ཅི་ཞིག་ལ་ནགས་ཚལ་བཅའ་ཁྲིམས་ཟེར།

རང་རྒྱལ་གྱི་ནགས་ཚལ་བཅའ་ཁྲིམས་ཀྱི་གཞི་རྩའི་དོན་སྙིང་ཅི་ཞིག་ཡིན།  

ནགས་ཚ་ལ་བཅའ་ཁྲིམས་ཞེས་པ་ནི་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་དང་ནགས་ལས་འཕེལ་རྒྱས་སུ་གཏོང་ཕྱིར་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་ཅིང་། ནགས་ལས་འཛུགས་སྐྲུན་བྱེད་སྐབས་སུ་ནགས་ཚལ་དང་ཤིང་ནགས་དོ་དམ་དང་གསོ་སྐྱོང་།  སྔོག་འདོན་བེད་སྤྱོད་བཅས་ཀྱི་ཐད་ནས་རྒྱལ་ཁབ་དང་ཐུན་མོང་སྤྱི་དམངས་མི་སྒེར་བཅས་ཀྱི་བར་དུ་བྱུང་བའི་དཔལ་འབྱོར་འབྲེལ་བ་སྣ་ཚོགས་ལེགས་སྒྲིག་བྱེད་སྤྱད་ཀྱི་བཅའ་ཁྲིམས་ཤིག་རེད། རང་རྒྱལ་གྱི་ནགས་ཚལ་བཅའ་ཁྲིམས་ཀྱི་གཞི་རྩའི་སྙིང་དོན་ནི། ནགས་ཚལ་བཅའ་ཁྲིམས་ནང་དུ་ནགས་ཚལ་དང་ཤིང་ནགས། ནགས་ས་དག་གི་བདག་དབང་དང་བེད་སྤྱོད་དབང་ཆ་བརྟན་པོ་བྱ་རྒྱུ་ནན་བཤད་བྱས་ཡོད་པ་དང་།རང་རྒྱལ་གྱི་ནགས་ཚལ་ཐོན་ཁུངས་ནང་དུ་ཤིང་ནགས་དང་། ནགས་ས་འདུས་ཡོད་པ་གཏན་ལ་ཕབ་ཡོད། ནགས་ས་ནི་དམངས་སྤྱི་ཡོངས་སམ་ཐུན་མོང་ལ་དབང་བ་ཡིན་པས། མི་སྒེར་ལ་ནགས་ས་སྤྱོད་དབང་ལས་བདག་དབང་མེད།  ནགས་དབང་ལ་དམངས་སྤྱི་ཡོངས་ལ་དབང་བ་དང་ཐུན་མོང་ལ་དབང་བ། མི་སྒེར་ལ་དབང་བ་བཅས་དབང་ཆ་རྣམ་པ་གསུམ་ཡོད། ནགས་ཚལ་གྱི་བདག་དབང་དང་བེད་སྤྱོད་དབང་ཆ་ཡོད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་རྒྱལ་ཁབ་ཀྱིས་སྲུང་སྐྱོང་བྱ་རྒྱུ། ནགས་ཚལ་བཅའ་ཁྲིམས་སུ་ནགས་ལས་འཛུགས་སྐྲུན་ཐད་ཀྱི་བྱེད་ཕྱོགས་གཏན་འབེབས་བྱས་པ། གཞན་ཡང་ནགས་ལས་ལ་དཔལ་འབྱོར་ཐད་ཀྱི་རོགས་སྐྱོབ་སྔར་ལས་མང་བ་ཞིག་བྱེད་པ་དང་།  ཐུན་མོང་དང་མི་སྒེར་གྱིས་ནགས་ལས་འཛུགས་སྐྲུན་བྱེད་པར་ཡུན་རིང་གི་དངུལ་བུན་གཏོང་རྒྱུ།  ནགས་ལས་ཐད་ཀྱི་ཐེབས་རྩའི་མ་དངུལ་ལམ་ལུགས་འཛུགས་རྒྱུ་སོགས་ནགས་ལས་སྲུང་སྐྱོབ་ཀྱི་བྱ་ཐབས་གསར་དུ་བསྣན་ཡོད། ནགས་གཅོད་པ་དང་བེད་སྤྱོད་པ། ནགས་སོན་འདེབས་གསོ། སྐྱེལ་འདྲེན་དོ་དམ་སོགས་ཀྱི་བྱ་ཐབས་ཐག་བཅད་ཡོད། དེ་མིན་བཅའ་ཁྲིམས་ཀྱི་འགན་འཁྲི་འཐུས་ཚང་ནན་པོ་བྱས་ཤིང་མི་རིགས་ས་ཁོངས་རང་སྐྱོང་གིས་བབ་བསྟུན་སྒྱུར་བཅོས་བྱ་ཆོག་པ་དག་གཏན་འབེབས་བྱས་ཡོད། ནགས་ཚལ་བཅའ་ཁྲིམས་ནི་རང་རྒྱལ་གྱི་དཔལ་འབྱོར་བཅའ་ཁྲིམས་གལ་ཆེན་ཞིག་ཡིན་ལ། རང་རྒྱལ་གྱིས་ཁྲིམས་ལ་བརྟེན་ནས་ནགས་ཚལ་བཅོས་སྐྱོང་བྱེད་པའི་གཞི་རྩའི་བཅའ་ཁྲིམས་ཤིག་ཀྱང་ཡིན། ནགས་ཚལ་ནི་མིའི་རིགས་ཀྱི་དངོས་པོའི་གཞི་མ་གལ་ཆེན་ཞིག་ཡིན་ལ། དེང་དུས་རང་རྒྱལ་གྱི་ཅན་བཞི་འཛུགས་སྐྲུན་དང་རྒྱལ་དམངས་དཔལ་འབྱོར་ལ་ཐད་ཀར་ཤུགས་རྐྱེན་བཟོ་གི་རེད། ནགས་ཚལ་གྱི་འཕེལ་འགྲིབ་ནི་མིའི་རིགས་དར་རྒྱས་དང་མི་རིགས་ཕན་སུམ་ཚོགས་པ་ཞིག་ཡོང་བར་འབྲེལ་བ་ཡོད། རྒྱལ་ཁབ་ཀྱིས་ནགས་ལས་བཅའ་ཁྲིམས་གཏན་ཕབ་བྱས་པའི་དམིགས་ཡུལ་ནི་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་དང་གསོ་འདེབས། ལུགས་མཐུན་བེད་སྤྱོད་བྱེད་པ་དང་རྒྱལ་ཁོངས་སྔོ་ལྗང་ཅན་དུ་སྒྱུར་བ་ཇེ་མྱུར་དུ་གཏོང་བ། ཞིང་ཕྱུགས་ལས་ལ་ཆུ་གསོག་ས་སྐྱོར་དང་གནམ་གཤིས་སྙོམ་སྒྲིག ཁོར་ཡུག་ཇེ་མཛེས་སུ་གཏོང་བ་བཅས་བྱས་ནས། དེར་སྐྱེས་ཁམས་ཀྱི་ཕན་ནུས་འདོན་པ་དང་། ཤིང་ནགས་ཀྱི་ཐོན་རྫས་འདོན་པའི་ནུས་པ་ཐོན་དུ་བཅུག་ནས། ཅན་བཞིའི་འཛུགས་སྐྲུན་དང་མི་དམངས་ཀྱི་འཚོ་བའི་དགོས་མཁོ་དང་བསྟུན་རྒྱུ་དེ་ཡིན།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།