ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་ཡིག་ཆ།

མཚོ་སྔོན་ཞིང་ཆེན་གྱི2015ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང2016ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ། 2016ལོའི་ཟླ1པའི་ཚེས25ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་ཐོག མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་ནས། ཞིང་ཆེན་མི་དམངས་སྲིད་གཞུང་གི་མངག་བཅོལ་ལྟར། ད་ལྟ2015ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང2016ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ་ཞེས་པ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་ཐོག་ནས་གྲོས་ཞིབ་གནང་བ་དང་། སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པ་དང་གྲོས་ཚོགས་སུ་ཟུར་ཞུགས་མཛད་པའི་བློ་མཐུན་རྣམ་པས་ཀྱང་བསམ་འཆར་གནང་རོགས་ཞུ། 

གཅིག 2015ལོའི་ཞིང་ཆེན་ཡོངས་ཀྱི་སྔོན་རྩིས་ལག་བསྟར་བྱས་པའི་སྐོར་གྱི་གནས་ཚུལ།  

2015ལོར། རྙོག་འཛིང་ཆེ་བའི་སྤྱི་ཁོག་དཔལ་འབྱོར་གནས་བབ་དང་དཀའ་ཚེགས་ཆེ་བའི་བཅོས་སྒྱུར་ལས་འགན་ལ་ཁ་ཕྱོགས་ཏེ། ཞིང་ཆེན་ཏང་ཨུའི་བློ་རྩ་བརྟན་པོའི་འགོ་ཁྲིད་འོག་དང་། རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ཨུ་ཁང་གི་ལྟ་སྐུལ་དང་མཛུབ་སྟོན་འོག ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་བ། ཐེངས་ལྔ་བ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་ཐེངས་དགུ་པ། ཐེངས་བཅུ་པ་བཅས་ཀྱི་དགོངས་དོན་ལག་ལེན་དང་དངོས་འབེབ་ཏན་ཏིག་བྱས་པ་དང་། ཞིང་ཆེན་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བས་གཏན་ལ་ཕབ་པའི་བྱ་བ་སྣ་ཚོགས་ཀྱི་ལས་འགན་ལྟར། འཕར་སྣོན་གཏན་བརླིང་དང་བཅོས་སྒྱུར་སྐུལ་འདེད། སྒྲིག་གཞི་མཐུན་སྦྱོར། དམངས་འཚོ་གཟིགས་སྐྱོང་། ཉེན་ཁ་སྔོན་འགོག་བཅས་གཅིག་གྱུར་གྱིས་འཆར་འགོད་བྱས་པས། ཞིང་ཆེན་ཡོངས་ཀྱི་ནོར་སྲིད་བྱ་བ་ཚང་མར་གྲུབ་འབྲས་ཐོབ་ཡོད།

 (གཅིག) སྤྱི་པའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ། 

1.ཞིང་ཆེན་ཡོངས་ཀྱིས་ལག་བསྟར་བྱས་པའི་གནས་ཚུལ། ཞིང་ཆེན་ཡོངས་ཀྱི་ས་གནས་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར267.1ཡོངས་འགྲུབ་བྱུང་ཞིང་། སྔོན་རྩིས་ཀྱི98.1%ཡིན་པ་དང་། སྒོར་དུང་ཕྱུར15.5ཇེ་མང་དུ་སོང་སྟེ། 6.1%འཕར་ཡོད། ཞིང་ཆེན་ཡོངས་ཀྱི་སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར1506ཡོངས་འགྲུབ་བྱུང་ཞིང། སྔོན་རྩིས་ཀྱི97.1%ཡིན་པ་དང་། ལོ་སྔོན་མ་ལས་སྒོར་དུང་ཕྱུར158.1ཇེ་མང་དུ་སོང་སྟེ། 11.7%འཕར་ཡོད། དེའི་ནང་དུ་སྤྱིར་བཏང་གི་སྤྱི་པའི་ཞབས་འདེགས་ཐད་ལ་སྒོར་དུང་ཕྱུར118.5བཏང་ཞིང་། 17.8%འཕར་ཡོད། སྤྱི་པའི་བདེ་འཇགས་ཐད་ལ་སྒོར་དུང་ཕྱུར59བཏང་ཞིང་། 6.1%འཕར་ཡོད། སློབ་གསོའི་ཐད་ལ་སྒོར་དུང་ཕྱུར164.3བཏང་ཞིང་། 5.1%འཕར་ཡོད། ཚན་རིག་ལག་རྩལ་ཐད་ལ་སྒོར་དུང་ཕྱུར11.2བཏང་ཞིང་། 8.2%འཕར་ཡོད། རིག་གནས་ལུས་རྩལ་དང་བར་སྨྱན་ཐད་ལ་སྒོར་དུང་ཕྱུར33.6བཏང་ཞིང་། 1.6%མར་བབས་ཡོད། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཀྱི་ཐད་ལ་སྒོར་དུང་ཕྱུར189.3བཏང་ཞིང་། 27.9%འཕར་ཡོད། སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཐད་ལ་སྒོར་དུང་ཕྱུར99.4བཏང་ཞིང་། 24%འཕར་ཡོད། ནུས་བསྲི་ཁོར་སྲུང་གི་ཐད་ལ་སྒོར་དུང་ཕྱུར87.5བཏང་ཞིང་། 54.2%འཕར་ཡོད། མཁར་གྲོང་སྡེ་ཁུལ་གྱི་ཐད་ལ་སྒོར་དུང་ཕྱུར130.6བཏང་ཞིང་། 37.4%འཕར་ཡོད། ཞིང་ནགས་ཆུ་གསུམ་གྱི་ལས་དོན་ཐད་ལ་སྒོར་དུང་ཕྱུར204.7བཏང་ཞིང་། 7.7%འཕར་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་ཐད་ལ་སྒོར་དུང་ཕྱུར205.5བཏང་ཞིང་། 0.4%འཕར་ཡོད། སྡོད་ཁང་འགན་སྲུང་ཐད་ལ་སྒོར་དུང་ཕྱུར65.6བཏང་ཞིང་། 3.2%མར་བབས་ཡོད། ཞིང་ཆེན་ཡོངས་ཀྱི་སྔོན་རྩིས་ལག་བསྟར་གྱི་མཇུག་འབྲས་ནི། སྤྱིའི་ནོར་ཤུགས་སྒོར་དུང་ཕྱུར1665.2ཡིན་ཞིང་། སྒོར་དུང་ཕྱུར133.6ཇེ་མང་དུ་སོང་བས་དུས་མཉམ་ལས8.7%འཕར་ཡོད། དེའི་ནང་དུ། ས་གནས་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར267.1ཡིན་པ་དང་། ཀྲུང་དབྱང་གི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར1000ཡིན་པ་དང་། ས་གནས་སྲིད་གཞུང་གི་གསར་བཀྲམ་བུན་འཛིན་ཡོང་སྒོ་སྒོར་དུང་ཕྱུར127ཡིན། སྔོན་ལོར་སྒོར་དུང་ཕྱུར56.6ལྷག་ཡོད་ཅིང་། སྔོན་རྩིས་གཏན་འཇགས་སྙོམ་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར107.4ནང་འདྲེན་བྱས་པ་དང་། ལོ་རིམ་གྱི་ནོར་སྲིད་བསགས་དངུལ་དང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་སོགས་སྒོར་དུང་ཕྱུར107.1ནང་འདྲེན་བྱས། དེ་མིན་ད་དུང་བརྗེ་སྤོར་བུན་འཛིན་སྒོར་དུང་ཕྱུར168འགྲེམ་སྤེལ་བྱས། ཞིང་ཆེན་ཡོངས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར1506བཏང་ཞིང་། བུན་མཇལ་འགྲོ་སྒོ་སྒོར་དུང་ཕྱུར174.1བཏང་། སྔོན་རྩིས་གཏན་འཇགས་སྙོམ་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར111.3བཀོད་སྒྲིག་བྱས་པ་དང་། གོང་སྤྲོད་བྱས་པའི་འགྲོ་སོང་སྒོར་དུང་ཕྱུར1.1ཡོད། གཏོང་ཡོང་གཉིས་ཐོད་གཏུག་རྗེས། ལོ་མཇུག་ལ་སྒོར་དུང་ཕྱུར41.2ལྷག་ཡོད་ལ། ཡོངས་རྪགས་ལོ་རྗེས་མའི་འགྲོ་སྒོའི་རྩིས་ཁོངས་སུ་སྤོས་པ་རེད། 

2.ཞིང་ཆེན་རིམ་པ་འདིས་ལག་བསྟར་བྱས་པའི་གནས་ཚུལ། ཞིང་ཆེན་རིམ་པ་འདིའི་ས་གནས་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར70.7ཡོངས་འགྲུབ་བྱུང་ཞིང་། སྔོན་རྩིས་ཀྱི81.9%ཡིན་ཞིང་། སྒོར་དུང་ཕྱུར9.3ཇེ་ཉུང་དུ་སོང་སྟེ། 11.6%མར་བབས་ཡོད། ཞིང་ཆེན་རིམ་པ་འདིའི་སྤྱི་པའི་ནོར་སྲིད་སྔོན་རྩིས་འགྲོ་སོང་སྒོར་དུང་ཕྱུར498.7ཡོངས་འགྲུབ་བྱུང་ཞིང་། སྔོན་རྩིས་ཀྱི95.6%ཡིན་ཞིང་། སྒོར་དུང་ཕྱུར45.1ཇེ་མང་དུ་སོང་སྟེ། 10.2%འཕར་ཡོད། དེའི་ནང་དུ། སྤྱིར་བཏང་གི་སྤྱི་པའི་ཞབས་འདེགས་ལ་སྒོར་དུང་ཕྱུར26.8བཏང་ཞིང་། 30.3%འཕར་ཡོད། སྤྱི་པའི་བདེ་འཇགས་ལ་སྒོར་དུང་ཕྱུར20.5བཏང་ཞིང་། 15.2%ཇེ་ཉུང་དུ་སོང་ཡོད། སློབ་གསོའི་ཐད་ལ་སྒོར་དུང་ཕྱུར24.5 བཏང་ཞིང་། 4.4% འཕར་ཡོད། ཚན་རིག་ལག་རྩལ་ཐད་ལ་སྒོར་དུང་ཕྱུར5.2བཏང་ཞིང་། 4.6%འཕར་ཡོད། རིག་གནས་ལུས་རྩལ་དང་བར་སྨྱན་ཐད་ལ་སྒོར་དུང་ཕྱུར13.8བཏང་ཞིང་། 1.9% འཕར་ཡོད། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཐད་ལ་སྒོར་དུང་ཕྱུར59.4བཏང་ཞིང་། 27.9%འཕར་ཡོད། སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཐད་ལ་སྒོར་དུང་ཕྱུར21.7བཏང་ཞིང་། 45.6%འཕར་ཡོད། ནུས་བསྲི་ཁོར་སྲུང་ཐད་ལ་སྒོར་དུང་ཕྱུར26.8བཏང་ཞིང་། 185.6%འཕར་ཡོད། མཁར་གྲོང་སྡེ་ཁུལ་ཐད་ལ་སྒོར་དུང་ཕྱུར1.3བཏང་ཞིང་། 39.6%འཕར་ཡོད། ཞིང་ནགས་ཆུ་གསུམ་ལས་དོན་ཐད་ལ་སྒོར་དུང་ཕྱུར25.5བཏང་ཞིང་། 26%ཇེ་ཉུང་དུ་སོང་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་ལ་སྒོར་དུང་ཕྱུར194.5བཏང་ཞིང་། 2.4% འཕར་ཡོད། སྡོད་ཁང་འགན་སྲུང་ཐད་ལ་སྒོར་དུང་ཕྱུར6.9བཏང་ཞིང་། 21.4%ཇེ་ཉུང་དུ་སོང་ཡོད། ཞིང་ཆེན་རིམ་པ་འདིའི་སྤྱི་པའི་ནོར་སྲིད་སྔོན་རྩིས་དང་དེ་མིན་ལས་གཞི་ཁ་ཤས་ཀྱི་འགྲོ་སྒོ་མར་བབས་པའི་རྒྱུ་རྐྱེན་གཙོ་བོ་ནི། མ་དངུལ་གཏོང་སྤྲོད་ཀྱི་བར་མའི་ལྷུ་ཚིགས་ཉུང་འཕྲི་བྱེད་པ་དང་། ལས་གཞི་སྔ་མོ་ནས་ལག་ལེན་བསྟར་བར་འགན་ལེན་བྱེད་ཆེད། སྔོན་ཆད་ཞིང་ཆེན་རིམ་པའི་འགྲོ་སྒོ་ནང་བཞག་པའི་ལས་གཞི་འགའ་རེའི་མ་དངུལ་ཐད་ཀར་གྲོང་ཁྱེར(ཁུལ)གྱི་འགྲོ་སྒོ་ནང་དུ་གཏོང་སྤྲོད་བྱས་ཐོག དེ་ལས་ཀྱང་ཞིང་ཆེན་རིམ་པ་འདིའི་འགྲོ་སྒོ་ཉུང་འཕྲི་བཏང་བ་རེད། 

ཞིང་ཆེན་རིམ་པ་འདིའི་སྔོན་རྩིས་ལག་བསྟར་གྱི་མཇུག་འབྲས་ནི། སྤྱིའི་ནོར་ཤུགས་སྒོར་དུང་ཕྱུར626ཡིན་ཞིང་། སྒོར་དུང་ཕྱུར14ཇེ་མང་དུ་སོང་སྟེ། དུས་མཉམ་ལས2.3%འཕར་ཡོད། དེའི་ནང་དུ། ས་གནས་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར70.7ཡིན་པ་དང་། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་ཡོང་སྒོ་སྒོར་ཕྱུར241.7(ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་ཡོང་སྒོ་སྒོར་ཕྱུར1000ནང་ནས། གྲོང་ཁྱེར་དང་ཁུལ་ལ་སྒོར་དུང་ཕྱུར758.3ཁ་གསབ་བྱས་པ་ཕུད་ཡོད)ཡིན་པ་དང་། ས་གནས་སྲིད་གཞུང་གི་གསར་བཀྲམ་བུན་འཛིན་ཡོང་སྒོ་སྒོར་དུང་ཕྱུར78(ཞིང་ཆེན་ཡོངས་ལ་སྒོར་དུང་ཕྱུར127ཡིན་ལ། གྲོང་ཁྱེར་དང་ཁུལ་ལ་སྒོར་དུང་ཕྱུར49བརྗེ་བསྐྱི་བྱས)ཡིན། ལོ་སྔོན་མའི་ཡོང་སྒོ་ལྷག་འཕྲོ་སྒོར་དུང་ཕྱུར44.2ཡོད། སྔོན་རྩིས་སྙོམ་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར95ནང་འདྲེན་བྱས་པ་དང་། ལོ་རིམ་གྱི་བསགས་དངུལ་དང་དེ་མིན་སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་སོགས་མ་དངུལ་སྒོར་དུང་ཕྱུར96.4ནང་འདྲེན་བྱས། དེ་མིན་ད་དུང་བརྗེ་སྤོར་བུན་འཛིན་སྒོར་དུང་ཕྱུར107(ཞིང་ཆེན་ཡོངས་ལ་སྒོར་དུང་ཕྱུར168ཡིན་ལ། གྲོང་ཁྱེར་དང་ཁུལ་ལ་སྒོར་དུང་ཕྱུར61བརྗེ་བསྐྱི་བྱས)འགྲེམ་སྤེལ་བྱས། ཞིང་ཆེན་རིམ་པ་འདིའི་སྤྱི་པའི་ནོར་སྲིད་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར498.7བཏང་ཡོད་པ་དང་། བུན་མཇལ་འགྲོ་སྒོ་སྒོར་དུང་ཕྱུར110.4བཏང་། སྔོན་རྩིས་གཏན་འཇགས་སྙོམ་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར100བཀོད་སྒྲིག་བྱས། གོང་སྤྲོད་བྱས་པའི་འགྲོ་སྒོ་སྒོར་དུང་ཕྱུར1.1ཡོད། གཏོང་ཡོང་གཉིས་ཐོད་གཏུག་རྗེས། ལོ་རྗེས་མའི་རྩིས་ཁོངས་སུ་སྤོས་པའི་འགྲོ་སྒོ་སྒོར་དུང་ཕྱུར22.9ཡོད། ལོ་དེའི་གཏོང་ཡོང་ཆ་སྙོམས་ཡིན་པ་མངོན་འགྱུར་བྱུང་། 

(གཉིས) སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ

 ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར158.7ཡིན། དེའི་ནང་དུ། ལོ་དེར་ཡོང་སྒོ་སྒོར་དུང་ཕྱུར79.3གྲུབ་ཅིང་། ཀྲུང་དབྱང་གི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར25.9ཡོད་པ་དང་། ལོ་སྔོན་མར་རྩིས་ཁོངས་སུ་སྤོས་པའི་སྒོར་དུང་ཕྱུར29.4ཡོད།

ཆེད་དམིགས་བུན་འཛིན་གསར་བཀྲམ་བྱས་པའི་ཡོང་སྒོ་སྒོར་དུང་ཕྱུར24ཡོད། དེ་མིན་ད་དུང་ཆེད་དམིགས་བརྗེ་སྤོར་བུན་འཛིན་སྒོར་དུང་ཕྱུར9འགྲེམ་སྤེལ་བྱས། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་འགྲོ་སྒོ་སྒོར་དུང་ཕྱུར108.9གྲུབ། སྤྱི་པའི་ནོར་སྲིད་སྔོན་རྩིས་སྒོར་དུང་ཕྱུར22.9ནང་འདྲེན་བྱས་ཤིང་། བུན་མཇལ་འགྲོ་སྒོ་སྒོར་དུང་ཕྱུར9བཏང་། ལོ་རྗེས་མའི་རྩིས་ཁོངས་སུ་སྤོས་པའི་འགྲོ་སྒོ་སྒོར་དུང་ཕྱུར26.9ཡོད། ཞིང་ཆེན་རིམ་པ་འདིའི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར66.8ཡོད། དེའི་ནང་དུ། ལོ་དེར་ཡོང་སྒོ་སྒོར་དུང་ཕྱུར27.8གྲུབ། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་ཡོང་སྒོ་སྒོར་ཕྱུར12.4(ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་ཡོང་སྒོ་སྒོར་ཕྱུར25.9ནང་ནས། གྲོང་ཁྱེར་དང་ཁུལ་ལ་སྒོར་དུང་ཕྱུར13.5ཁ་གསབ་བྱས་པ་ཕུད་ཡོད)ཡོད། ལོ་སྔོན་མའི་རྩིས་ཁོངས་སུ་སྤོས་པའི་སྒོར་དུང་ཕྱུར18.6ཡོད། བུན་འཛིན་གསར་བཀྲམ་བྱས་པའི་ཡོང་སྒོ་སྒོར་དུང་ཕྱུར8ཡོད། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་འགྲོ་སྒོ་སྒོར་དུང་ཕྱུར30.3གྲུབ། སྤྱི་པའི་ནོར་སྲིད་སྔོན་རྩིས་སྒོར་དུང་ཕྱུར15.5ནང་འདྲེན་བྱས་ཏེ། ལོ་རྗེས་མའི་རྩིས་ཁོངས་སུ་སྤོས་པའི་འགྲོ་སྒོ་སྒོར་དུང་ཕྱུར21ཡོད། 

 (གསུམ) རྒྱལ་དབང་མ་རྩ་བདག་གཉེར་གྱི་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ། 

 རྒྱལ་དབང་མ་རྩ་བདག་གཉེར་གྱི་ཡོང་སྒོ་སྒོར་དུང་ཕྱུར0.55གྲུབ་ལ། རྒྱལ་དབང་མ་རྩ་བདག་གཉེར་གྱི་འགྲོ་སྒོ་སྒོར་དུང་ཕྱུར0.45གྲུབ་ཡོད། ཞིང་ཆེན་རིམ་པ་འདིས་རྒྱལ་དབང་མ་རྩ་བདག་གཉེར་གྱི་ཡོང་སྒོ་སྒོར་དུང་ཕྱུར0.45གྲུབ་ལ། རྒྱལ་དབང་མ་རྩ་བདག་གཉེར་གྱི་འགྲོ་སྒོ་སྒོར་དུང་ཕྱུར0.34གྲུབ་ཡོད། 

 (བཞི) སྤྱི་ཚོགས་ཉེན་འགོག་གི་ཐེབས་རྩ་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ།  

ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཉེན་འགོག་ཐེབས་རྩའི་ཡོང་སྒོ་སྒོར་དུང་ཕྱུར270.9གྲུབ་ལ། སྒོར་དུང་ཕྱུར95.1ཇེ་མང་དུ་སོང་ཞིང་། 54.1%འཕར་ཡོད། སྤྱི་ཚོགས་ཉེན་འགོག་ཐེབས་རྩའི་འགྲོ་སྒོ་སྒོར་དུང་ཕྱུར261.5གྲུབ་ལ། སྒོར་དུང་ཕྱུར104.4ཇེ་མང་དུ་སོང་་ཞིང་། 66.5%འཕར་ཡོད། ཞིང་ཆེན་རིམ་པ་འདིའི་སྤྱི་ཚོགས་ཉེན་འགོག་ཐེབས་རྩའི་ཡོང་སྒོ་སྒོར་དུང་ཕྱུར203.4གྲུབ་ལ། སྒོར་དུང་ཕྱུར88.3ཇེ་མང་དུ་སོང་ཞིང་། 76.8%འཕར་ཡོད། སྤྱི་ཚོགས་ཉེན་འགོག་ཐེབས་རྩའི་འགྲོ་སྒོ་སྒོར་དུང་ཕྱུར205གྲུབ་ལ། སྒོར་དུང་ཕྱུར100ཇེ་མང་དུ་སོང་ཞིང་། 95.3%འཕར་ཡོད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།