ཀྲུང་དབྱང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སྙིང་བཏུས་ཚན་བསྡུས།

ཀྲུང་དབྱང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སྙིང་བཏུས་དགུ་བ།

ཚང་འཛོམས་གྲོས་ཚོགས་ཐོག་སློབ་གསོའི་སྤུས་ཀ་མཐོར་འདེགས་སུ་བཏང་ནས་འོས་འགན་སློབ་གསོ་དོ་མཉམ་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། མཐོ་འབྲིང་དུས་སྐབས་ཀྱི་སློབ་གསོ་ཁྱབ་རྡལ་དུ་གཏོང་བ། མུ་མཐུད་དུ་འབྲིང་རིམ་ལས་རིགས་སློབ་གསོའི་སློབ་ཡོན་མི་ལེན་པར་སྐུལ་འདེད་གཏོང་བ། ཐོག་མར་ཚགས་ཡིག་དང་བྱང་བུ་གཉེར་བའི་དབུལ་ཕོངས་ཁྱིམ་ཚང་གི་སློབ་མར་མཐོ་འབྲིང་སྐབས་སུ་སློབ་ཡོན་མི་ལེན་པ་དང་། མཐར་དབུལ་ཕོངས་ཁྱིམ་ཚང་གི་སློབ་མ་ཡོངས་ལ་རོགས་སྐྱོར་བྱེད་པ་མངོན་འགྱུར་ཡོང་བ་བྱ་དགོས།།

ཀྲུང་དབྱང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སྙིང་བཏུས་བཅུ་བ།

     ཚང་འཛོམས་གྲོས་ཚོགས་ཐོག་སྔར་ལས་དྲང་བདེན་དང་རྒྱུན་མཐུད་སྒོས་སྤྱི་ཚོགས་འགན་སྲུང་ལམ་ལུགས་བཙུགས་ནས་དམངས་ཡོངས་འགན་སྲུང་དུ་ཞུགས་པའི་འཆར་གཞི་ལག་ལེན་དུ་བསྟར་བ། ལས་བཟོ་བའི་མ་མཐའི་རྒན་གསོའི་དངུལ་རྒྱལ་ཡོངས་སུ་གཅིག་གྱུར་གྱི་འཆར་འགོད་བྱེད་པ་མངོན་འགྱུར་བཏང་ནས། དེའི་ནང་གི་སྤྱི་ཚོགས་འགན་སྲུང་དངུལ་ཆ་ཤས་འགའ་རྒྱལ་ཁབ་ལ་དབང་བའི་མ་རྩ་བྱས་ཏེ། ཕྱོགས་ཡོངས་ནས་གྲོང་སྡེའི་སྡོད་དམངས་ཀྱི་ནད་ལྕི་མོའི་འགན་སྲུང་ལམ་ལུགས་ལག་བསྟར་བྱེད་པ།  བདེ་ཐང་གི་ཀྲུང་གོ་འཛུགས་པར་སྐུལ་འདེད་དང་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་ལ་བསྒྱུར་བཅོས་གཏོང་བ། སྨན་རྫས་ཀྱི་རིན་གོང་བབ་བསྟུན་དང་སྨན་བཅོས་དང་སྨན་བཅོས་འགན་ལེན། སྨན་དང་སྨན་བཅོས་མཉམ་འགུལ་བྱས་ནས།  གྲོང་སྡེའི་མ་མཐའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་དང་དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས་འཛུགས་སྐྲུན་དང་བཟའ་བཅའི་བདེ་འཇགས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ། མི་འབོར་དོ་མཉམ་སྒོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཆར་ལྡན་བུ་བཙའི་རྒྱལ་ཁབ་གྱི་རྩ་བའི་སྲིད་ཇུས་ལ་རྒྱུན་འཁྱོངས་བྱས་ནས་མི་འབོར་འཕེལ་རྒྱས་ཀྱི་འཐབ་ཇུས་ཁ་ཇེ་ཚང་དུ་གཏོང་བ། ཕྱོགས་ཡོངས་ནས་བཟའ་ཟླ་གཉིས་ཀྱི་ཕྲུ་གུ་གཉིས་སྐྱེས་ཆོག་པའི་སྲིད་ཇུས་ལག་བསྟར་བྱས་ནས།  ཧུར་བརྩོན་སྒོས་མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་སྔོན་འགོག་བྱེད་པ་བཅས་སོ།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།