གནད་སྨིན་དབུལ་སྐྱོར་སྐོར་གྱི་ཤེས་བྱ་གསལ་འགྲེལ། ༥

བོད་ལྗོངས་ཀྱིས་བྱེད་ཐབས་བདུན་གྱི་ཐོག་ནས“ལོ་ལྔ་ཚན་བཅུ་གསུམ་པའི”གནད་སྨིན་དབུལ་སྐྱོར་ལས་དོན་དོན་འཁྱོལ་ཡག་པོ་བྱ་རྒྱུ་ཡིན་པ།    

“ལོ་ལྔ་ཚན་བཅུ་གསུམ་པར”སླེབས་ཚུན་རང་ལྗོངས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་དེ“དཀའ་ཚེགས་ལས་རྣམ་པར་རྒྱལ་བ་དང་འགག་སྒྲོལ”གྱི་མཐའ་མའི་གདོང་མཆོང་དུས་སུ་སླེབས་པ་དང་ཆབས་ཅིག ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་སུ་སླེབས་པས་གནད་སྨིན་དབུལ་སྐྱོར་དེ་ཕྱོགས་བདུན་ཐད་ནས་གཙོ་གནད་ཐོག་སྤེལ་རྒྱུ་གཤམ་གསལ།

གཅིག་ནས་སྒྲིལ་སྲོལ་ལམ་སྲོལ་གསར་གཏོད་བྱས་པ་བརྒྱུད་སྲིད་འཛིན་རང་བཞིན་གྱི་དབུལ་སྐྱོར་སྒྲིག་གཞི་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་།

གཉིས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ས་ཁོངས་འཕེལ་རྒྱས་དང་དབུལ་སྐྱོར་འགག་སྒྲོལ་དང་། དབུལ་སྐྱོར་གསར་སྤེལ། གནད་སྨིན་དབུལ་སྐྱོར་བཅས་ཀྱི་འཆར་གཞི་ཡག་པོ་འགོད་པ་དང་འཆར་འགོད་བྱ་རྒྱུ་དེ་གཞི་འཛིན་སར་བྱས་ནས་ཀྲུང་དབྱང་ནོར་སྲིད་ཀྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་ལྗོངས་ཀྱི་ནོར་སྲིད་དབུལ་སྐྱོར་འཕེལ་རྒྱས་ཀྱི་མ་དངུལ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”རྨང་གཞི་ལས་ལྡབ་གཉིས་འཕར་བ་བྱ་རྒྱུའི་བརྩོན་ལེན་བྱ་རྒྱུ་དང་། གུན་གསབ་ལས་སྤྲོད་དང་གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་མ་དངུལ་བརྩོན་ལེན་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བའི་ཁར་རྫོང་ཚན་པར་བྱས་ཏེ་མ་དངུལ་དེ་གཙོ་གནད་ཐོག་ཤང་དང་གྲོང་ཚོ་དབུལ་པོར་བཏང་ནས་དབུལ་སྐྱོར་འཕེལ་རྒྱས་མ་དངུལ་བསྡུ་སྒྲིལ་བེད་སྤྱོད་ཡག་པོ་བྱ་རྒྱུ།

གསུམ་ནས་ལས་རིགས་ལ་བརྟེན་ནས་དབུལ་སྐྱོར་བྱ་རྒྱུ་མཐའ་འཁྱོངས་བྱེད་ཅིང་། རང་སྐྱོང་ལྗོངས་ལས་རིགས་དབུལ་སྐྱོར་གྱིས་གཏན་འཁེལ་བའི་གཙོ་གནད་ལས་དོན་ཁག་10གཞིར་བཟུང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལས་རིགས་སྡེ་ཚན་གྱི་དབུལ་སྐྱོར་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་པའི་འཆར་གཞི་འགོད་རྒྱུ་དང་། དབུལ་སྐྱོར་བྱེད་པར་སྔོན་ལ་རིག་སྟོབས་དབུལ་སྐྱོར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སློབ་གསོ་དབུལ་སྐྱོར་དང་། འཕྲོད་བསྟེན་དབུལ་སྐྱོར། ཚན་རྩལ་དབུལ་སྐྱོར་བཅས་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་རྒྱུ། གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་རྒྱུ་གཞི་རྟེན་དུ་བྱས་ཏེ་ཞིང་འབྲེལ་མ་དངུལ་དང་རྣམ་གྲངས་གྲོང་ཚོ་དབུལ་པོ་དང་མང་ཚོགས་དབུལ་པོར་ཕྱོགས་བསྡུས་ཐོག་སྤྲོད་རྒྱུ། ཆེད་དོན་དབུལ་སྐྱོར་གྱིས“ལས་རིགས་དབུལ་སྐྱོར”ལ་ཤུགས་བརྒྱབ་ནས་ཞིང་འབྲོག་པའི་འབབ་འཕར་ཐད་ཚད་བརྒལ་གལ་ཆེན་ཡོང་བ་བྱ་རྒྱུ་དང་། ལས་རིགས་དབུལ་སྐྱོར་གྱིས“རྨང་གཞིའི་དབུལ་སྐྱོར”ལ་ཤུགས་སྣོན་བརྒྱབ་ནས་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཐད་ཚད་བརྒལ་གལ་ཆེན་ཡོང་བ་བྱ་རྒྱུ། སྤྱི་ཚོགས་དབུལ་སྐྱོར་གྱིས“ནུས་པའི་དབུལ་སྐྱོར”ལ་ཤུགས་བརྒྱབ་ནས་དབུལ་སྐྱོར་གསར་སྤེལ་ལམ་སྲོལ་གསར་གཏོད་ཐད་ཚད་བརྒལ་གལ་ཆེན་ཡོང་བ་བྱ་རྒྱུ། དངུལ་རྩའི་དབུལ་སྐྱོར་གྱིས“མ་དངུལ་དབུལ་སྐྱོར”ལ་ཤུགས་བརྒྱབ་ནས་མ་དངུལ་བསྡུ་སྒྲིལ་ཐབས་ལམ་དང་གཞི་ཁྱོན་ཐད་ཚད་བརྒལ་གལ་ཆེན་ཡོང་བ་བྱ་རྒྱུ། བོད་སྐྱོར་དབུལ་སྐྱོར་གྱིས“རང་བརྟེན་ནུས་པ་སྐྱེད་སྲིང”ལ་ཤུགས་བརྒྱབ་ནས་རང་ངོས་འཕེལ་རྒྱས་ནུས་པ་སྐྱེད་སྲིང་ཐད་ཚད་བརྒལ་གལ་ཆེན་ཡོང་བ་བྱ་རྒྱུ་བཅས་རེད། རིགས་ཁག་གི་དབུལ་སྐྱོར་མ་དངུལ་བེད་སྤྱོད་བྱ་རྒྱུའི་ཐད་བརྒྱུད་རིམ་ཧྲིལ་པོར་རྗེས་འདེད་དང་ཞིབ་བཤེར་བྱས་ནས་མ་དངུལ་བདེ་འཇགས་ཡོང་བའི་འགན་ལེན་བྱ་རྒྱུ།

བཞི་ནས་སྤྱི་ཚོགས་ལ་བརྟེན་ནས་དབུལ་སྐྱོར་བྱ་རྒྱུ་མཐའ་འཁྱོངས་བྱེད་ཅིང་། བོད་ལྗོངས་དབུལ་སྐྱོར་ཐེབས་རྩ་ལྷན་ཚོགས་འཛུགས་རྒྱུའི་གྲ་སྒྲིག་དང་སྤྱི་ཚོགས་ཚོགས་པ་དང་། སྲིད་གཞུང་མིན་པའི་རྩ་འཛུགས། རིགས་ཁག་གི་ཁེ་ལས། མི་སྒེར་བཅས་དབུལ་སྐྱོར་ནང་ཞུགས་རྒྱུར་སྐུལ་སློང་སྐུལ་ཁྲིད་བྱས་ནས་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་རྒྱུ་དང་། ཁ་གཏད་རོགས་སྐྱོར་ལམ་ལུགས་མུ་མཐུད་ལག་བསྟར་བྱས་ཏེ། ལས་བྱེད་པ་གྲོང་ཚོར་བཅའ་སྡོད་དང་། གྲོང་ཚོ་དབུལ་པོར་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་འདེམས་གཏོང་བྱེད་པའི་ལས་ཀའི་བྱེད་ཐབས་སྲ་བརྟན་དུ་གཏོང་རྒྱུ། སྲིད་གཞུང་གིས་སྤྱི་ཚོགས་ཀྱི་ཞབས་ཞུ་ཉོ་བའི་བྱེད་ཐབས་འཚོལ་ཞིབ་བྱས་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་དུད་ཚང་དུ་རྣམ་གྲངས་ལག་བསྟར་དང་། མ་དངུལ་རྩིས་བཤེར་ལ་ལྟ་སྐུལ་དོ་དམ། རྣམ་གྲངས་ཀྱི་ལས་རྗེས་ཚོད་སྐོར་བཅས་བྱས་ཏེ་ཏང་ཡོངས་སུ་འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་དང་སྤྱི་ཚོགས་ཡོངས་ཐུན་མོང་ཐོག་ཞུགས་པའི་དབུལ་སྐྱོར་ཆེན་པོའི་རྣམ་པ་ཞིག་རིམ་གྱིས་ཆགས་པ་བྱ་རྒྱུ།

ལྔ་ནས་བོད་སྐྱོར་ལ་བརྟེན་ནས་དབུལ་སྐྱོར་བྱ་རྒྱུ་མཐའ་འཁྱོངས་བྱེད་ཅིང་། ཆེད་དོན་དབུལ་སྐྱོར་གྱི་བོད་སྐྱོར་མ་དངུལ་སྤྱད་དེ་གྲོང་ཚོ་དབུལ་པོ་གཙོ་བོར་ཁ་ཕྱོགས་ནས་གཅིག་སྡུད་ཐོག་གཏོང་རྒྱུ།

དྲུག་ནས་དངུལ་རྩར་བརྟེན་ནས་དབུལ་སྐྱོར་བྱ་རྒྱུ་མཐའ་འཁྱོངས་བྱེད་ཅིང་། དུད་ཚང་དབུལ་པོ་དང་། དབུལ་སྐྱོར་སྣེ་འདྲེན་ཁེ་ལས། ཆེད་ལས་མཉམ་ལས་རྩ་འཛུགས་བཅས་ལ་ཕྱོགས་པའི་དབུལ་སྐྱོར་སྐྱེད་སྦྱར་དངུལ་བུན་སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་སྦྲགས་དེ་ཞིང་འབྲོག་མང་ཚོགས་ཚང་མ་དང་། རྫོང་དང་རྫོང་མན་གྱིས་ཐོ་འགོད་བྱས་པའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས། ཆེད་ལས་མཉམ་ལས་རྩ་འཛུགས། གྲོང་གསེབ་ཀྱི་ཆུ་དང་། གློག ལམ། འཕྲིན་གཏོང་། སྡོད་ཁང་སོགས་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ཐད་སྤྱོད་ཤུགས་ཆེ་རུ་གཏོང་རྒྱུ་དང་། བོད་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཁང་གིས་སྤེལ་བའི[2013ལོ]ཡིག་ཆ་ཨང་77དང་78པ་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ། དབུལ་སྐྱོར་སྐྱེད་སྦྱར་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་དང་། དབུལ་སྐྱོར་རྣམ་གྲངས་ཀྱི་དངུལ་བུན་སྐྱེད་སྦྱར་དོ་དམ་ལམ་ལུགས་གསར་གཏོད་བྱ་རྒྱུ། འབོར་ཉུང་ཡིད་རྟོན་དངུལ་བུན་དུད་ཚང་དུ་གཏོང་བའི་རྣམ་པ་འཐུས་སྒོ་ཚང་དུ་གཏོང་རྒྱུ། དབུལ་སྐྱོར་རོགས་རེས་ཀྱི་མ་དངུལ་སོགས་ཞིང་འབྲོག་ལས་ཀྱི་ཚོང་ལས་མིན་པའི་རོགས་རེས་དངུལ་རྩའི་རྣམ་པ་འཚོལ་ཞིབ་དང་ལག་བསྟར་བྱ་རྒྱུ། བྱ་གཞག་གསར་གཏོད་བྱེད་འདོད་པའི་དུད་ཚང་དབུལ་པོར་སྒོར་ཁྲི་30ལས་མི་བརྒལ་བའི་སྐྱེད་སྦྱར་དངུལ་བུན་གཏོང་རྒྱུར་ལྕག་སྐུལ་བྱས་ཏེ་མང་ཚོགས་དབུལ་པོའི་རང་བརྟེན་འཕེལ་རྒྱས་དང་རང་བརྟེན་དབུལ་སྒྲོལ་གྱི་ནང་ཁོངས་སྒུལ་ཤུགས་འཕེལ་བ་བྱ་རྒྱུ། ཁེ་ལས་ཀྱིས་གྲོང་ཚོ་དབུལ་པོར་ཐོན་ལས་རྟེན་གཞི་བསྐྲུན་རྒྱུར་ལྕག་སྐུལ་བྱས་ཏེ་ཞིང་འབྲོག་མང་ཚོགས་དབུལ་པོར་ལག་རྩལ་དང་། ཁྲོམ་ར། ཆ་འཕྲིན་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ། ཞིང་འབྲོག་ཁུལ་གྱི་འགན་བཅོལ་བྱ་གཞག་འཕེལ་རྒྱས་ཧུར་ཐག་བཏང་ནས་འགན་བཅོལ་སྒྲིག་གཞིས་ས་ཁུལ་དབུལ་པོར་ཞིང་འབྲེལ་ཚོང་ལས་འགན་བཅོལ་གྱི་ལས་སྒོ་རྒྱ་ཆེར་གཏོང་རྒྱུར་ལྕག་སྐུལ་བྱ་རྒྱུ། ཞིང་ལས་དངུལ་ཁང་དང་སྦྲག་སྲིད་དངུལ་བཅོལ་དངུལ་ཁང་སོགས་ཚོང་ལས་དངུལ་ཁང་གིས་ཞིང་འབྲོག་ཁུལ་གྱི་དངུལ་རྩའི་ཞབས་ཞུའི་དྲ་ཚིགས་གསར་དུ་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཤང་གྲོང་དུ་དངུལ་རྩའི་སྒྲིག་གཞི་མེད་པ་དང་གྲོང་ཚོར་དངུལ་རྩའི་ཞབས་ཞུའི་དྲ་ཚིགས་མེད་པའི་ལོ་རྒྱུས་སྔ་ཙམ་མཇུག་འགྲིལ་རྒྱུའི་བརྩོན་ལེན་བྱ་རྒྱུ་བཅས་རེད།

བདུན་ནས་གནད་སྨིན་དབུལ་སྐྱོར་བྱ་རྒྱུ་མཐའ་འཁྱོངས་བྱེད་ཅིང་། དབུལ་པོའི་རྒྱུ་རྐྱེན་ལ་དམིགས་ནས་དེའི་རེ་འདུན་ལ་བརྩི་འཇོག་དང་དེའི་དགོས་མཁོར་གཞིགས་ཏེ“ཁག་གཅིག་རེ་ལྔ”(རོགས་སྐྱོར་བརྒྱུད་ཐོན་སྐྱེད་དང་འཕེལ་རྒྱས་ཁག་གཅིག་གཏོང་བ་དང་། དབུལ་སྐྱོར་བརྒྱུད་གནས་སྤོ་དང་བཀོད་སྒྲིག་ཁག་གཅིག་བྱེད་པ། མ་མཐའི་འགན་ལེན་སྲིད་ཇུས་བརྒྱུད་མཐའ་སྐྱོང་ཁག་གཅིག་བྱེད་པ། རིག་སྟོབས་འཕེལ་བ་བྱས་ནས་ཁག་གཅིག་ལས་ཞུགས་ཐུབ་པ་བྱེད་པ། སྐྱོན་བྲལ་དབུལ་སྐྱོར་བརྒྱུད་ཁག་གཅིག་ལ་རོགས་སྐྱོབ་བྱེད་པ) ལག་བསྟར་ཡག་པོ་བྱ་རྒྱུ་བཅས་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།