2016ལོའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ཐེངས་བཅུ་གསུམ་པའི་ལོ་ལྔའི་འཆར་འགོད་ཀྱི་རྩ་གནད།(22)

ཆ་སྙོམས་རང་བཞིན་གྱི་སྤོ་སྒྱུར་དངུལ་སྤྲོད་རྒྱུ་རྐྱེན་དང་ཡང་ལྗིད་བཅས་ཚན་རིག་སྒྲིག་བཀོད་དང་སྙོམས་སྒྲིག་འཐུས་ཚང་དུ་གཏོང་བ་དང་། ནོར་སྲིད་སྤོ་སྒྱུར་དངུལ་སྤྲོད་དང་ཞིང་ལས་སྤོ་སྒྱུར་མི་གྲངས་གྲོང་ཁྱེར་ཅན་དུ་འགྱུར་བ་དང་སྦྲེལ་མཐུད་བྱེད་པའི་རྐྱེན་སྲོལ་བཙུགས་ཏེ། ས་ཁུལ་བར་གྱི་རྩ་བའི་སྤྱི་སྤྱོད་ཞབས་ཞུ་འདྲ་སྙོམས་ཅན་སྐུལ་འདེད་བྱེད་རྒྱུ། ཆེད་དུ་སྒསྤོ་སྒྱུར་དངུལ་སྤྲོད་བགོ་བྱའི་རྣམ་པ་ལེགས་སྒྱུར་བྱེད་པ་དང་། རིམ་བཞིན་དུ"རྒྱུ་རྐྱེན་ཐབས་ལམ"གྱི་བགོ་བྱ་མ་དངུལ་གྱི་སྡུར་ཚད་ཇེ་མཐོར་བཏང་སྟེ། གྲོང་ཁྱེར་དང་ཁུལ། རྫོང་སྲིད་གཞུང་བཅས་ཀྱི་གཅིག་གྱུརའཆར་འགོད་སྙོམས་སྒྲིག་ནུས་ཤུགས་དང་གཏོང་སྒོ་འགན་ཁུར་གྱི་འདུ་ཤེས་ཤུགས་སྣོན་བྱེད་རྒྱུ། རྫོང་རིམ་པའི་རྩ་བའི་ནོར་ཤུགས་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། དུས་བསྟུན་འོས་བསྟུན་སྒོས་འགན་སྲུང་ཚད་གཞི་སྙོམས་སྒྲིག་བྱེད་ཅིང་། སྐུལ་མའི་འཆིང་རྒྱ་ཤུགས་སྣོན་བྱས་ཏེ་རྫོང་རིམ་པའི་ནོར་ཤུགས་འགན་སྲུང་ཆུ་ཚད་ཇེ་མཐོར་བཏང་ནས། རྫོང་རིམ་པའི་ནོར་ཤུགས་ཆ་སྙོམས་ཚད་ལེགས་སྒྱུར་བྱེད་རྒྱུ།

ས་བཅད་བཞི་བ། སྲིད་གཞུང་གིས་ཚོང་རར་ཞབས་ཞུ་བྱེད་པའི་ནུས་པ་ཇེ་མཐོར་གཏོང་རྒྱུ།

གཅིག ཞིང་ཆེན་རིམ་པའི་དཔལ་འབྱོར་སྙོམས་སྒྲིག་དང་ཚོད་འཛིན་མཐན་སྦྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་རྒྱུ།གོང་འཕེལ་འཆར་འགོད་དང་མ་གཏོང་དོ་དམ། སྲིད་ནོར་ཁྲལ་བསྡུ། དངུལ་རྩ་སོགས་ཀྱི་ཕྱོགས་ཀྱི་ཁྲིམས་སྲོལ་སྒྲིག་ལམ་འཐུས་ཚང་དུ་གཏོང་བ་དང་། གོང་འཕེལ་གྱི་འཐབ་ཇུས་དང་འཆར་འགོད། སྲིད་ཇུས། ཚད་གཞི་སོགས་གཏན་ཁེལ་དང་ལག་བསྟར་བྱེད་པརཤུགས་སྣོན་བྱེད་རྒྱུ། སྲིད་གཞུང་གི་མ་འཇོག་དོ་དམ་གྱི་འགན་དབང་བསྒྱུར་ཤ་སྟག་བྱེད་པ་དང་། ཁེ་ལས་ཀྱི་མ་འཇོག་གོ་གནས་གཙོ་གྲས་གཏན་ཁེལ་བྱས་ཏེ། ཁེ་ལས་ཀྱི་མ་འཇོག་ལས་གཞི་ཞིབ་དཔྱོད་མཆན་འགོད་དཀར་ཆག་གི་རྩིས་ཐོ་གཏན་ཁེལ་དང་ཁྲོམ་བསྒྲགས་བྱེད་རྒྱུ། གོང་འཕེལ་གྱི་སྤུས་ཀ་དང་ཡོང་སྒོ་ཇེ་མཐོར་གཏོང་བ་དཀྱིལ་སྙིང་དུ་བཟུང་སྟེ། གོང་འཕེལ་གྲུབ་འབྲས་ལ་ཞིབ་བཤེར་དཔྱད་འཇོག་གི་ཚད་གཞི་མ་ལག་འཐུས་ཚང་དུ་གཏོང་རྒྱུ། གཅིག་གྱུར་གྱི་དཔལ་འབྱོར་ཞིབ་རྩིས་ལམ་ལུགས་བཙུགས་ཏེ། ས་གནས་མ་རྩས་བུན་བླངས་རེའུ་མིག་སྒྲིག་འཛུགས་བྱེད་རྒྱུ།

གཉིས། སྲིད་འཛིན་ཞིབ་དཔྱད་ཆོག་མཆན་འགོད་པའི་ལམ་ལུགས་གཏིང་ཟབ་ངང་བཅོས་སྒྱུར་བྱེད་རྒྱུ།སྲིད་གཞུང་གི་ཞབས་ཞུ་རྣམ་པ་སྒྱུར་བཅོས་བྱེད་པ་དང་། སྲིད་འཛིན་ཞིབ་དཔྱད་མཆན་འགོད་ཚད་ལྡན་ཅན་འཛུགས་སྐྲུན་བྱེད་པ་མགྱོགས་མྱུར་ངང་སྐུལ་འདེད་བྱེད་ཅིང་། ཐད་ཀར་དུ་ཁ་ཁེ་ལས་དང་མང་ཚོགས་ལ་ཕྱོགས་པའི་སྤྱི་སྤྱོད་ཞབས་ཞུ་ལེགས་སྒྱུར་བྱེད་པར་ཤུགས་སྣོན་བྱས་ཏེ། "འཛིན་ཡིག་ལེན་མང་བ"དང"བྱ་བ་བསྒྲུབ་དཀའ་བ"སོགས་ཀྱི་གནད་དོན་ཐག་གཅོད་ངོ་མ་བྱེད་རྒྱུ། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད། གཤམ་གཏོང་དང་དོ་དམ་ཟུང་འབྲེལ་བྱེད་པ་གཏིང་ཟབ་ཏུ་གཏོང་བ་དང་། "གཤམ་གཏོངདང་དོ་དམ། ཞབས་ཞུ"བཅོས་སྒྱུར་གཏིང་ཇེ་ཟབ་ཏུ་སྣེ་ཁྲིད་བྱེད་ཅིང་། མ་འཇོག་ལ་གཏོགས་པ་དང་། ལས་རིགས་གསར་གཏོད་བྱེད་པ། ཐོན་སྐྱེད་བདག་གཉེར་བྱེད་པ། ལག་རྩལ་མཐོན་པོས་ཞབས་ཞུ་སོགས་ཁྱབ་ཁོངས་ཀྱི་སྲིད་འཛིན་ཆོག་མཆན་བཀོད་དེ་དག་གཙང་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་སྟེ། མུ་མཐུད་དུ་སྲིད་འཛིན་ཆོག་མཆན་འགོད་པའི་བྱ་བའི་ལས་གཞི་འབོར་ཞིག་མེད་པར་གཏོང་བ་དང་མར་གཏོང་བྱེད་པ། སྙོམས་སྒྲིག་བཅས་བྱེད་རྒྱུ། ཕྱོགས་ཡོངས་ནས་སྤྱི་སྤྱོད་ཞབས་ཞུ་བྱ་བའི་ལས་གཞི་དང་བར་པའི་ཞབས་ཞུ་བྱ་བའི་ལས་གཞི་མགོ་རྐང་སྒྲིག་པ་དང་ཁྲོམ་བསྒྲགས་བྱེད་རྒྱུ། སྲིད་དོན་ལྟེ་གནས་དང་སྤྱི་སྤྱོད་ཐོན་ཁུངས་ཉོ་བཙོང་ལྟེ་གནས། དྲ་ཐོག་དོན་སྒྲུབ་ཚོམས་ཆེན་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་རྒྱུ། ཚོང་རར་ཞུགས་ཆོག་ལྡོག་ཕྱོགས་རྩིས་ཐོ་དོ་དམ་ལམ་ལུགས་ལག་བསྟར་བྱས་ཏེ། ཚོང་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་ཤུགས་འདོན་སྤེལ་བྱེད་རྒྱུ། སྲིད་འཛིན་ཆོག་མཆན་འགོད་པའི་བྱ་སྤྱོད་ཚད་ལྡན་ཅན་དུ་བཏང་སྟེ། དྲ་ཐོག་མཉམ་སྦྲེལ་ཆོག་མཆན་འགོད་པ་སོགས་ཀྱི་རྣམ་པ་གསར་བ་དར་སྤེལ་དུ་གཏོང་རྒྱུ། མེད་པར་བཏང་བ་དང་མར་གཏོང་བྱས་པའི་དོ་དམ་རིམ་གྲས་སྲིད་འཛིན་ཆོག་མཆན་འགོད་པའི་ལས་གཞི་དངོས་འབབ་དང་འབྲེལ་མཐུད་བྱེད་པ་ལེགས་སྒྲུབ་བྱས་ཏེ། བྱ་གཞག་གི་བར་དང་བྱ་གཞག་གི་མཇུག་གི་ལྟ་རྟོག་ལ་ཤུགས་སྣོན་བྱེད་རྒྱུ། ཚོང་དོན་ལམ་ལུགས་བཅོས་སྒྱུར་བྱེད་པ་གཏིང་ཇེ་ཟབ་ཏུ་གཏོང་རྒྱུ།

གསུམ། དོན་ལས་སྡེ་ཚན་རིགས་བཀར་ཏེ་བཅོས་སྒྱུར་བྱེད་པར་སྐུལ་འདེད་བྱེད་རྒྱུ།སྲིད་གཞུང་གི་འགན་ནུས་མགྱོགས་མྱུར་ངང་སྒྱུར་བཅོས་བྱེད་པ་དམ་འཛིན་བྱེད་པ་དང་། སྲིད་དང་བྱ་གཞག་དབྱེ་འབྱེད་དང་བྱ་གཞག་དང་ཁེ་ལས་དབྱེ་འབྱེད། དོ་དམ་དང་ལས་སྒྲུབ་དབྱེ་འབེད། སྲིད་དང་སྤྱི་ཚོགས་དབྱེ་འབྱེད་བཅས་བྱེད་པའི་རེ་འདུན་ལ་སྐུལ་འདེད་བྱེད་ཅིང་། སྤྱི་ཕན་བྱ་གཞག་གོང་འཕེལ་དུ་གཏོང་བར་སྐུལ་འདེད་བྱེད་པ་དམིགས་ཡུལ་ཡིན་པ་དང་། ཆན་རིག་སྒོས་རིགས་བཀར་བ་རྨང་གཞི་ཡིན་པ། སྒྲིག་གཞི་རྐྱེན་སྲོལ་བཅོས་སྒྱུར་གཏིང་ཟབ་བྱེད་པ་སྲོག་ཤིང་ཡིན་པ་སོགས་གཙོ་གནད་དུ་བཟུང་སྟེ། གོམ་ཁ་བགོ་བང་དང་རིགས་བཀར་ཏེ་སྲིད་འཛིན་གྱི་འགན་ནུས་ཐོན་སྐྱེད་ལས་གཉེར་བྱ་འགུལ་གཉེར་བ་དང་སྤྱི་ཕན་ཞབས་ཞུ་བྱ་གཞག་སྡེ་ཚན་སྒྱུར་བཅོས་བྱེད་པར་ཁག་ཁུར་སྐུལ་འདེད་བྱས་ཤིང་། གོམ་གང་མདུན་སྤོས་སྒོས་བྱ་གཞག་སྡེ་ཚན་གྱི་གསོན་ཤུགས་ལ་ཤུགས་སྣོན་བྱས་ནས། མུ་མཐུད་དུ་མི་དམངས་མང་ཚོགས་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱིས་སྤྱི་ཕན་ཞབས་ཞུ་ལ་བཏོན་པའི་རེ་བ་བསྐང་དགོས། 

བཞི། སྲིད་གཞུང་གི་རྩ་འཛུགས་སྒྲིག་གཞི་ལེགས་སྒྱུར་བྱེད་རྒྱུ།སྒྲིག་གཞིའི་འགན་ནུས་བཀོད་སྒྲིག་འཐུས་ཚང་དུ་གཏོང་བ་དང་། སྡེ་ཚན་འགན་དབང་གི་འབྲེལ་བ་མཐུན་སྦྱོར་བྱེད་ཅིང་། སྲིད་འཛིན་འཁོར་སྐྱོད་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ཧུར་ཐག་རྗེས་བརྟན་གྱིས་སྡེ་ཚན་ཆེན་པོའི་ལམ་ལུགས་ལག་བསྟར་བྱེད་རྒྱུ། སྲིད་འཛིན་ཁུལ་དང་བྱེད་ནུས་ཁུལ་མཉམའདྲེས་གོང་འཕེལ་དུ་འགྲོ་བའི་སྒྲིག་གཞིའི་རྐྱེན་སྲོལ་བཙུགས་ཏེ། མི་རིགས་རང་སྐྱོང་ས་ཁུལ་གྱི་སྲིད་འཛིན་དབྱེ་འགེར་སྒྲི་གཞི་བཅོས་སྒྱུར་ཚོད་ལྟ་བྱེད་ས་གོང་འཕེལ་དུ་གཏོང་བར་ཞིབ་དཔྱད་བྱེད་རྒྱུ། ཞིང་ཆེན་ཐད་སྐྱོང་རྫོངཚོད་ལྟ་བྱེད་སའི་རྫོངགི་སྲིད་འཛུན་དོ་དམ་དབང་ཚད་ཇེ་ཆེར་བཏང་སྟེ། ཞིང་ཆེན་ཐད་སྐྱོང་རྫོང་གི་སྒྲིག་གཞི་དང་མཚུངས་པའི་སྲིད་འཛིན་དོ་དམ་ལམ་ལུགས་འཛུགས་པར་ཞིབ་དཔྱད་བྱེད་རྒྱུ། ལས་རིགས་མཉམ་འབྲེལ་ཚོགས་པ་དང་ཚོང་ལས་མཉམ་འབྲེལ་ཚོགས་པ་སྲིད་འཛིན་ལས་ཁུངས་བར་གྱི་འབྲེལ་ཐག་གཅོད་པ་སྐུལ་འདེད་བྱེད་རྒྱུ།

  ཆེད་སྒྲིག་ལེ་ཚན23པ།དཔལ་འབྱོར་སྒྲིག་གཞི་བཅོས་སྒྱུར་བྱེད་པའི་ལས་འགན་གལ་ཆེན།

རྩ་བའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ།རྒྱལ་གཉེར་མ་རྩ་འཁོར་སྐྱོད་ཀུང་སི་དང་རྒྱལ་གཉེར་མ་རྩ་མ་འཇོག་ཀུང་སིའི་ཚོད་ལྟ་བྱེད་ས་སྐུལ་འདེད་བྱེད་པ་དང་། ཧུར་ཐག་གིས་དཔལ་འབྱོར་མཉམ་བསྲེས་དབང་བའི་ལམ་ལུགས་གོང་འཕེལ་དུ་གཏོང་བ། དཔལ་འབྱོར་དབང་བའི་ལམ་ལུགས་མི་གཅིག་པ་ཁྲིམས་ལུགས་ལྟར་འདྲ་མཉམ་སྒོས་ཚོང་རའི་འགྲན་རྩོད་དུ་ཞུགས་པའི་ལམ་ལུགས་འགན་སྲུང་མ་ལག་འཐུས་ཚང་དུ་བཏང་སྟེ། སྤྱི་དབང་དཔལ་འབྱོར་བདེ་ཐང་ངང་གོང་འཕེལ་དུ་གཏོང་བའི་སྲིད་ཇུས་ཐབས་ལམ་སྲུང་སྐྱོབ་དང་སྐུལ་བྱེད་པ་འཐུས་ཚང་དུ་གཏོང་རྒྱུ།མགྱོགས་མྱུར་ངང་དེང་རབས་ཚོང་རའི་མ་ལག་འཐུས་ཚང་དུ་གཏོང་བ། མགྱོགས་མྱུར་སྒོས་ཞིང་ཆེན་ཡོངས་ཀྱི་གཅིག་གྱུར་གྱི་ཡིད་རྟོན་བརྡ་འཕྲིན་བརྗེ་རེའི་ལས་སྟེགས་འཛུགས་པ་དང་། ཧུར་ཐག་གིས་ལྡོག་ཕྱོགས་ཀྱི་རྩིས་ཐོ་དོ་དམ་རྣམ་པ་སྐུལ་འདེད་བྱེད་རྒྱུ། ཤུགས་ཆེན་པོས་ཆུ་དང་རང་བྱུང་སོལ་རླངས། གློག་ཤུགསསོགས་ཁྱབ་ཁོངས་ཀྱི་རིན་གོང་བཅོས་སྒྱུར་བྱེད་པ་སྐུལ་འདེད་བྱེད་ཅིང་། གྲོང་ཁྱེར་དང་ཞིང་གྲོང་གཅིག་གྱུར་གྱི་འཛུགས་སྐྲུན་ལ་མཁོ་བའི་གཞི་སའི་ཚོང་ར་འཛུགས་སྐྲུན་བྱེད་པ་དང་། རིམ་པ་མང་བའི་མ་རྩའི་ཚོང་ར་མ་ལག་འཐུས་ཚང་དུ་བཏང་སྟེ་ཚན་རྩལ་མ་ལག་བཅོས་སྒྱུར་བྱེད་པར་སྐུལ་འདེད་དང་ཟབ་འཇུག་བྱད་དགོས།མགྱོགས་མྱུར་སྒོས་སྲིད་གཞུང་གི་འགན་ནུས་སྒྱུར་བཅོས་བྱེད་པ། གཏིང་ཟབ་སྒོས་སྲིད་འཛིན་དོ་དམ་སྒྲིག་གཞི་བཅོས་སྒྱུར་བྱེད་པ་དང་། ཕྱོགས་ཡོངས་ནས་སྲིད་གཞུང་སྡེ་ཁག་གི་དབང་ཆ་རྩིས་ཐོ་དང་འགན་ཁུར་རྩིས་ཐོ་ལམ་ལུགས་དར་སྤེལ་གཏོང་ཞིང་། སྲིད་གཞུང་གི་ཉོ་བསྡུ་སྤྱི་སྤྱོད་ཞབས་ཞུ་ལམ་ལུགས་སྲིད་ཇུས་ཆ་ཚང་འཐུས་ཚང་དུ་བཏང་སྟེ། བྱ་གཞག་སྡེ་ཚན་རིགས་དབྱེ་བཅོས་སྒྱུར་བྱེད་པ་མགྱོགས་མྱུར་སྒོས་སྐུལ་འདེད་བྱས་ཏེ། མུ་མཐུད་དུ་ཏང་སྲིད་མང་ཚོགས་ལས་ཁུངས་འཛུགས་པ་ལེགས་སྒྱུར་བྱེད་རྒྱུ།ནོར་ཁྲལ་སྒྲིག་གཞི་གཏིང་ཟབ་སྒོས་བཅོས་སྒྱུར་བྱེད་པ། ཕྱོགས་ཡོངས་ནས་ཁྲོམ་བསྒྲགས་དྭངས་གསལ་གྱི་སྔོན་རྩིས་དོ་དམ་ལམ་ལུགས་ཚད་ལྡན་ཅན་དུ་གཏོང་བ་ལག་བསྟར་བྱེད་པ་དང་། གཏིང་ཟབ་སྒོས་སྔོན་རྩིས་འགྲོ་སྒོའི་རྣམ་པ་བཅོས་སྒྱུར་བྱས་ཏེ། སྲིད་གཞུང་རང་བཞིན་གྱི་བུན་དོན་དོ་དམ་ཚད་ལྡན་ཅན་དུ་གཏོང་བ་དང་། སྤྱིར་བཏང་རང་བཞིན་གྱི་སྤོ་སྒྱུར་དངུལ་སྤྲོད་ཡར་འཕར་རྐྱེན་སྲོལ་འཐུས་ཚང་དུ་བཏང་ཞིང་། ཆེད་སྤྱོད་མ་དངུལ་གྱི་བེད་སྤྱོད་བྱེད་ཚད་གཅིག་གྱུར་འཆར་འགོད་བསྡུ་སྒྲིག་བྱས་ཏེ། དོན་དབང་དང་འགྲོ་སྒོ་འགན་ཁུར་འོས་མཐུན་ཡིན་པའི་ལམ་ལུགས་འཛུགས་དགོས།མཁར་གྲོང་དང་གྲོང་སྡེ་གཞི་གཅིག་ཏུ་འགྱུར་བའི་སྒྲིག་གཞི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། གཏིང་ཟབ་སྒོས་རོང་འབྲོག་ས་ཁུལ་གྱི་ཕྱོགས་བསྡུས་བཅོས་སྒྱུར་བྱེད་པ་དང་། རོང་འབྲོག་ས་ཁུལ་གྱི་ཐོན་དབང་འཁོར་སྐྱོད་ཉོ་བཙོང་ཚོང་ར་འཛུགས་སྐྲུན་བྱེད་ཅིང་། ཞིང་སྡེའི་ཐོན་དབང་ཉོ་བཙོང་ཁྲོམ་བསྒྲགས་ཚད་ལྡན་ཅན་དུ་འཁོར་སྐྱོད་བྱེད་པར་སྐུལ་འདེད་བྱེད་རྒྱུ། རོང་འབྲོག་ལས་རིགས་རྒྱབ་སྐྱོར་སྲུང་སྐྱོབ་མ་ལག་འཐུས་ཚང་དུ་བཏང་སྟེ་རོང་འབྲོག་ལས་རིགས་བདག་གཉེར་མ་ལག་གསར་བ་སྒྲིག་འཛུགས་བྱེད་རྒྱུ། ཁྱིམ་ཐོ་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱེད་པ་དང་། ནོར་སྲིད་སྤོ་སྒྱུར་དངུལ་སྤྲོད་རོང་འབྲོག་པའི་སྤོ་སྒྱུར་མི་གྲངས་གྲོང་ཁྱེར་ཅན་དང་མཐུད་སྦྲེལ་རྐྱེན་སྲོལ་བཙུགས་ཏེ། གོ་རིམ་ཡོད་པའི་སྒོ་ནས་རོང་འབྲོག་ལས་རིགས་སྤོ་སྒྱུར་བྱེད་པའི་མི་གྲངས་གྲོང་ཁྱེར་ཅན་དུ་བསྒྱུར་བར་སྐུལ་འདེད་བྱེད་རྒྱུ།

  སྒོ་འབྱེད་དཔལ་འབྱོར་སྒྲིག་གཞི་གསར་བ་སྒྲིག་འཛུགས་བྱེད་པ། ཧུར་ཐག་གིས་དར་གོས་འགྲིམ་ལམ་དཔལ་འབྱོར་ས་རྒྱུད་འཛུགས་སྐྲུན་བྱེད་པར་ཞུགས་ཏེ། རིམ་བཞིན་དུ་ཕྱི་དངུལ་ཞུགས་ཆོག་གི་ཚོད་འཛིན་མེད་པར་བཟོས་ཏེ། གོ་རིམ་ཡོད་པའི་སྒོ་ནས་དངུལ་རྩ་དང་སློབ་གསོ། རིག་གནས། སྨན་བཅོས་སོགས་ཞབས་ཞུའི་ལས་རིགས་ཁྱབ་ཁུངས་ཀྱི་བཀག་རྒྱ་ཕྱེས་ཏེ་ཁྲལ་སྲུང་ས་ཁུལ་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་བཏང་ནས། སྒོ་འབྱེད་ཅན་གྱི་དཔལ་འབྱོར་གོང་འཕེལ་སྲིད་ཇུས་ཐབས་ལམ་གཏན་ཁེལ་བྱས་ཏེ་ཕྱོགས་སོ་སོ་ནས་ཕྱི་ཕྱོགས་ལ་སྒོ་འབྱེད་ཚད་ཇེ་ཆེར་གཏོང་རྒྱུ།

ལེའུ་བཅོ་ལྔ་བ།འཆར་འགོད་ལག་བསྟར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་རྒྱུ།

 འཆར་འགོད་རྩ་དོན་འདིའི་དམིགས་ཡུལ་དང་འགན་ཁུར་མངོན་འགྱུར་བྱེད་པ། ཞིང་ཨུའི་མགོ་ཁྲིད་འོག་ཏུ་སྔར་ལས་ལེགས་པའི་སྒོ་ནས་རིམ་པ་སོ་སོའི་སྲིད་གཞུང་གི་འགན་ནུས་ལག་བསྟར་བྱེད་པ་དང་། ཚོང་རར་ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ཐག་གཅོད་རང་བཞིན་གྱི་བྱེད་ནུས་དང་། སྔར་ལས་ལེགས་པའི་སྒོ་ནས་སྲིད་གཞུང་གི་བྱེད་ནུས་བཅས་འདོན་སྤེལ་གང་ལེགས་བྱེད་ཅིང་། ཆེས་ཆེ་བའི་ཚད་གཞིའི་སྒོ་ནས་རིགས་སོ་སོའི་གཙོ་གྲས་ཀྱི་གསོན་ཤུགས་དང་གསར་གཏོད་བྱེད་ཤུགས་འདོན་སྤེལ་བྱེད་པ་དང་། འོས་བསྟུན་མཉམ་འབྲེལ་གྱི་སྲིད་ཇུས་འཐུས་ཚང་ཞིག་གཏན་ཁེལ་བྱེད་ཅིང་། སྤྱི་ཚོགས་ཐོན་ཁུངས་སྣེ་ཁྲིད་སྙོམས་སྒྲིག་དང་ལུགས་མཐུན་སྒོས་སྤྱི་སྤྱོད་ཐོན་ཁུངས་བཀོད་སྒྲིག་བྱས་ཏེ། མ་འོངས་པའི་ལོ་ལྔའི་གོང་འཕེལ་འཆར་གཞི་མངོན་འགྱུར་བྱེད་པ་འགན་སྲུང་བྱེད་རྒྱུ།

ས་བཅད་དང་པོ།ཏང་གི་མགོ་ཁྲིད་སྲོག་ཤིང་གི་བྱེད་ནུས་འདོན་སྤེལ་བྱེད་རྒྱུ།

ཞིང་ཨུས་བཏོན་པའི་ཁྱོན་ཡོངས་ཀྱི་གནས་ཚུལ་གཅིག་འཛིན་བྱེད་པ། ཕྱོགས་སོ་སོ་སྙོམས་སྒྲིག་བྱེད་པ། རིམ་པ་སོ་སོའི་ཏང་ཨུས་དཔལ་འབྱོར་སྤྱི་ཚོགས་གོང་འཕར་ཁྲོད་དུ་མགོ་ཁྲིད་སྲོག་ཤིང་གི་བྱེད་ནུས་འདོན་སྤེལ་བྱེད་པ་དང་། "ནན་གསུམ་རྣལ་གསུམ"གྱི་རེ་འདུན་ལྟར་བྱ་བ་སོ་སོ་སྐུལ་འདེད་བྱས་ཏེ། ལོ་ལྔའི་འཆར་འགོད་བཅུ་གསུམ་པ་དང་དམིགས་ཡུལ་སོ་སོའི་འགན་ཁུར་མངོན་འགྱུར་བྱེད་པར་འགན་སྲུང་སྲ་བརྟན་ཞིག་མཁོ་སྤྲོད་བྱེད་རྒྱུ། གཞི་རིམ་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་བྱེད་ནུས་དང་ཏང་ཡོན་གྱི་གདོང་མཆོང་མིག་དཔེ་བྱེད་ནུས་འདོན་སྤེལ་བྱེད་པ་དང་། སྔར་ལས་ལེགས་པའི་སྒོ་ནས་རིགས་སོ་སོའི་མང་ཚོགས་སྣེ་ཁྲིད་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་ཆུང་སྤྱི་ཚོགས་འཛུགས་སྐྲུན་བྱེད་རྒྱུ། བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ཚོགས་པ་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་བྱེད་ནུས་འདོན་པར་མཐོང་ཆེན་བྱེད་པ་དང་། ཆེས་ཁྱབ་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་གོང་འཕེལ་བཏང་ཞིང་། ཕྱོགས་ཡོངས་ནས་ཏང་གི་ཤེས་ཡོན་ཅན་དང་མི་རིགས། ཆོས་ལུགས། ཕྱིར་སྡོད་རང་མིའི་ལས་དོན་སོགས་ཀྱི་སྲིད་ཇུས་དངོས་འབབ་བྱས་ཏེ། དམངས་གཙོ་ཏང་ཁག་དང་བཟོ་ཚོང་མཉམ་འབྲེལ་ཚོགས་པ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ནས། ཚད་གཞི་ཆེས་ཆེ་བའི་སྒོ་ནས་སྤྱི་ཚོགས་ཡོངས་ཀྱི་སྤྱི་མཐུན་འདུ་ཤེས་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ། བཅོས་སྒྱུར་གོང་འཕེལ་སྐུལ་འདེད་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བ་སྲུང་སྐྱོང་བྱེད་རྒྱུ། མང་ཚོགས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་བཀུར་བྱེད་པ་དང་། ལས་གནས་ལ་དགའ་ཞིང་ལས་བཀུར་ཕར་བསྔོ་བྱེད་པ་བརྗོད་བྱ་བྱས་ཏེ། ལས་རིགས་སོ་སོ་དང་སྤྱི་ཚོགས་ཀྱི་ཕྱོགས་སོ་སོ། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་སྐུལ་སློང་གང་ལེགས་བྱས་ཏེ། འཆར་འགོད་ལག་བསྟར་ནི་རང་འགུལ་གྱི་བྱ་སྤྱོད་དང་རང་འགུལ་གྱི་མཁོ་སྙེག་ཏུ་འགྱུར་བར་བྱེད་རྒྱུ།

 ས་བཅད་གཉིས་པ།འཆར་འགོད་ལག་བསྟར་བྱེད་པའི་དབང་གྲགས་རང་བཞིན་ཇེ་དྲག་ཏུ་གཏོང་རྒྱུ།

གོམ་གང་མདུན་སྤོས་སྒོས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་འཆར་འགོད་ལག་བསྟར་གྲོས་སྡུར་དང་ལྟ་རྟོག་རྐྱེན་སྲོལ་འཐུས་ཚང་དུ་གཏོང་རྒྱུ། འཆར་འགོད་ཁྲོད་གཏན་ཁེལ་བྱས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཐོན་ཁུངས་གྲོན་ཆུང་། འཁོར་སྐྱོད་བེད་སྤྱོདཐོན་དབང་ལམ་ལུགས་འཛུགས་སྐྲུན། ཚོང་རར་ཞུགས་ཆོག་དང་ལྟ་རྟོག སྤྱི་ཚོགས་བཅོས་སྐྱོང་། ཁྲིམས་ལུགས་སྲིད་གཞུང་འཛུགས་སྐྲུན། དབང་ཆར་ལྟ་རྟོག་མ་ལག་སོགས་ཕྱོགས་གང་མང་གི་རེ་འདུན་ཐམས་ཅད་གཙོ་བོ་ཁྲིམས་སྲོལ་འཐུས་ཚང་འཛུགས་པ་དང་། ཁྲིམས་འཛིན་ཤུགས་ཚད་ཇེ་ཆེར་གཏོང་བ་སོགས་ཁྲིམས་ལུགས་ཀྱི་བྱེད་ཐབས་བརྒྱུད་དེ། སྲིད་འཛིན་རམ་འདེགས་ལ་བརྟེན་ནས་དངོས་འབབ་བྱེད་རྒྱུ། འཆར་འགོད་སྙན་ཞུ་ལག་བསྟར་བྱེད་པར་ཤུགས་སྣོན་བྱེད་པ་དང་། ལོ་རེར་འཆར་འགོད་དམིགས་ཡུལ་དང་འགན་ཁུར་གཙོ་བོའི་གོང་འཕེལ་གནས་ཚུལ་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་ལ་ཡར་ཞུ་བྱེད་ཅིང་། ཞིང་ཆེན་སྲིད་གྲོས་ལ་བརྡ་ཁྱབ་སྤེལ་དགོས། འཆར་འགོད་ལག་བསྟར་བྱེད་པའི་བར་དཀྱིལ་དུ་ཞིང་ཆེན་སྲིད་གཞུང་གིས་ཕྱོགས་ཡོངས་ནས་དཔྱད་སྡུར་སྤེལ་ཏེ། བར་དཀྱིལ་དཔྱད་སྡུར་སྙན་ཞུ་དེ་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཡར་ཞུ་བྱས་ནས་གྲོས་ཞིབ་བྱེད་དུ་འཇུག་དགོས། འཆར་འགོད་ལག་བསྟར་བྱེད་སྐབས། རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་བའམ་རྒྱུ་རྐྱེན་གལ་ཆེན་གཞན་དག་གིས་འཁོར་སྐྱོད་དངོས་དང་། འཆར་འགོད་དམིགས་ཡུལ་དང་ཡོ་འཛུར་ཆེན་པོ་བྱུང་བ་ན། ཞིང་ཆེན་སྲིད་གཞུང་གིས་འོས་མཐུན་གྱི་དུས་སུ་སྙོམས་སྒྲིག་ཇུས་གཞི་འདོན་པ་དང་། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཡར་ཞུ་བྱས་ཏེ། ཆོག་མཆན་འགོད་དུ་འཇུག་དགོས།

ས་བཅད་གསུམ་པ།ཞིང་ཆེན་རིམ་པའི་སྤྱིའི་འཆར་འགོད་མཛུབ་སྟོན་བྱེད་ནུས་འདོན་སྤེལ་བྱེད་རྒྱུ།

ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་ལོ་ལྔའི་འཆརའགོད་བཅུ་གསུམ་པའི་མ་ལག་གཞིར་བཟུང་སྟེ། ཞིང་ཆེན་རིམ་པའི་ཆེད་བཀོད་འཆར་འགོད་གལ་ཆེན་གྱི་སྒྲིག་གཞི་དམ་འཛིན་བྱེད་རྒྱུ། ལས་རིགས་སྡེ་ཁག་གཞན་དག་གིས་ཀྱང་རང་གི་སྡེ་ཁག་དང་རང་གི་ལས་རིགས་གོང་འཕེལ་ལ་མཁོ་གལ་གཞིར་བཟུང་སྟེ། གོ་རིམ་སྒྲིག་གཞི་ལྟར་ཁེར་རྐྱང་འཆར་འགོད་བྱེད་རྒྱུ། ཆེད་སྤྱོད་འཆར་འགོད་དང་ཁེར་རྐྱང་འཆར་འགོད་ཀྱིས་རང་གི་འཆར་འགོད་རྩ་དོན་གྱིས་མཛུབ་སྟོན་བྱེད་པ་དང་། དམིགས་འབེན་ཞིབ་ཕྲ་དང་བྱེད་ཐབས་ཤུགས་སྣོན། ལས་གཞི་དངོས་འབབ་བཅས་བྱས་ནས་རང་གི་འཆར་འགོད་དངོས་འབབ་བྱེད་པའི་འདེགས་སྐྱོར་གྱི་སྐྱོར་མ་དང་ལག་འཛིན་གྱི་ལོང་བུ་རུ་འགྱུར་བར་བྱེད་རྒྱུ། ཞིང་གྲོང་འཆར་འགོད་དང་ས་ཞིང་བེད་སྤྱོད་འཆར་འགོད། ཁོར་ཡུག་སྲུང་སྐྱོབ་འཆར་འགོད་བཅས་རང་གི་འཆར་འགོད་རྩ་དོན་བར་དང་འབྲེལ་མཐུད་ཟུང་འབྲེལ་བྱེད་པ་ར་ཤུགས་སྣོན་བྱེད་རྒྱུ། སྤྱིའི་ཐད་ནས་ཁ་ཕྱོགས་གཅིག་པ་དང་བར་སྟོང་བཀོད་སྒྲིག་གི་ཐད་ནས་ཕན་ཚུན་སྙོམས་སྒྲིག དུས་རིམ་བཀོད་སྒྲིག་གི་ཐད་ནས་ཚན་རིག་གི་གོ་རིམ་དང་ལྡན་པ་བཅས་བྱས་ནས་འཆར་འགོད་བདག་གཉེར་ཆུ་ཚད་དང་སྲིད་འཛིན་ཕན་ནུས་ཇེ་མཐོར་གཏོང་རྒྱུ། ས་ཆ་སོ་སོས་འཆར་འགོད་བྱེད་སྐབས་འཆིང་རྒྱ་རང་བཞིན་གྱི་དམིགས་འབེན་དང་བར་སྟོང་བྱེད་ནུས་གནས་ས་གཏན་ཁེལ་དང་། གལ་ཆེའི་རྨང་གཞི་འཛུགས་སྐྲུན་སོགས་ཀྱི་ཕྱོགས་ནས་རང་གི་འཆར་འགོད་རྩ་དོན་དང་གཅིག་མཚུངས་ཡིན་པར་བྱེད་རྒྱུ།

ས་བཅད་བཞི་བ།འཆར་འགོད་ལག་ལྟར་འགན་ཁུར་གསལ་བོ་བྱེད་རྒྱུ།

"བཀོད་སྒྲིག་གཅིག་དང་དངོས་འབབ་དགུ"ཡི་བསམ་བློ་བརྟན་པོ་ཞིག་འཛུགས་པ་དང་། འཆར་འགོད་དུ་གཏན་ཁེལ་བྱས་པའི་ཇུས་འགོད་བཀོད་སྒྲིག་དོན་ཐོག་ལ་འབབ་པ་དང་གྲུབ་འབྲས་དངོས་ལེན་པར་སྐུལ་འདེད་བྱེད་རྒྱུ། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་སྐུལ་འདེད་བྱེད་པར་ཕན་པ་དང་། དཔལ་འབྱོར་གོང་འཕེལ་གྱི་རྣམ་པ་སྤོ་སྒྱུར་བྱེད་པའི་གྲུབ་འབྲས་དཔྱད་ཞིབ་ཞིབ་རྩིས་མ་ལག་དང་། བྱེ་བྲག་གི་དཔྱད་ཞིབ་ཐབས་བཀོད་འཐུས་ཚང་དུ་གཏོང་རྒྱུ། སྒྲིག་གཞི་ལེགས་སྒྲིག་དང་དམངས་འཚོ་ལེགས་སྒྱུར། ཐོན་ཁུངས་གྲོན་ཆུང་། ཁོར་ཡུག་སྲུང་སྐྱོབ་རྩ་བའི་སྤྱི་སྤྱོད་ཞབས་ཞུ་སོགས་དམིགས་འབེན་འགན་ཁུར་གྲུབ་པའི་གནས་ཚུལ་གྱི་ཕྱོགས་བསྡུས་དཔྱད་འཇོག་ཞིབ་དཔྱད་བྱེད་པར་ཤུགས་སྣོན་བྱེད་རྒྱུ། འཆར་འགོད་རྩ་དོན་འདི་བཏོན་པའི་སྔོན་རྩིས་རང་བཞིན་གྱི་ཚད་གཞི་དང་ཐོན་ལས་གོང་འཕེལ། སྒྲིག་གཞི་སྙོམས་སྒྲིག་སོགས་ཀྱི་འགན་ཁུར་དག་གཙོ་བོ་ཚོང་ར་གཙོ་གྲས་ཀྱི་རང་དབང་བྱ་སྤྱོད་ལ་བརྟེན་ནས་མངོན་འགྱུར་བྱེད་པ་ཡིན། རིམ་པ་སོ་སོའི་སྲིད་གཞུང་གིས་ཚོང་རའི་རྐྱེན་སྲོལ་དང་ཁེ་ཕན་སྣེ་ཁྲིད་རྐྱེན་སྲོལ་འཐུས་ཚང་དུ་བཏང་བར་བརྟེན་ནས། སྲིད་ཇུས་ཀྱི་ཁོར་ཡུག་ལེགས་པོ་དང་སྒྲིག་གཞི་ཁོར་ཡུག་ལེགས་པོ། ཁྲིམས་ལུགས་ཁོར་ཡུག་ལེགས་པོ་བཅས་བསྐྲུན་ཏེ། ཚོང་རབཅད་བགོ་དང་ལས་རིགས་སྒེར་སྡེམ་བཅས་གཏོར་བ་དང་། ཚོང་རའི་གཙོ་གྲས་བྱ་སྤྱོད་སྣེ་ཁྲིད་བྱས་ཏེ་སྲིད་གཞུང་གི་འཐབ་ཇུས་དམིགས་ཡུལ་དང་གཅིག་མཐུན་ཡིན་པར་བྱེད་རྒྱུ། འཆར་འགོད་རྩ་དོན་འདིས་གཏན་ཁེལ་བྱས་པའི་འཆིང་རྒྱ་རང་བཞིན་གྱི་ཚད་གཞི་དང་། སྤྱི་སྤྱོད་ཞབས་ཞུ་ཁྱབ་ཁོངས་ཀྱི་འགན་ཁུར་གཏན་ཁེལ་བྱས་པ་ནི་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་ཁས་ལེན་བྱས་པའི་དམ་བཅའ་ཡིན་ལ། དེ་དབྱེ་ཕྲལ་བྱས་ནས་ས་ཆ་སོ་སོ་དང་སྡེ་ཁག་སོ་སོར་དངོས་འབབ་བྱེད་པ་དང་། བྱ་བའི་འགན་ཁུར་དང་བྱ་བའི་འཕེལ་ཚད་གསལ་བོ་བྱས་ཏེ། སྤྱི་སྤྱོད་ཐོན་ཁུངས་ལ་བརྟེན་ནས་ཤུགས་གང་ཡོད་སྤྱད་དེ་གྲུབ་པ་ཞིག་ཡིན། ལོ་རེའི་འཆར་གཞི་དང་འཆར་འགོད་མཐུད་སྦྲེལ་སྙོམས་སྒྲིག་བྱེད་པ་ཤུགས་སྣོན་བྱེད་པ་དང་། ལོ་རེའི་འཆར་གཞི་བཀོད་སྒྲིག་ནི་འཆར་འགོད་ཀྱིས་བཏོན་པའི་དམིགས་ཡུལ་ལྟར་ལོ་རེ་རེར་དབྱེ་ཕྲལ་བྱས་པ་དང་མཉམ་དུ་ཆེ་སའི་དཔལ་འབྱོར་རྣམ་པ་གོང་འཕེལ་འགྱུར་ལྡོག་ལ་ཁ་ཕྱོགས་ཏེ། ལོ་རེའི་དམིགས་འབེན་ལ་སྙོམས་སྒྲིག་བྱེད་རྒྱུ། ནོར་སྲིད་སྔོན་རྩིས་དང་འཆར་འགོད་ལག་བསྟར་འབྲེལ་མཐུད་རྐྱེན་སྲོལ་ལ་ཤུགས་སྣོན་བྱེད་པ་དང་། རིམ་པ་སོ་སོའི་སྲིད་གཞུང་གི་འགྲོ་གྲོན་འགན་ཁུར་གསལ་བོ་བྱེད་པའི་རྨང་གཞིའི་སྟེང་ནས། རིམ་པ་སོ་སོའི་ནོར་སྲིད་ཀྱིས་འཆར་འགོད་ལག་བསྟར་འགན་སྲུང་བྱེད་ནུས་ལ་ཤུགས་སྣོན་བྱེད་རྒྱུ། བར་དཀྱིལ་གྱི་ནོར་སྲིད་འཆར་འགོད་དང་ལོ་རེའི་སྔོན་རྩིས་ཀྱིས་འཆར་འགོད་འདིས་བཏོན་པའི་དམིགས་ཡུལ་འགན་ཁུར་དང་། ནོར་ཤུགས་ཀྱི་ཆོག་འཐུས་དང་ཟུང་འབྲེལ་བྱས་ཏེ། ལུགས་མཐུན་སྒོས་འགྲོ་གྲོན་རྒྱ་ཁྱོན་དང་སྒྲིག་གཞི་བཀོད་སྒྲིག་བྱེད་རྒྱུ། འཆར་འགོད་ལག་བསྟར་དང་ཆ་འགྲིག་པའི་མ་དངུལ་གཏོང་བའི་རྒྱ་ཁྱོན་བཙུགས་ཏེ་རྐྱེན་སྲོལ་དུ་འགྱུར་བ་ཇེ་མགྱོགས་སུ་གཏོང་རྒྱུ།

ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་དུས་སྐབས་ཀྱི་གོང་འཕེལ་དམིགས་འབེན་མངོན་འགྱུར་བྱེད་པར་མདུན་ལམ་ལ་འོད་སྣང་ཁེངས་པ་དང་། ལས་འགན་ཧ་ཅང་ལྗིད་འདུག ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་རྣམས་སྔར་ལས་ལྷག་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕེན་ཧྲུའུ་ཅི་གཙོ་བོ་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། ཞིང་ཆེན་ཏང་ཨུའི་བློ་བརྟན་ཤུགས་ཡོད་མགོ་ཁྲིད་འོག་ཏུ་བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ། དུས་བསྟུན་མཉམ་སྐྱོད། བཅོས་སྒྱུར་གསར་གཏོད་བཅས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་མཚོ་སྔོན་དུ་རྒྱུན་འཁྱོངས་བཟང་བོ་དང་དར་སྤེལ་བཟང་བོ་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་པའི་རྒྱལ་ཁ་ལེན་ཐག་ཆོད་པའི་དུས་སྐབས་ཀྱི་རླབས་ཆེན་རྒྱལ་མཉམ་དུབརྩོན་ལེན་བྱེད་རྒྱུ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།