རོང་འབྲོག་པའི་ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱ་བ་ལེགས་སྒྲུབ་བྱེད་པའི་སྐོར་གྱི་བསམ་འཆར།(སྨད་ཆ)

  གསུམ། ཕྱོགས་བསྡུས་བཅོས་སྐྱོང་ལག་བསྟར་བྱས་ཏེ་རོང་འབྲོག་པའི་ཁུར་པོ་དངོས་གནས་ཇེ་ཡང་དུ་གཏོང་དགོས། 

ཉེ་བའི་ལོ་འགར་རོང་འབྲོག་པའི་ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱ་བར་ཞིབ་བཤེར་བྱེད་པའི་ཁྲོད་ཤེས་པའི་གནད་དོན་ལ་དམིགས་ནས། གཙོ་བོར་ཕྱོགས་བཞིའི་ཐད་ནས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་དགོས་པ་སྟེ།

  གཅིག་ནི་རོང་འབྲོག་པའི་ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱ་བར་མཐོང་ཆུང་བྱེད་པའི་དབང་གིས་ཞིང་པའི་ཁུར་པོར་འབྲེལ་བའི་གྱོད་གཞི་འབྱུང་སྲིད་པའམ་བྱུང་བའི་གནད་དོན་ཡིན།

  གཉིས་ནི་ས་ཞིང་དང་རྩྭ་ས་བསྡུས་སྤྱོད་བྱེད་པའི་རྒྱུད་རིམ་ཁྲོད་རོང་འབྲོག་པའི་ཁེ་དབང་ནུས་ཡོད་ཀྱིས་སྲུང་སྐྱོང་བྱས་མེད་པའི་གནད་དོན་ཡིན།

  གསུམ་ནི་ཞིང་སྐྱེད་ཞིང་ཕན་སྲིད་ཇུས་དམིགས་སར་དངོས་འབེབས་བྱེད་མེད་པའི་གནད་དོན་ཡིན།

བཞི་ནི་ཞིང་པའི་ཁུར་པོར་འབྲེལ་བའི་ཡིག་སྐུར་ངོ་གཏུག་མང་ཞིང་དུས་ཡུན་རིང་པོར་ཐག་གཅོད་བྱས་མེད་པའི་གནད་དོན་ཡིན། ཁུལ(ཏིས་དང་གྲོང་ཁྱེར)སོ་སོས་རང་ས་ཁུལ་གྱི་རོང་འབྲོག་པའི་ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱ་བའི་དོན་དངོས་གཞིར་བཟུང་སྟེ། ཁུར་པོ་ཇེ་ཡང་དུ་གཏོང་བའི་ཕྱོགས་བསྡུས་བཅོས་སྐྱོང་རྫོང1གཏན་འཁེལ་བྱེད་པ་དང་། ཁུར་པོ་ཇེ་ཡང་དུ་གཏོང་བའི་ཕྱོགས་བསྡུས་བཅོས་སྐྱོང་གི་ཇུས་གཞི་གཏན་འབེབས་བྱེད་པ། ཁུར་པོ་ཇེ་ཡང་དུ་གཏོང་བའི་ཕྱོགས་བསྡུས་བཅོས་སྐྱོང་བྱ་འགུལ་རྩ་འཛུགས་དང་ཁྱབ་སྤེལ་བཟང་པོ་བྱས་ཏེ། རོང་འབྲོག་པའི་ཁུར་པོ་ལྕི་བ་དང་མང་ཚོགས་ཀྱིས་བསམ་འཆར་མང་པོ་འདོན་པའི་ཚ་གནད་དང་དཀའ་གནད་དངོས་གནས་ཐག་གཅོད་བཟང་པོ་བྱེད་དགོས།

  བཞི། མ་དངུལ་དང་ངལ་ལས་པ་གྲབས་གསོག་བྱེད་པར་ཚད་ལྡན་དུ་བཏང་སྟེ་སྡེ་བ་རིམ་པའི་སྤྱི་ཕན་ལས་དོན་འཛུགས་སྐྲུན་སྐུལ་སྤེལ་གཏོང་དགོས།

  དོན་རེར་གྲོས་རེ་བྱེད་པའི་མ་དངུལ་དང་ངལ་ལས་པ་གྲབས་གསོག་བྱེད་པའི་དོ་དམ་བྱེད་ཐབས་འཐུས་ཚང་དང་ཚད་ལྡན་དུ་གཏོང་དགོས་པ་དང་། དོན་རེར་གྲོས་རེ་བྱེད་པའི་མ་དངུལ་དང་ངལ་ལས་པ་གྲབས་གསོག་བྱ་བའི་མཛུབ་སྟོན་ལ་ཤུགས་སྣོན་པ། རོང་འབྲོག་པས་སྡེ་བ་རིམ་པའི་སྤྱི་ཕན་ལས་དོན་འཛུགས་སྐྲུན་བྱེད་པར་ཧུར་ཐག་གིས་སྣེ་ཁྲིད་དེ། རོང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས། སྡེ་བ་རིམ་པའི་སྤྱི་ཕན་ལས་དོན་ཐད་དོན་རེར་གྲོས་རེ་བྱེད་པའི་ནོར་སྲིད་བྱ་དགའ་དང་ཁ་གསབ་བྱེད་པའི་ཚོད་ལྟའི་བྱ་བ་ནན་ཏན་གྱིས་ཁྱབ་སྤེལ་བྱེད་པ་དང་། ཉམས་མྱོང་གསོག་པ་དང་དཔེ་སྟོན་སྣེ་ཁྲིད་བྱེད་དགོས། དོན་རེར་གྲོས་རེ་བྱེད་པའི་ཆེད་དོན་ཞིབ་བཤེར་བྱེད་པར་རྩ་འཛུགས་བྱེད་པ་དང་། གཙོ་བོར་དོན་རེར་གྲོས་རེ་བྱེད་པའི་ལམ་ལུགས་འཐུས་ཚང་བཏང་ཡོད་མེད་དང་། གྲོས་བསྡུར་ལས་གཞི་དེ་གཏན་ལ་ཕབ་པའི་ཁྱབ་ཁོངས་དང་མཐུན་མིན། དོན་རེར་གྲོས་རེ་བྱེད་པའི་མ་དངུལ་གྲབས་གསོག་དང་ནོར་སྲིད་བྱ་དགའ་དང་ཁ་གསབ་བྱེད་པའི་མ་དངུལ་སྙོམ་འཐེན་ནམ་གཞན་སྤྱོད་བྱེད་ཡོད་མེད་དང་། མ་དངུལ་དང་ངལ་ལས་པ་གྲབས་གསོག་ཇུས་གཞི་ཞིབ་བཤེར་གོ་རིམ་དང་མཐུན་མིན་སོགས་ལ་ཞིབ་བཤེར་བྱེད་དགོས། ཞིབ་བཤེར་བྱེད་པའི་ཐད་ནས་རྫོང་རིམ་པས་རང་བཤེར་གཙོ་བྱེད་པ་དང་ཞིང་ཆེན་དང་ཏིས(གྲོང་ཁྱེར)རིམ་པས་མཉམ་འབྲེལ་འཐེན་ཞིབ་བྱེད་སྟངས་ལྟར་སྒྲུབ་དགོས།

  ལྔ། ཕྱོགས་བསྡུས་བཅོས་སྒྱུར་སྐུལ་སྤེལ་བཏང་སྟེ་རོང་འབྲོག་པའི་ཁུར་པོ་ཇེ་ཡང་དུ་གཏོང་བའི་རྨང་གཞི་བརྟན་པོར་འདིང་དགོས།

  ནུས་ཡོད་བྱེད་ཐབས་ཧུར་ཐག་གིས་བཀོལ་སྤྱོད་བྱས་ནས་འབྱུང་ས་ནས་རོང་འབྲོག་པའི་ཁུར་པོ་ཇེ་ཡང་དུ་གཏོང་བར་བརྩོན་ལེན་བྱེད་དགོས། སྡེ་བ་རིམ་པའི་རྩ་འཛུགས་ཀྱི་གྲོན་དངུལ་འཁོར་སྐྱོད་འགན་སྲུང་ནང་རྐྱེན་འཐུས་ཚང་དུ་བཏང་ཐོག སྡེ་བའི་ལས་བྱེད་པའི་ཐོབ་ཆ་དང་སྡེ་བ་གཞུང་ལས་ཁང་གི་གྲོན་དངུལ། དགོས་ངེས་ཀྱི་འགྲོ་སྒོ་གཞན་པ་བཅས་འགན་སྲུང་གཙོ་གནད་དུ་བརྩིས་ཏེ་གྲོན་དངུལ་འགན་སྲུང་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས། གྲོང་གསེབ་ཀྱི་བུ་ལོན་ཧུར་ཐག་བརྟན་བརླང་གིས་ཐག་གཅོད་བྱས་ཏེ། རོང་འབྲོག་པའི་ཁུར་པོ་ཇེ་ཡང་དང་ཡོང་སྒོ་ཇེ་མང་དུ་གཏོང་བའི་ཁོར་ཡུག་སྐྲུན་པར་སྐུལ་འདེད་གཏོང་དགོས། རྒྱལ་དབང་ཞིང་ཕྱུགས་རས་སྤྱི་ཚོགས་འགན་ནུས་ཁུར་བར་ཁ་གྱེས་པའི་བཅོས་སྒྱུར་སྲིད་ཇུས་དང་བྱེད་ཐབས་ཞིབ་འཇུག་དང་སྐུལ་འདེད་གཏོང་བ་དང། རྒྱལ་དབང་ཞིང་ཕྱུགས་རའི་དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་བཏང་སྟེ་རྒྱལ་དབང་ཞིང་ཕྱུགས་རའི་ཞིང་པ་གླ་རྒྱག་པའི་ཁུར་པོ་ཇེ་ཡང་དུ་གཏོང་དགོས། རོང་འབྲོག་པའི་ཆུ་བཀོལ་བའི་ཁུར་པོ་དངོས་གནས་ཇེ་ཡང་དུ་གཏོང་བ་དང་། སྲིད་གཞུང་གི་གཏོང་འཇོག་སྔར་ལས་ཇེ་མང་དུ་གཏོང་བ། ད་ལྟ་ཡོད་པའི་ཆུ་འདྲེན་ཁུལ་གྱི་ཨར་ལས་སྒྲིག་བཀོད་མགྱོགས་མྱུར་གྱིས་ཆ་ཚང་སྒྲིག་པ་དང་འཐུས་ཚང་དུ་བཏང་སྟེ། ཆུ་འདྲེན་ལས་ཆོད་དང་ཆུ་འདྲེན་བེད་སྤྱོད་བྱེད་ཚད་མཐོར་འདེགས་དང་ཆུ་འདྲེན་པའི་ཆུ་ཚད་གྲོན་ཆུང་བྱེད་དགོས། རིན་གོང་དོ་དམ་ལ་ཤུགས་སྣོན་པ་དང་། རྒྱལ་དབང་ཆུ་བེད་ཨར་ལས་ཆུ་གྲོན་ཐོག་མཐའ་མ་རིམ་པའི་ཆུ་ཡུར་གྱི་ཆུ་གྲོན་སྣོན་པའི་ཞིང་ལས་ཆུ་བཀོལ་བའི་མཐའ་སྣེའི་ཆུ་རིན་ནམ་མཐའ་སྣེའི་ཆུ་གྲོན་ལམ་ལུགས་ཡུལ་བབ་དང་བསྟུན་ནས་རིམ་བཞིན་ཁྱབ་གདལ་གཏོང་བ་མ་ཟད། མཐའ་སྣེའི་ཆུ་རིན་ནམ་མཐའ་སྣེའི་ཆུ་གྲོན་དེ་སྲིད་གཞུང་གི་རིན་གོང་དོ་དམ་ཁྱབ་ཁོངས་སུ་འགོད་དགོས། རོང་འབྲོག་ཁུལ་གྱི་གློག་དྲ་སྒྱུར་བཀོད་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། རོང་འབྲོག་ཁུལ་གྱི་གློག་ཤུགས་སྒྲིག་སྲོལ་གྱི་བཅོས་སྒྱུར་མུ་མཐུད་དུ་སྐུལ་སྤེལ་གཏོང་བ། རོང་འབྲོག་ཁུལ་གྱི་གློག་དྲའི་གློག་སྐུད་གྱོང་གུན་དང་སྲུང་སྐྱོང་མ་གནས་ཇེ་དམའ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རིགས་སོ་སོའི་གློག་རིན་གཅིག་མཚུངས་ཡིན་པ་མགྱོགས་མྱུར་གྱིས་སྐུལ་སྤེལ་བཏང་སྟེ། རོང་འབྲོག་ཁུལ་གྱི་གློག་བཀོལ་ཁྱིམ་ཚང་གི་གློག་གྲོན་ཁུར་པོ་དངོས་གནས་ཇེ་ཡང་དུ་གཏོང་དགོས།

  དྲུག སྐུལ་འདེད་དང་ཞིབ་བཤེར་བྱེད་ཤུགས་ཇེ་ཆེར་བཏང་སྟེ་ཞིང་སྐྱེད་ཞིང་ཕན་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས།

  འབྲེལ་ཡོད་སྡེ་ཁག་སོ་སོས་རོང་འབྲོག་པར་ཁ་གསབ་རོགས་དངུལ་སྟེར་བ་དེ་དངོས་འབེབས་བྱེད་པའི་གནས་ཚུལ་གྱི་སྐུལ་འདེད་དང་ཞིབ་བཤེར་ལ་ཤུགས་སྣོན་པ་དང་། དགེ་མཚན་ལྡན་པའི་བྱེད་ཐབས་སྤྱད་དེ་ཁ་གསབ་མ་དངུལ་བཀག་ཉར་དང་འཐེན་འཕྲི། གཞན་སྤྱོད་བཅས་བྱེད་པའི་སྒྲིག་སྲོལ་དང་སྒྲིག་ཁྲིམས་ལ་འགལ་བའི་བྱ་སྤྱོད་རྦད་ཆོད་ཀྱིས་ཡོ་བསྲང་བྱེད་པ་དང་། ཞིང་པར་ཕན་པའི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་དང་ལེགས་འཛིན་བྱས་ཏེ། རོང་འབྲོག་པར་ཐོབ་དགོས་པའི་ཁ་གསབ་མ་དངུལ་དུས་ཐོག་ཏུ་དམིགས་སར་འབྱོར་བར་འཇུག་དགོས། རང་དགར་གྱིས་གྲོན་དངུལ་བསྡུ་བ་དང་དངུལ་ཆད་གཅོད་པ། བགོ་འགྲེམ་བྱེད་པ་བཅས་ཀྱི་བྱ་སྤྱོད་སྣ་ཚོགས་ཞིབ་གཅོད་བྱེད་ཤུགས་མུ་མཐུད་དུ་ཇེ་ཆེར་གཏོང་དགོས། ཁ་གསབ་མ་དངུལ་བཀག་ཉར་དང་འཐེན་འཕྲི། གཞན་སྤྱོད་བཅས་བྱེད་པ་དང་དེ་མིན་རང་དགར་གྱིས་གྲོན་དངུལ་བསྡུ་བ་དང་དངུལ་ཆད་གཅོད་པ། བགོ་འགྲེམ་བྱེད་པ་བཅས་ཀྱི་བྱ་སྤྱོད་ཐད་ལ་འགན་འཁྲི་རྩད་གཅོད་གཟབ་ནན་བྱེད་དགོས། ནག་ཉེས་བསགས་པར་འབྲེལ་བ་ཡོད་ན་དུས་ཐོག་ཏུ་ཁྲིམས་འཛིན་ལས་ཁུངས་ལ་སྤྲད་དེ་ཐག་གཅོད་དགོས། རང་བཞིན་ངན་པ་དང་གནས་ཚུལ་ཚབས་ཆེན་ཡིན་པའི་དཔེར་འོས་གྱོད་གཞི་བརྡ་ཁྱབ་དང་མངོན་གསལ་དུ་ཁྱབ་སྒྲོག་བྱས་ཏེ་འཇིགས་སྐུལ་དང་སྔོན་བརྡའི་ནུས་པ་འདོན་སྤེལ་བྱེད་དགོས།

  བདུན། ལམ་ལུགས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་རོང་འབྲོག་པའི་ཁུར་པོར་ལྟ་སྐུལ་དོ་དམ་བྱེད་པའི་ཡུན་ཕན་ནང་རྐྱེན་འཛུགས་དགོས།

  རོང་འབྲོག་པའི་ཁུར་པོ་ཇེ་ཡང་དུ་གཏོང་བའི་གནས་བབ་གསར་བ་དང་བསྟུན་ནས། རོང་འབྲོག་པའི་ཁུར་པོར་ལྟ་སྐུལ་དོ་དམ་བྱེད་པའི་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་དགོས། ཞིང་པར་འབྲེལ་བའི་དངུལ་བསྡུ་ཡིག་ཆར་ཞིབ་བཤེར་བྱེད་པའི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་བཏང་ཐོག་ཞིང་པར་འབྲེལ་བའི་གྲོན་དངུལ་བསྡུ་བ་དང་མ་དངུལ་རུབ་བསྡུས་དང་བགོ་འགྲེམ་བྱེད་པའི་ལས་གཞི་སྔར་ལས་གཙང་བཤེར་བྱེད་པ་དང་། གཙང་བཤེར་བྱས་རྗེས་སོར་ཉར་བྱས་པའི་གྲོན་དངུལ་བསྡུ་བའི་ལས་གཞི་དང་ཚད་གཞི་སོགས་རྣམ་པ་སྣ་ཚོགས་བེད་སྤྱད་དེ་སྤྱི་ཚོགས་སྟེང་ཁྱབ་སྒྲོག་བྱེད་པ། ཞང་བརྡལ་སྲིད་གཞུང་དང་ཞིང་པར་འབྲེལ་བའི་གྲོན་དངུལ་བསྡུ་བའི་སྡེ་ཚན་གྱིས་དུས་ཐོག་ཏུ་སྤྱི་སྒྲོག་དང་ཡང་ན་སྤྱི་སྒྲོག་ནང་དོན་གསར་སྒྱུར་བྱེད་དགོས། རོང་འབྲོག་པའི་ཁུར་པོའི་ལྟ་སྐུལ་ཁ་བྱང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་བཏང་ཐོག་ཁུར་པོ་ཇེ་ཡང་དང་ཞིང་ཕན་སྲིད་ཇུས་ཀྱི་འབྲེལ་ཡོད་ནང་དོན་རོང་འབྲོག་པའི་ཁུར་པོའི་ལྟ་སྐུལ་ཁ་བྱང་ནང་དུ་བཀོད་དེ། ཁུར་པོ་ཇེ་ཡང་དང་ཞིང་ཕན་སྲིད་ཇུས་ཚང་མ་ཁེབས་པ་དང"ཁཱ་གཅིག་ཀུན་ཤེས"ཞིང་པའི་ཁྱིམ་ཚང་དུ་ཐོན་པ་ལག་ཏུ་བསྟར་བ་དང་། རོང་འབྲོག་པ་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ཏེ་རོང་འབྲོག་པའི་ཁྲིམས་མཐུན་ཁེ་དབང་དངོས་གནས་སྲུང་སྐྱོང་བྱེད་དགོས། ས་གནས་ཏང་སྲིད་འགོ་ཁྲིད་གཙོ་བོས་དངོས་སུ་འཛིན་པ་དང་སྤྱིའི་འགན་ཁུར་བའི་བྱ་བའི་ལམ་ལུགས་རྒྱུན་འཁྱོངས་བྱས་ཐོག རོང་འབྲོག་པའི་ཁུར་པོ་ཇེ་ཡང་དུ་གཏོང་བ་དེ་སྲིད་གཞུང་གི་བྱ་བའི་དམིགས་འབེན་དཔྱད་ཞིབ་ནང་དུ་འཇོག་པའི་འབྲེལ་ཡོད་གཏན་ཕབ་དངོས་འབེབས་བྱས་ཏེ། ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱ་བའི་འགོ་ཁྲིད་འགན་འཁྲི་དམིགས་སར་འབྱོར་བར་སྔར་ལས་ཁག་ཐེག་བྱེད་དགོས། ས་གནས་རིམ་པ་སོ་སོའི་ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་རྩ་འཛུགས་དང་མཐུན་སྦྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག ཆེད་དོན་བཅོས་སྐྱོང་སྡེ་ཁག་གི་འགན་ཁུར་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། རིམ་པ་སོ་སོའི་ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱ་བའི་ལས་ཁུངས་དང་དཔུང་སྡེ་བརྟན་བརླིང་དང་ཤུགས་སྣོན་བཏང་སྟེ། ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱ་བའི་སྤྱི་ཡོངས་སྒྲིལ་ཤུགས་མི་ཉམས་པ་སྔར་ལས་ཁག་ཐེག་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་པའི་ཁུར་པོར་གཏིང་ཟབ་སྒོས་ཞིབ་བཤེར་བྱེད་པ་དང་། ཞིབ་བཤེར་བྱེད་སྟངས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། ཞིབ་བཤེར་སྤུས་ཚད་མཐོར་འདེགས་བཏང་སྟེ། ཁུར་པོ་ཇེ་ཡང་དུ་གཏོང་བའི་མཐོ་གནོན་གནས་ཚུལ་མི་སྒྱུར་བ་སྔར་ལས་ཁག་ཐེག་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་བྱེད་པར་ཤུགས་སྣོན་པ་དང་། དུས་ཐོག་ཏུ་གནས་ཚུལ་གསར་བ་ཤེས་པ། གནད་དོན་གསར་བར་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ། རོང་འབྲོག་པའི་ཁུར་པོ་ལྟ་སྐུལ་དོ་དམ་བྱ་བ་སྔར་ལས་གཏིང་ཟབ་ཏུ་སྤེལ་དགོས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།