལག་འཛུགས་སྐྲུན། ཤེས་རརབ་བཟའ་བཅའ་དང་སྨན་རྫས་ལྟ་རྟོག་མ་ལག་འཛུགས་སྐྲུན། དཔང་དངོས་ཁས་ལེན་ཞིབ་སྡུར་མ་ལག་འཛུགས་སྐྲུན་སོགས།

ལེའུ་བཅུ་བཞི།སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ།

གཏིང་ཟབ་སྒོས་རྒྱུ་ནོར་བདག་དབང་དང་ཚོང་ར་མ་ལག ཁྲལ་ནོར་རྐྱེན་སྲོལ། སྲིད་གཞུང་འགན་དབང་སོགས་རྨང་གཞི་རང་བཞིན་གྱི་ལམ་ལུགས་བཅོས་སྒྱུར་གསར་གཏོད་སྐུལ་འདེད་བྱས་ཏེ། ཚོང་རའི་གསོན་ཤུགས་འདོན་སྤེལ་དང་གོང་འཕེལ་དུ་གཏོང་བའི་མི་མངོན་པའི་ནུས་ཤུགས་ཕྱིར་མངོན་བྱེད་རྒྱུ།

ས་བཅད་དང་པོ།གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུ།

གཅིག རྒྱུ་ནོར་བདག་དབང་སྲུང་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ།རྒྱུ་ནོར་བདག་དབང་གི་གཙོ་གྲས་དབང་ཆ་དང་འགན་ཁུར་དངོས་འབབ་བྱེད་པ་དང་། ཁྲིམས་ལུགས་ལྟར་རརིགས་སོ་སོའི་རྒྱུ་ནོར་བདག་དབང་སྲུང་སྐྱོབ་བྱེད་པ་གལ་གནད་དུ་བཟུང་ཞིང་། ཁོངས་གཏོགས་གསལ་བ་དང་འགན་དབང་གསལ་བོ། ནན་ཏན་སྲུང་སྐྱོབ། བརྒྱུད་བསྒྲགས་ཁ་གསལ་ཡིན་པའི་དེང་རབས་རྒྱུ་ནོར་བདག་དབང་ལམ་ལུགས་འཐུས་ཚང་དུ་གཏོང་བ་ཇེ་མགྱོགས་སུ་གཏོང་རྒྱུ། དཔལ་འབྱོར་དབང་བའི་ལམ་ལུགས་ཀྱི་རྩ་འཛུགས་སོ་སོ་དང་རང་བྱུང་མིའི་རྒྱུ་ནོར་དབང་ཆ་སྲུང་སྐྱོབ་བྱེད་པ་ཤུགས་སྣོན་བྱེད་རྒྱུ། གཏིང་ཟབ་སྒོས་རོང་འབྲོག་ས་ཁུལ་གྱི་ས་ཆའི་ལམ་ལུགས་བཅོས་སྒྱུར་བྱེད་པ་དང་། རོང་ཁྱིམ་ས་ཞིང་འགན་ལེན་བདག་གཉེར་དབང་ཆ་དངོས་དང་ཐོ་འགོད། འཛིན་བྱང་ལེན་པ་བཅས་སྐུལ་འདེད་ཇེ་མགྱོགས་སུ་བཏང་ནས་ཁྲིམས་ལུགས་ལྟར་ཞིང་སྡེའི་ཐུན་མོང་གི་ས་ཆ་བདག་དབང་དང་བེད་སྤྱོད་བྱེད་དབང་ལ་སྲུང་སྐྱོབ་བྱེད་རྒྱུ། ཞིང་བར་ས་ཞིང་གི་འགན་གཙང་ལེན་བདག་གཉེར་དབང་ཆ་དང་། སྔར་ལས་ཁ་ཚང་བའི་ཁང་ཁྱིམ་གཞི་མ་བེད་སྤྱོད་བྱེད་པའི་རྒྱུ་ནོར་བདག་དབང་དབང་ཆ་སོགས་སྟེར་དགོས། གཏིང་ཟབ་སྒོས་རྒྱལ་གཉེར་ནགས་ར་དང་ཐུན་མོང་ནགས་དབང་། རྨོ་ཞིང་ས་ཁུལ། རྩྭ་ས་བཅས་ཀྱི་འགན་གཙང་ལེན་བདག་གཉར་བཅོས་སྒྱུར་བྱེད་རྒྱུ།

གཉིས། རྒྱལ་གཉེར་ཁེ་ལས་བཅོས་སྒྱུར་བྱེད་རྒྱུ།དེང་རབས་ཁེ་ལས་ལམ་ལུགས་འཐུས་ཚང་དང་ཁྲིམས་མི་བཅོས་སྐྱོང་སྒྲིག་གཞི་ཁ་ཚང་དུ་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་གཉེར་ཁེ་ལས་སྟོབས་ཤུགས་ཇེ་ཆེ་དང་སྤུས་ཀ་ཇེ་ལེགས། ཁྱོན་རྒྱ་ཇེ་ཆེ་བཅས་སུ་བཏང་སྟེ། རྒྱལ་གཉེར་དཔལ་འབྱོར་གྱི་གསོན་ཤུགས་དང་ཚོད་འཛིན་ནུས་ཤུགས། ཤན་ཤུགས། ཉེན་འགོག་ནུས་ཤུགས་བཅས་ལ་ཤུགས་སྣོན་བྱེད་རྒྱུ། རྒྱལ་ཁབ་ལ་དབང་བའི་མ་རྩ་བདག་གཉེར་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། མ་རྩ་བདག་གཉེར་གཙོར་བཟུང་སྟེ་རྒྱལ་ཁབ་ལ་དབང་བའི་མ་རྩ་ལྟ་རྟོག་བདག་གཉེར་བྱེད་ཅིང་། རྒྱལ་ཁབ་ལ་དབང་བའི་མ་རྩ་དབང་སྐུར་བདག་གཉེར་ལམ་ལུགས་བཅོས་སྒྱུར་བྱས་ཏེ། རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཐོན་ལས་དབང་ཆའི་གཙོ་གཞི་ངོ་མ་ཞིག་ཏུ་བསྒྱུར་དགོས། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོརམ་རྩལ་ལྟ་རྟོག་བྱེད་པར་ཤུགས་སྣོན་བྱས་ཏེ། རྒྱལ་ཁབ་ལ་དབང་བའི་ཁེ་ལས་བདག་གཉེར་མ་འཇོག་འགན་ཁུར་གཏིང་འདེད་ལམ་སྲོལ་འཛུགས་དགོས། རྒྱལ་ཁབ་ལ་དབང་བའི་མ་རྩ་བཀོད་སྒྲིག་ལེགས་པོ་བྱས་ཏེ། རྒྱལ་ཁབ་ལ་དབང་བའི་མ་རྩ་ལས་རིགས་གལ་ཆེན་དང་གནད་འགག་ཁྱབ་ཁོངས་སུ་ཁུ་བསྡུ་བྱེད་པར་སྣེ་ཁྲིད་བྱེད་རྒྱུ། ཡང་དག་པའི་སྒོ་ནས་རིགས་མི་གཅིག་པའི་རྒྱལ་གཉེར་ཁེ་ལས་ཀྱི་བྱེད་ནུས་ལ་གསལ་ཐག་བཅད་དེ་གོམ་ཁ་བརྟན་པོའི་སྒོ་ནས་རིགས་འབྱེད་བཅོས་སྒྱུར་སྐུལ་འདེད་བྱེད་རྒྱུ། རྒྱལ་གཉེར་ཁེ་ལས་ཀྱི་ངལ་རྩོལ་དང་མི་དོན། བགོ་བྱ་ལམ་ལུགས་སྒྱུར་བཅོས་བྱེད་པར་སྐུལ་འདེད་དང་། ལུགས་མཐུན་སྒོས་ཚོང་ར་ཅན་གྱི་མི་འདེམས་མི་བཀོལ་སྡུར་ཚད་ཇེ་མང་དུ་བཏང་སྟེ། ཆེད་ལས་གཉེར་མཁན་ལམ་ལུགས་འཛུགས་དགོས། ཚྭ་ཁུའི་ལས་རིགས་ལམ་ལུགས་བཅོས་སྒྱུར་བྱེད་པར་སྐུལ་འདེད་བྱེད་རྒྱུ།

གསུམ། དཔལ་འབྱོར་མཉམ་བསྲེས་དབང་བའི་ལམ་ལུགས་གོང་འཕེལ་དུ་གཏོང་རྒྱུ།རིགས་མི་གཅིག་པའི་དབང་བའི་ལམ་ལུགས་ཁེ་ལས་གསར་གཏོད་གོང་འཕེལ་དུ་གཏོང་བར་ཡར་སྐུལ་དང་རྒྱབ་སྐྱོར་བྱེད་པ་དང་། རིགས་སོ་སོའི་དབང་བའི་ལམ་ལུགས་ཀྱི་ཁེ་ལས་ཐོན་ལས་ཀྱི་བདག་དབང་དང་ལུགས་མཐུན་ཁེ་ཕན་ལ་སྲུང་སྐྱོབ་བྱས་ཏེ། ཁེ་ལས་ཀྱིས་མ་དངུལ་གཏོང་བའི་སྙིང་སྟོབས་ཇེ་མཐོར་བཏང་ཞིང་ཁེ་ལས་ཚོང་རའི་སྔོན་དཔག་བྱེད་པ་ལེགས་སྒྱུར་བྱེད་རྒྱུ། ཚོང་རའི་བགྲོད་ལམ་ལ་བརྟེན་ནས་ཐོན་ཁུངས་སྙོམས་སྒྲིག་བྱེད་པར་ཤུགས་སྣོན་དང་། ཁེ་ལས་གཅིག་བསྡུ་བསྐྱར་འཛུགས་བྱེད་པར་སྐུལ་མ་བྱས་ཤིང་། རྒྱལ་གཉེར་ཐོན་ཁུངས་དབང་ཆ་མ་རྩ་ཅན་དང་དངུལ་འཛིན་ཅན་དུ་བསྒྱུར་བར་སྐུལ་འདེད་བྱེད་པ་དང་། རྒྱལ་ཁབ་དབང་བའི་མ་རྩ་མ་ཡིན་པ་རྒལ་ཁབ་ལ་དབང་བའི་མ་རྩ་འཇོག་པའི་ལས་གྲྭར་མ་རྐང་བཞག་ཆོག་པ་བྱེད་ཅིང་། རྒྱལ་ཁབ་ཀྱི་མ་རྩ་དང་ཐུན་མོང་གི་མ་རྩ། གཞུང་མ་ཡིན་པའི་མ་རྩ་སོགས་སྣོལ་སྡེབ་མ་རྐང་འཇོག་པ་དང་ཕན་ཚུན་མཉམ་འདྲེ། གོ་རིམ་ཡོད་པའི་སྒོ་ནས་མཉམ་བསྲེས་དབང་བའི་ལམ་ལུགས་གྱི་དཔལ་འབྱོར་གོང་འཕེལ་དུ་གཏོང་རྒྱུ། མཉམ་བསྲེས་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་གྱིས་ཁེ་ལས་ལས་བཟོ་པས་མ་རྐང་འཛིན་པ་ལག་བསྟར་བྱས་ཆོག་པ་དང་། ལས་བཟོ་པ་ཡོངས་ཀྱིས་མ་རྐང་བཟུང་བ་གོ་རིམ་ལྟར་ཕྱིར་འབུད་དང་སྙོམས་སྒྲིག་རྐྱེན་སྲོལ་བཙུགས་ཏེ། མ་རྩ་ཡོད་པ་དང་ངལ་རྩོལ་པ་གཉིས་ཁེ་ཕན་ཐུན་མོང་ཚོགས་པ་ར་འགྱུར་བྱེད་རྒྱུ།

བཞི། ཤུགས་ཆེན་པོས་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་དུ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ།སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་སྡུར་ཚད་ཇེ་མཐོར་གཏོང་བ་དང་། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕར་དུ་གཏོང་བའི་སྲིད་ཇུས་བྱེད་ཐབས་ལ་རྒྱབ་སྐྱོར་དང་ཡར་སྐུལ་བྱེད་པ་འཐུས་ཚང་དུ་བཏང་ཞིང་། ཁྲིམས་ལུགས་ལྟར་དབང་བའི་ལམ་ལུགས་སོ་སོའི་དཔལ་འབྱོར་ཁེ་ཕན་ལ་སྲུང་སྐྱོབ་བྱས་ཏེ། འདྲ་མཉམ་འགྲན་རྩོད་ཀྱི་ཚོང་རའི་ཁོར་ཡུག་སྒྲིག་ལམ་གྱི་ཁོར་ཡུག་བསྐྲུན་དགོས། དབང་ཆ་འདྲ་མཉམ་དང་གོ་སྐབས་འདྲ་མཉམ། རྐྱེན་སྲོལ་འདྲ་མཉམ་བཅས་ཀྱི་སྒོ་ནས་དངོས་གཞིའི་དཔལ་འབྱོར་ཁེ་ལས་མ་རྩ་ཇེ་ཉུང་དུ་བྱེད་སྒོ་སྤེལ་སྟེ། གཉེར་སྐྱོང་གི་རྣམ་པ་ཇེ་ལེགས་དང་ཁེ་སྤོགས་ལེན་པའི་བྱེད་ནུས་ཇེ་ཆེར་བཏང་ནས་ཁེ་ལས་ཀྱི་ཕན་ཁེ་ཇེ་མཐོར་གཏོང་རྒྱུ། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལ་རྣམ་པ་མི་འདྲ་ཞིང་ལུགས་མཐུན་མིན་པའི་རག་གཅོད་འདོར་བ་དང་། ལྐོགས་སྦས་ཀྱི་འགོག་གྱང་ཐམས་ཅད་མེད་པར་བཏང་སྟེ་སྤྱི་ལ་དབང་བ་མ་ཡིན་པའི་ཁེ་ལས་ཆོག་མཚན་ཁྱད་པར་བ་ཐོབ་པའི་ལས་གཉེར་ཁྱབ་ཁོངས་སུ་སྣེ་ཁྲིད་ཚུར་འགུགས་བྱེད་རྒྱུ། སྤྱི་ལ་དབང་བ་མ་ཡིན་པའི་ཁེ་ལས་རྒྱལ་གཉེར་ཁེ་ལས་བཅོས་སྒྱུར་དུ་ཞུགས་པར་སྐུལ་མ་བྱས་ནས། ཆ་རྐྱེན་ཡོད་པའི་སྒེར་གཉེར་ཁེ་ལས་ཀྱིས་དེང་རབས་ཁེ་ལས་ཀྱི་ལམ་ལུགས་འཛུགས་པར་རྒྱབ་སྐྱོར་བྱེད་རྒྱུ། ཧུར་ཐག་གིས་སྤྱི་ལ་དབང་བ་མ་ཡིན་པའི་དཔལ་འབྱོར"རྒྱུད་གཅིག་ལམ་གཅིག"གི་འཛུགས་སྐྲུན་དང་རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་སམ་སྒྲིག་ཆས་བཟོ་སྐྲུན་བྱེད་པ་ལ་ཞུགས་པར་ཡར་སྐུལ་བྱས་ཏེ། དམངས་གཉེར་ཁེ་ལས་ཕྱི་ཕྱོགས་སུ་བགྲོད་པར་སྤུལ་འདེད་བྱེད་རྒྱུ། རྨང་གཞིའི་སྒྲིག་ཆས་དང་སྤྱི་སྤྱོད་ལས་དོན་སོགས་ཀྱི་ཁྱབ་ཁོངས་ནས་མུ་མཐུད་དུ་ལས་གྲྭ་གལ་ཆེན་འབོར་ཞིག་སྤེལ་ཏེ་སྤྱི་ཚོགས་མ་རྩ་ལ་སྒོ་ཕྱེ་སྟེ། དམངས་གཉེར་ཁེ་ལས་མཁར་གྲོང་ཅན་གསར་བ་འཛུགས་སྐྲུན་བྱེད་པ་དང་དམིགས་གཏད་དབུལ་སྐྱོར་དུ་ཞུགས་པར་སྐུལ་འདེད་བྱེད་རྒྱུ། རོགས་སྐྱོར་མ་དངུལ་དང་མ་རྩ་མཉམ་འདྲེས་ལས་སྟེགས། ཁྲལ་བསྡུ་ཁེ་སྟེར། མི་འཇོན་ཐང་ཅན་འགན་སྲུང་། ཤེས་ཡོན་གྱི་ཐོན་དངོས་བདག་དབང་གསར་གཏོད་བྱེད་པ་སོགས་བརྒྱུད་དེ་ཆུང་འབྲིང་ཐ་ཆུང་གི་ཁེ་ལས་གསར་གཏོད་གསོན་ཤུགས་འདོན་སྤེལ་བྱས་ཏེ། དམངས་གཉེར་དཔལ་འབྱོར་ཁ་ཕྱོགས་འགྱུར་ཞིང་རིམ་འཕར་བྱེད་པར་སྐུལ་འདེད་བྱེད་རྒྱུ།

ས་བཅད་གཉིས་པ།དེང་རབས་ཚོང་རའི་མ་ལག་འཐུས་ཚང་དུ་གཏོང་བ་ཇེ་མགྱོགས་སུ་གཏོང་རྒྱུ།

གཅིག འདྲ་མཉམ་སྒོ་འབྱེད་ཕྱི་གསལ་ནང་གསལ་གྱི་ཚོང་རའི་རྐྱེན་སྲོལ་འཛུགས་པ།གཅིག་གྱུར་གྱི་ཚོང་ར་ཞུགས་ཆོག་ལམ་ལུགས་ལག་བསྟར་བྱེད་པ་དང་། བུན་གྲངས་ཞིབ་ཐོ་གཏན་ཁེལ་བྱས་པའི་རྨང་གཞིའི་སྟེང་དུ་རིགས་སོ་སོའི་ཚོང་རའི་གཙོ་གྲས་ཁྲིམས་ལུགས་ལྟར་འདྲ་མཉམ་སྒོས་ཞིབ་ཐོ་ལ་མི་གཏོགས་པའི་ཁྱབ་ཁུངས་སུ་ཞུགས་ཆོག བཟོ་ཚོང་ཐོའགོད་སྟབས་བདེ་ཅན་སྐུལ་འདེད་བྱེད་རྒྱུ། ཚོང་རའི་ལྟ་རྟོག་མ་ལག་སྒྱུར་བཅོབ་བྱེད་པ་དང་། གཅིག་གྱུར་གྱིས་ཚོང་རར་ལྟ་རྟོག་ལག་བསྟར་བྱེད་ཅིང་། ཚོང་ར་གཅིག་གྱུར་དང་འདྲ་མཉམ་འགྲན་རྩོད་གེགས་དང་བར་ཆད་བྱེད་པའི་རྐྱེན་སྲོལ་དང་སྒྲུབ་སྟངས་མེད་པར་དང་རྩ་དོར་བྱས་ཏེ། སྡེ་ཁག་སྲུང་སྐྱོབ་དང་ལས་རིགས་སྒེར་སྡེམ་རྩ་གཏོར་བྱས་ཏེ། གཅིག་གྱུར་ཚོང་ར་དང་འདྲ་མཉམ་འགྲན་རྩོད་ཁོར་ཡུག་གྲུབ་པར་བྱེད་རྒྱུ། སྤྱི་སྤྱོད་ཐོན་ཁུངས་བཀོད་སྒྲིག་གི་རྣམ་པ་བཅོས་སྒྱུར་བྱེད་པ་དང་། ཐོན་ཁུངས་བཀོད་སྒྲིག་ཚོང་ར་ཅན་དུ་སྐུལ་འདེད་བྱེད་རྒྱུ། གློང་ཤུགས་དང་གློག་འཕྲིན། འགྲིམ་འགྲུལ། རྡོ་སྣུམ། རང་བྱུང་སོལ་རླངས། གྲོང་སྲིད་སྤྱི་སྤྱོད་སོགས་རང་བྱུང་སྒེར་སྡེམ་ལས་རིགས་ཀྱི་འགྲན་རྩོད་རང་བཞིན་གྱི་ལས་དོན་སོགས་སྒོ་འབྱེད་བྱེད་པ་ཇེ་མགྱོགས་སུ་གཏོང་རྒྱུ། དྲག་རྒྱལ་ཞན་འཇིག་གི་ཚོང་ར་ཅན་ཕྱིར་འཐེན་རྐྱེན་སྲོལའཐུས་ཚང་དུ་བཏང་སྟེ་ཁེ་ལས་གཏོར་བརླག་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ།

གཉིས། གཙོ་བོ་ཚོང་རས་རིན་གོང་ཐག་གིས་གཅོད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་རྒྱུ།ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོས་རིན་གོང་ཚོང་ར་ཅན་དུ་བསྒྱུར་བཅོས་བྱེད་པ་ཇེ་མགྱོགས་སུ་གཏོང་བ་དང་། ཆུ་དང་རྡོ་སྣུམ། རང་བྱུང་སོལ་རླངས། གློག་ཤུགས། འགྲིམ་འགྲུལ། གློག་འཕྲིན་སོགས་སྐུལ་འདེད་བྱས་ཏེ། ཕྱོགས་ཡོངས་ནས་འགྲན་རྩོད་རང་བཞིན་གྱི་ཁྱབ་ཁོངས་ཀྱི་ཚོང་རྫས་དང་ཞབས་ཞུ་རིན་གོང་ལ་ཚོད་འཛིན་མི་བྱེད་པ་བྱེད་རྒྱུ། སྲིད་གཞུང་གི་རིན་གོང་དཀར་ཆག་བཟོ་བཅོས་བྱས་ཏེ། གོམ་པ་བརྟན་པོས་ཆེད་ལས་ཞབས་ཞུའི་རིན་གོང་ལ་ཚོད་འཛིན་མི་བྱེད་པ་བྱེད་རྒྱུ། སྲིད་གཞུང་གི་རིན་གོང་ཐག་གིས་གཅོད་པའི་རིགས་སྣ་མི་གཅིག་པ་དང་ལས་གཞི་འཕྲི་འཐེན་བྱེད་པ་ཁྱབ་རྒྱ་ཆེ་དགོས་པ་དང་། སྲིད་གཞུང་གིས་རིན་གོང་གཏན་ཁེལ་བྱེད་པའི་ཁྱབ་ཁོངས་གཙོ་བོ་སྤྱི་སྤྱོད་ལས་དོན་དང་སྤྱི་ཕན་རང་བཞིན་གྱི་ཞབས་ཞུ། དྲ་རྒྱ་ཅན་གྱི་རང་བྱུང་སྒེར་སྡེམ་འབྲེལ་མཚམས་བཅས་སུ་ཆོད་འཛིན་གཏན་ཁེལ་བྱས་ཏེ། གསལ་ཚད་ཇེ་མཐོར་བཏང་ཞིང་སྤྱི་ཚོགས་ཀྱི་ལྟ་རྟོག་དང་ལེན་བྱེད་རྒྱུ། ཞིང་ལས་ཐོན་རྫས་ཀྱི་རིན་གོང་གྲུབ་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་ཚོང་རས་རིན་གོང་གྲུབ་པའི་བྱེད་ནུས་འདོན་སྤེལ་བྱེད་པ་མཐོང་ཆེན་བྱེད་རྒྱུ། 

གསུམ། འཛུགས་སྐྲུན་གཞི་སའི་ཚོང་ར་ཚད་ལྡན་དུ་གཏོང་རྒྱུ།འཆར་འགོད་དང་སྤྱོད་སྒོ་རྩིས་སྤྲོད་དོ་དམ་དང་འཚམས་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ་ཞིང་སྡེའི་ཐུན་མོང་ལས་གཉེར་རང་བཞིན་འཛུགས་སྐྲུན་བྱེད་ས་གཞན་ལ་སྤྲོད་པ་དང་། གླ་བ། མ་རྐང་དུ་འཇོག་པར་ཆོག་མཆན་བཀོད་དེ། རྒྱལ་ཁབ་ལ་དབང་བའི་གཞི་ས་དང་མཚུངས་པར་ཚོང་རར་ཞུགས་ཆོག་པ་དང་། དབང་གཅིག་རིན་གཅིག་ཡིན་པ་ལག་བསྟར་བྱེད་རྒྱུ། ས་ཆ་བསྡུ་ལེན་བྱེད་རྒྱ་ཇེ་ཆུང་དུ་གཏོང་བ་དང་། ས་ཆ་བསྡུ་ལེན་གྱི་གོ་རིམ་ཚད་ལྡན་དུ་བཏང་ཞིང་། ས་ཆ་བསྡུས་པའི་ཞིང་པར་ལུགས་མཐུན་ཡིན་པ་དང་ཚད་ལྡན་ཡིན་པ། སྣ་མང་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ། རྒྱལ་ཁབ་ལ་དབང་བའི་ས་ཆ་རིན་དོད་ཡོད་པའི་བེད་སྤྱོད་ཁྱབ་རྒྱ་ཇེ་ཆེར་གཏོང་བ་དང་། སྤྱི་ཕན་རང་བཞིན་མིན་པའི་ས་ཆ་གཏོང་སྤྲོད་བྱེད་པ་ཇེ་ཉུང་དུ་གཏོང་རྒྱུ། རྒྱལ་ཁབ་དང་ཐུན་མོང་། མི་རང་ཉིད་བཅས་དོ་སྣང་བྱེད་པའི་ས་ཆ་རིན་འཕར་ཡོང་སྒོ་བགོ་བྱ་རྒྱག་པའི་རྐྱེན་སྲོལ་བཙུགས་ཏེ། ལུགས་མཐུན་སྒོས་མི་སྒེར་གྱི་ཡོང་སྒོ་ཇེ་མང་དུ་གཏོང་རྒྱུ། རིམ་པ་བཞིན་དུ་ས་ཆ་གླ་བ་དང་ས་ཆ་གཞན་ལ་བསྐོར་བ། ཚོང་ར་གཉིས་པ་བཅས་ལ་གཏའ་མ་འཇོག་པ་འཐུས་ཚང་དུ་གཏོང་རྒྱུ། ཞིང་པས་འགན་གཙང་ལེན་བྱེད་པའི་ས་ཆ་བརྒྱུད་སྤྲོད་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་ཁང་སའི་གཞི་མ་ཕྱིར་འཐེན་བྱེད་པའི་ལམ་ལུགས་ལ་དཔྱད་ཞིབ་བྱེ་དགོས།

བཞི། དངུལ་ལོར་གྱི་ཚོང་རའི་མ་ལག་འཐུས་ཚང་དུ་གཏོང་རྒྱུ།བྱེད་ནུས་ཆ་ཚང་དང་རིམ་པ་གསལ་བོ། འཁོར་སྐྱོད་གོ་རིམ་ཡོད་པའི་དངུལ་ལོར་ཚོང་ར་མ་ལག་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་རྒྱུ། དངུལ་ཁང་དང་དངུལ་འཛིན། ཉེན་འགན་ལེན་པ། དུས་བཅད་ཚོང་ཟོག་སོགས་ཚུར་འགུགས་བྱེད་ཅིང་། ཕན་ཚུན་སྦྲེལ་བའི་དྲ་བའི་དངུལ་ལོར་སོགས་དངུལ་ལོར་བྱེད་སྒོའི་རྣམ་པ་གསར་བ་ཁུ་བསྡུ་གོང་འཕེལ་དུ་གཏོང་བ་བྱས་ཏེ། ས་གནས་དངུལ་ལོར་སྒྲིག་གཞི་བཅོས་སྒྱུར་གསར་གཏོད་དང་ཕྱོགས་སྒྱུར་རིམ་འཕར་བྱེད་པར་སྐུལ་འདེད་བྱས་ཏེ། རིགས་སོ་སོའི་དངུལ་ལོར་བར་བ་ཞབས་ཞུ་ལས་ཁུངས་མགྱོགས་མྱུར་སྒོས་གོང་འཕེལ་གཏོང་བ་དང་། མཚོ་སྔོན་ཞིང་ཆེན་དངུལ་ལོར་ཞབས་ཞུ་ལྟེ་གནས་ཞིབ་འཇུག་འཛུགས་སྐྲུན་བྱེད་རྒྱུ། མགྱོགས་མྱུར་སྒོས་རིམ་པ་མང་བའི་མ་རྩ་ཚོང་ར་འཛུགས་སྐྲུན་བྱེད་པ་དང་། ཤུགས་གང་ཡོད་ཀྱིས་ས་ཁུལ་རང་བཞིན་རྐང་འཇོག་དབང་ཆ་ཉོ་བཙོང་ཚོང་ར་ཕྱོགས་བསྡུས་དངུལ་ལོར་ཞབས་ཞུ་བྱེད་ནུས་ཡར་འཐེན་བྱེད་རྒྱུ། དུས་བཅད་ཚོང་ཟོག་ཚོང་ར་གོང་འཕེལ་དུ་གཏོང་བར་སྐུལ་འདེད་བྱེད་པར་ཞིབ་འཇུག་བྱེད་པ་དང་། རྒྱལ་ནང་གི་ཚོང་ཟོག་ཚོང་ར་དང་མཉམ་འབྲེལ་བྱས་ཏེ་ལུད་རྫས་ཅ་དང་སྐྱེ་མེད་ཚྭ། ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་སོགས་ལས་རིགས་རང་བཞིན་དང་ས་ཁོངས་རང་བཞིན་གྱི་དུས་བཅད་ཚོང་ཟོག་དངོས་ཟོང་ཉོ་བཙོང་གོང་འཕེལ་དུ་གཏོང་བར་སྐུལ་འདེད་བྱེད་རྒྱུ། ཆུང་འབྲིང་དང་ཐ་ཆུང་ཁེ་ལས། ཞིང་ཕྱུགས་ལས་སོགས་འགན་ལེན་མ་ལག་འཛུགས་སྐྲུན་བྱས་ཏེ་འཐུས་ཚང་དུ་གཏོང་བ་དང་། ཧུར་ཐག་གིས་དམངས་ཁྲོད་མ་རྩ་སྣེ་ཁྲིད་བྱས་ཏེ་མ་རྩ་མཉམ་འདྲེས་རང་བཞིན་གྱི་འགན་ལེན་ལས་ཁུངས་འཛུགས་སྐྲུན་དང་་མ་བསྣན་རྐང་སྤེལ་བྱེད་རྒྱུ། དེང་རབས་དངུལ་རྩའི་ཚོང་ར་གོང་འཕེལ་དང་འཚམས་པའི་དངུལ་རྩའི་ལྟ་རྟོག་རྐྱེན་སྲོལ་བཙུགས་ཏེ། ནུས་པ་དང་ལྡན་པའི་སྒོ་ནས་མ་ལག་རང་བཞིན་དང་ཁྱབ་ཁོངས་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་འགོག་སྲུང་བྱེད་ཐུབ། སྤྱི་སྤྱོད་ཞབས་ཞུ་དང་ཐོན་ཁུངས་ཁོར་ཡུག་སོགས་གལ་ཆེན་ཁྱབ་ཁོངས་སུ་དངུལ་གཏོང་དངུལ་རྩ་མཉམ་འདྲེས་རྐྱེན་སྲོལ་གསར་གཏོད་བྱས་ཏེ། སྤྱི་ཚོགས་ཀྱི་མ་དངུལ་འཇོག་པར་སྐུལ་མ་བྱེད་རྒྱུ།

ས་བཅད་གསུམ་པ།ནོར་ཁྲལ་སྒྲིག་སྲོལ་བཅོས་སྒྱུར་བྱེད་པ་གཏིང་ཇེ་ཟབ་ཏུ་གཏོང་རྒྱུ།

མགྱོགས་མྱུར་ངང་གཅིག་གྱུར་ཆ་ཚང་དང་ཁྲིམས་སྐྱོང་ཚད་ལྡན། ཁྲོམ་བསྒྲགས་གསལ་བོ། འཁོར་སྐྱོད་ནུས་མཐོ། ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར། ཚོང་ར་གཅིག་གྱུར་སྲུང་སྐྱོང་། སྤྱི་ཚོགས་འདྲ་མཉམ་གྱི་རྒྱུན་མཐུད་བྱེད་ཐུབ་པའི་དེང་རབས་ནོར་ཁྲལ་ལམ་ལུགས་འཛུགས་པར་སྐུལ་འདེད་བྱེད་རྒྱུ།

གཅིག གཏིང་ཟབ་སྒོས་སྔོན་རྩིས་དོ་དམ་ལམ་ལུགས་བཅོས་སྒྱུར་སྐུལ་འདེད་བྱེད་རྒྱུ།ཕྱོགས་ཡོངས་ཚད་ལྡན་དང་སྤྱི་བསྒྲགས་དྭངས་གསལ་ཡིན་པའི་དེང་རབས་སྔོན་རྩིས་ལམ་ལུགས་འཛུགས་དགོས། སྲིད་གཞུང་གི་ཁ་གཅིག་གྲགས་ཀྱི་སྔོན་རྩིས་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྔོན་རྩིས་གཅིག་གྱུར་འཆར་འགོད་ཀྱི་ཤུགས་ཚད་ཇེ་ཆེར་བཏང་སྟེ། སྲིད་གཞུང་གི་ཡོང་སྒོ་དང་འགྲོ་སྒོ་ཡོངས་སྔོན་རྩིས་དོ་དམ་གྱི་གྲས་སུ་ཚུད་པར་བྱེད་རྒྱུ། ཕྱོགས་ཡོངས་ནས་སྔོན་རྩིས་དང་ངེས་རྩིས་ཁྲོམ་བསྒྲགས་བྱེད་པ་དང་། ཁྲོམ་བསྒྲགས་བྱེད་པའི་ཁྱོན་རྒྱ་ཇེ་ཆེ་དང་ཁྲོམ་བསྒྲགས་བྱེད་པའི་ནང་དོན་ཇེ་ཞིབ་ཏུ་གཏོང་རྒྱུ། སྔོན་རྩིས་ཀྱི་དོ་དམ་དང་ཚོད་འཛིན་ལེགས་བཅོས་བྱས་ཏེ་ལོ་བརྒལ་ཏེ་སྔོན་རྩིས་དོ་མཉམ་རྐྱེན་སྲོལ་འཛུགས་དགོས། བར་དཀྱིལ་གྱི་ནོར་སྲིད་འཆར་འགོད་བདག་གཉེར་ལག་བསྟར་བྱེད་པ་དང་། ལོ་གསུམ་རིང་གི་འཁོར་འགྲིམ་ནོར་སྲིད་འཆར་འགོད་ཀྱིས་ལོ་རེའི་སྔོན་རྩིས་ཚོད་འཛིན་ལ་ཤུགས་སྣོན་བྱེད་རྒྱུ། སྲིད་གཞུང་གི་བུ་ལོན་འཇལ་འགན་བདག་གཉེར་ཚད་ལྡན་དུ་གཏོང་བ་དང་། འཐབ་ཇུས་དབང་ཚད་དང་གཙོ་གྲས་དང་གོ་རིམ་བཅས་ནན་ཏན་བྱེད་ཅིང་། སྲིད་གཞུང་གི་བུ་ལོན་འཕྲོ་ལྷག་གི་གྲངས་ཚད་ཚོད་འཛིན་བྱེད་པ་ལག་བསྟར་བྱས་ཏེ། སྲིད་གཞུང་རང་བཞིན་གྱི་བུ་ལོན་ཉེན་ཁ་དོ་དམ་དང་དཔྱད་ཞིབ་འགན་འདྲི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་རྒྱུ། མ་རྩ་བསྲེ་བའི་ལས་སྟེགས་ཀུང་སིས་སྲིད་གཞུང་མ་རྩ་བསྲེ་བའི་འགན་ནུས་བཀོག་ཅིང་། སྲིད་གཞུང་གི་མ་རྩ་བསྲེ་བའི་ལས་སྟེགས་ཀུང་སི་ཚོང་ར་ཅན་དུ་བསྒྱུར་བར་སྐུལ་འདེད་བྱེད་རྒྱུ། གོ་རིམ་ཡོངས་སྔོན་རྩིས་གྲུབ་འབྲས་དོ་དམ་ལག་བསྟར་བྱེད་པ་དང་། འགྲོ་སོང་འགན་ཁུར་ཆོད་ནུས་འདུ་ཤེས་ཤུགས་དྲག་ཏུ་བཏང་ཞིང་། འཆར་གཞི་བཟོ་འགོད་སྔོན་རྩིས་ལ་དམིགས་ཡུལ་ཡོད་པ། སྔོན་རྩིས་གྲུབ་ན་དཔྱད་བརྗོད་ཡོད་པ། དཔྱད་བརྗོད་ཀྱི་མཇུག་འབྲས་སུ་བེད་སྤྱོད་བྱས་ཆོག་པའི་གྲུབ་འབྲས་ནུས་ཐོན་དོ་དམ་རྐྱེན་སྲོལ་བཅས་ཡོད་པ་མགྱོགས་མྱུར་ངང་མངོན་འགྱུར་བྱེད་རྒྱུ།

གཉིས།ནོར་སྲིད་འགྲོ་སྒོ་དོ་དམ་སྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ།སྒྲིག་གཞི་ལེགས་སྒྱུར་དང་ཁ་ཕྱོགས་གསལ་བོ་ཡིན་པའི་སྤྱི་སྤྱོད་ནོར་སྲིད་དོ་དམ་ལམ་ལུགས་འཛུགས་དགོས། གོམ་གང་མདུན་སྤོས་སྒོས་ནོར་སྲིད་འགྲོ་སོང་གི་སྒྲིག་གཞི་ལེགས་སྒྱུར་བྱེད་པ་དང་། མུ་མཐུད་དུ་སྐྱེ་ཁམས་སྲུང་སྐྱེབ་འཛུགས་སྐྲུན་དང་མི་དམངས་འཚོ་བ་ལེགས་སྒྱུར་བྱེད་པ་དང་མཉམ་དུ་སྔར་ལས་ནུས་ལྡན་སྒོས་ཕྱོགས་སྒྱུར་གོང་འཕེལ་གྱི་རྣམ་པ་ལ་རྒྱབ་སྐྱོར། ཁྲལ་ཁུངས་གསར་གསོ་སྐཔྱོང་དར་རྒྱས་སུ་བཏང་སྟེ། རིམ་བཞིན་དུ་ནོར་སྲིད་ཐོན་ལས་ཆེད་དམིགས་མ་གཏོང་དང་ཁྲལ་བསྡུ་བྱས་རྗེས། གོང་འཕེལ་དང་ལས་གཏོད་ལས་ཞུགས་སོགས་དང་སྦྲེལ་མཐུད་བྱེད་པའི་རྐྱེན་སྲོལ་གསར་འཛུགས་སྣེ་ཁྲིད་བྱེད་པར་མཐོང་ཆེན་བྱས་ནས། རང་ཞིང་གི་ནོར་སྲིད་འགྲོ་སྒོའི་ཁྱོན་རྒྱ་ཆེ་ཡང་དཔལ་འབྱོར་གོང་འཕེལ་འཐེན་པའི་འཐེན་ཤུགས་མི་འདང་བའི་གནད་དོན་ཐག་གིས་གཅོད་པར་བྱེད་རྒྱུ། ནོར་སྲིད་འགྲོ་སྒོ་བཏང་བའི་སྐུལ་མ་དང་འདྲེན་ཤུགས། རྒྱ་སྐྱེད་པའི་བྱེད་ནུས་བཅས་འདོན་སྤེལ་གང་ལེགས་བྱས་ཏེ། སྤྱི་ཚོགས་མ་དངུལ་གྱི་སྣེ་ཁྲིད་དེ་དཔལ་འབྱོར་གོང་འཕེལ་གྱི་གནད་འགག་ཁྱབ་ཁོངས་དང་མཐུད་མཚམས་ཞན་སར་གཏོང་རྒྱུ། དབང་འགན་འབྱུང་སའི་སྲིད་གཞུང་ཕྱོགས་བསྡུས་ནོར་དོན་ཡར་ཞུ་ལམ་ལུགས་བཙུགས་ཏེ། ཕྱོགས་ཡོངས་ནས་སྲིད་གཞུང་གི་འགྲོ་གྲོན་དང་རྒྱུ་ནོར། བུན་བླངས་པ་སོགས་གནས་ཚུལ་ཚུར་སྣང་བྱེད་རྒྱུ། ནོར་སྲིད་མ་དངུལ་འཆར་འགོད་གཅིག་གྱུར་སྒོས་བེད་སྤྱོད་བྱེད་པ་སྐུལ་འདེད་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་མ་དངུལ་གསོག་ཚད་རྩིས་བཤེར་ཡང་རྒྱུག་བྱས་ཏེ་ནོར་སྲིད་མ་དངུལ་བེད་སྤྱོད་ཕན་ནུས་ཇེ་མཐོར་གཏོང་རྒྱུ། སྡེ་ཁག་གི་སྔོན་རྩིས་འཆར་འགོད་ལག་བསྟར་གཙོ་གྲས་ཀྱི་འགན་ཁུར་དངོས་འབབ་བྱས་ཏེ་ཁྲིམས་ལུགས་ལྟར་ནོར་སྐྱོང་སྒྲིག་གཞིའི་རྐྱེན་སྲོལ་ཆ་ཚང་འཐུས་ཚང་དུ་གཏོང་རྒྱུ།

གསུམ།བརྟན་བརླིང་ངང་ཁྲལ་བསྡུ་ལམ་ལུགས་བཅོས་སྒྱུར་བྱེད་རྒྱུ།མགྱོགས་མྱུར་སྒོས་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་མཐུན་པའི་ཁྲལ་བསྡུ་ལམ་ལུགས་འཛུགས་དགོས། ནན་ཏན་སྒོས་རྒྱལ་ཁབ་ཀྱིས་གཅིག་གྱུར་བཀོད་སྒྲིག་བྱས་པའི་ཁྲལ་བསྡུ་ལམ་ལུགས་བཅོས་སྒྱུར་བྱེད་པའི་སྲིད་ཇུས་ཐབས་ལམ་དངོས་འབབ་མཐའ་འཁྱོལ་བྱེད་པ་དང་། རྒྱལ་ཁབ་ཀྱི་ཁྲལ་དང་ས་གནས་ཀྱི་ཁྲལ་བསྡུ་བའི་དོ་དམ་རྐྱེན་སྲོལ་བཅོས་སྒྱུར་གཏིང་ཟབ་མོ་བྱས་ཏེ། རིམ་བཞིན་དུ་ཁྲལ་བསྡུ་ལམ་ལུགས་སྙོམས་སྒྲིག་དང་འཐུས་ཚང་དུ་གཏོང་རྒྱུ། ས་གནས་ཁྲལ་དབང་གི་ཁྱབ་ཁོངས་སུ་དུས་འོས་དང་བསྟུན་ནས་ཐོན་ཁུངས་ཀྱི་ཁྲལ་དང་རྨོ་ཞིང་བཟུང་བའི་ཁྲལ་སོགས་ཁྲལ་ཚད་དང་ཁྲལ་བསྡུ་བའི་ཚད་གཞི་སྙོམས་སྒྲིག་བྱེད་རྒྱུ། ཧུར་ཐག་གིས་འཛད་གྲོན་གྱི་ཁྲལ་དང་ཁང་ས་ཐོན་ལས་ཀྱི་ཁྲལ། ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲལ། ཐོན་ཁུངས་ཀྱི་ཁྲལ་སོགས་རྗེས་སྙེག་བཅོས་སྒྱུར་བྱེད་རྒྱུ། ས་གནས་ཁྲལ་བསྡུ་ལས་ཁུངས་ཀྱིས་གླ་ལེན་མ་དངུལ་གྱི་ཁྲལ་བསྡུ་དོ་དམ་བྱེད་པའི་འགན་དབང་གསལ་བོ་བྱས་ཏེ། ཁྲལ་མ་ཡིན་པའི་ཡོང་སྒོ་ཁྲིམས་ལུགས་ཅན་དུ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ནས། ས་གནས་ཀྱི་ཁྲལ་གླ་ཡོང་སྒོའི་མ་ལག་འཐུས་ཚང་ཆ་ཚང་དུ་གཏོང་རྒྱུ། ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་སྒྲིག་གཞི་རང་བཞིན་གྱི་ཁྲལ་འཕྲི་དང་ཡོངས་ཁྱབ་རང་བཞིན་གྱི་གླ་རིན་མར་ཕབ་སྲིད་ཇུས་ལག་བསྟར་བྱེད་རྒྱུ། གསར་དུ་བསྣན་པའི་གླ་བསྡུ་ལས་གཞི་ནན་ཏན་སྒོས་ཚོད་འཛིན་བྱེད་པ་དང་། ཁེ་ལས་ལ་གཏོགས་པའི་གླ་བསྡུ་དཀར་ཆག་གསལ་ཐོ་འགོད་པའི་ལམ་ལུགས་ལག་བསྟར་བྱས་ཏེ། རྒྱལ་ཁབ་ཀྱིས་གཅིག་གྱུར་སྒོས་གཏན་ཁེལ་བྱས་པའི་ཁྲལ་བསྡུ་ཕན་སྟེར་སྲིད་ཇུས་དོན་ཐོག་ལ་འབབ་པར་བྱེད་རྒྱུ། རྒྱལ་ཁབ་ཁྲལ་དང་ས་གནས་ཀྱི་ཁྲལ་གྱིས་རང་རང་གི་ལེགས་ཆ་འདོན་སྤེལ་བྱེད་པ་དང་། ཞབས་ཞུ་གཏིང་འདྲེས་དང་ཁྲིམས་འཛིན་འོས་མཐུན་སྙོམས་སྒྲིག བརྡ་འཕྲིན་གཅིག་བསྡུ་ཇེ་བཟང་དུ་གཏོང་བར་སྐུལ་འདེད་བྱས་ཏེ། གཅིག་གྱུར་ཚད་ལྡན་དང་མཐོ་ནུས་མཉམ་སྤྱོད་ཀྱི་ཁྲལ་གཏོགས་བརྡ་འཕྲིན་ལས་སྟེགས་བཙུགས་ནས། མུ་མཐུད་དུ་ཁྲལ་བསྡུ་དོ་དམ་ལམ་ལུགས་དང་བསྡུ་ལེན་དོ་དམ་གྱི་བྱེད་ནུས་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་བྱེད་རྒྱུ།

བཞི།ཞིང་ཆེན་གྱིས་འོག་རིམ་ནོར་སྲིད་སྒྲིག་སྲོལ་བཅོས་སྒྱུར་བྱེད་པར་སྐུལ་འདེད་བྱེད་རྒྱུ།དབང་འགན་འདྲ་མཉམ་དང་དོང་དབང་དང་འགྲོ་གྲོན་འགན་ཁུར་ཆ་མཚུངས་པའི་ནོར་སྲིད་དོ་དམ་ལམ་ལུགས་འཛུགས་དགོས། ཀྲུང་དབྱང་དང་ས་གནས་ཀྱིས་དོན་དབང་བགོས་པ་གཞིར་བཟུང་སྟེ། ལུགས་མཐུན་སྒོས་ཞིང་ཆེན་དང་གྲོང་ཁྱེར། ཁུལ། བཅས་ཀྱི་དོན་དབང་དང་འགྲོ་སྒོའི་འགན་ཁུར་གཏན་ཁེལ་བྱེད་པ་དང་། གོམ་གང་མདུན་སྤོས་སྒོས་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་ཀྱི་ཡོང་སྒོ་བགོ་བ་སྐུལ་འདེད་བྱེད་རྒྱུ། སྤོ་སྒྱུར་དངུལ་སྤྲོད་ལམ་ལུགས་ལེགས་བཅོས་དང་འཐུས་ཚང་དུ་གཏོང་བ་དང་། སྤོ་སྒྱུར་དངུལ་སྤྲོད་སྒྲིག་གཞི་ལེགས་སྒྱུར་བྱས་ཏེ། རིམ་བཞིན་དུ་སྤྱིར་བཏང་རང་བཞིན་གྱི་སྤོ་སྒྱུར་དངུལ་སྤྲོད་ཀྱི་རྒྱ་ཁྱོན་དང་སྡུར་ཚད་ཇེ་མཐོར་གཏོང་རྒྱུ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།