ཀྲུང་དབྱང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སྙིང་བཏུས་དང་བོ།

        ཚང་འཛོམས་གྲོས་ཚོགས་ཐོག2020ལོར་སླེབས་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་དེ་ནི་རང་རེའི་ཏང་གིས་གཏན་ལ་འཁེལ་བའི་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་བརྒྱ་དང་བོའི་འབད་འཐབ་དམིགས་ཚད་རེད། ལྔ་འཆར་བཅུ་གསུམ་པའི་རིང་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་རྒྱལ་ཕམ་ཐག་གཅོད་ཀྱི་དུས་མཚམས་ཤིག་ཡིན་པས། ལྔ་འཆར་བཅུ་གསུམ་པའི་འཆར་འགོད་ངེས་པར་དུ་འབད་འཐབ་དམིགས་ཚད་མངོན་འགྱུར་ལ་དམ་པོར་དམིགས་ནས་བཟོ་དགོས་པའི་ངོས་འཛིན་གནང་བ་རེད།།

ཚང་འཛོམས་གྲོས་ཚོགས་ཐོག་ལྔ་འཆར་བཅུ་གསུམ་པའི་རིང་གི་རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་གི་གཞི་རྩའི་ཁྱད་ཆོས་ལ་དབྱེ་ཞིབ་གཏིང་ཟབ་གནང་སྟེ་རང་རྒྱལ་གྱི་འཕེལ་རྒྱས་ལ་སྔར་བཞིན་མདུན་ལམ་ཆེན་པོ་ལྡན་པའི་འཐབ་ཇུས་གོ་སྐབས་གལ་ཆེན་དུ་གནས་ཡོད་ལ། འགལ་ཟླ་སྣ་ཚོགས་དང་ཉེན་ཁ་དང་བག་ཉལ་རྐྱེན་ངན་མང་བའི་ཛ་དྲག་གི་འགྲན་སློང་ཡང་འཕྲད་པའི་ངོས་འཛིན་གནང་ཡོད། ང་ཚོས་འཐབ་ཇུས་གོ་སྐབས་ཀྱི་ནང་དོན་གྱི་འགྱུར་ལྡོག་ཟབ་མོར་སྟངས་འཛིན་ཐུབ་པ་བྱས་ནས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་དེ་བས་ནུས་ལྡན་ངང་ཁ་གཏད་གཅོག་བ་དང་མུ་མཐུད་སྟོབས་ཤུགས་གཅིག་བསྡུད་བྱས་ཏེ་རང་ཉིད་ཀྱི་བྱ་བ་ཡག་པོ་བསྒྲུབས་ནས་བསམ་བློ་གཏོང་ཕྱོགས་གསར་པ་རྒྱུན་ཆད་མེད་པར་གསར་འབྱེད་དང་འཕེལ་རྒྱས་གཏོང་དགོས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།