“སློབ་པ་གཉིས་དང་བྱེད་པ་གཅིག”སྐོར་གྱི་དྲི་བ་དྲིས་ལན།

༡.ཅི་ཞིག་ལ“སློབ་པ་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་ཟེར།

“ཏང་གི་སྒྲིགས་ཡིག་དང་ཏང་གི་སྒྲིགས་ཁྲིམས་ལ་སློབ་པ། གསུང་བཤད་རབས་དང་རིམ་པར་སློབ་པ།ཚད་དང་མཐུན་པའི་ཏང་ཡོན་ཞིག་བྱེད་པ”བཅས་ཀྱི་སློབ་སྦྱོང་སློབ་གསོ་སྤེལ་བ་དེའོ།།

༢.“སློབ་པ་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་སྤེལ་དོན་ཅི་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་སློབ་སྦྱོང་ཟབ་མོ་བྱེད་ཅིང་། གཟབ་ནན་གྱིས་ཏང་སྐྱོང་བ་དེ་གཞི་རིམ་དུ་བསྲིང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ།ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་དང“ནན་གསུམ་རྣལ་གསུམ”ཆེད་དམིགས་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ།ཏང་ཡོན་དཔུང་སྡེའི་བསམ་བློ་དང་རྩ་འཛུགས།སྤྱོད་ཚུལ།སྒྲིགས་ཁྲིམས་བཅས་ཕྱོགས་སུ་གནས་པའི་གནད་དོན་སྔར་ལས་ཐག་གཅོད་བཅས་བྱས་ཏེ།ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་སྲུང་དང་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཡིན།

༣.སྤེལ་བའི་ཁྱབ་ཁོངས་ཅི་འདྲ་ཡིན།

  “སློབ་པ་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་ནི་ཏང་ཡོན་ཡོངས་རྫོགས་ལ་ཁ་གཏད་པའི་ཏང་ནང་གི་སློབ་གསོ་ཇེ་ཟབ་ཏུ་གཏོང་བའི་ལག་ལེན་གལ་ཆེན་ཞིག་ཡིན།

༤.“སློབ་པ་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་ནི་བྱ་འགུལ་ཐེངས་ཤིག་ཡིན་ནམ།

  “སློབ་པ་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་ནི་བྱ་འགུལ་ཐེངས་ཤིག་མིན་པར། རྒྱུན་ལྡན་གྱི་སློབ་གསོ་འབུར་དུ་དོད་ཅིང་རིམ་པ་དགར་བ།དམིགས་ས་རང་བཞིན་ལྡན་པའི་ངང་གནད་དོན་ཐག་གཅོད་པ་དང་།“ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”སོགས་ཏང་གི་རྩ་འཛུགས་འཚོ་བའི་ལམ་ལུགས་ལ་བརྟེན་ཞིང་།ཏང་ཀྲི་པུའུ་ཡི་རང་ཉིད་གཙང་དག་དང་རང་ཉིད་མཐོར་འདེགས་བྱེད་པའི་རང་འགུལ་རང་བཞིན་འདོན་སྤེལ་བྱས་ཏེ། ཏང་གི་བསམ་བློའི་ཆབ་སྲིད་འཛུགས་སྐྲུན་དེ་དངོས་གནས་རྒྱུན་དུ་འཛིན་ཞིང་རྒྱུན་དུ་ནན་འཛིན་བྱེད་པ་ཞིག་ཡིན།

 ༥. སློབ་སྦྱོང་སློབ་གསོའི་བྱ་འགུལ་སྤེལ་བའི་གཞི་རྩའི་བླང་བྱ་ཅི་ཡིན།

  ཏང་གི་བསམ་བློ་འཛུགས་སྐྲུན་དེ་གོ་གནས་ཆེས་མཐོན་པོར་བཞག་སྟེ།ཏང་གི་སྒྲིགས་ཡིག་ལ་བརྩི་བཀུར་དང་ཏང་གི་སྒྲིགས་ལམ་བརྩི་སྲུང་བྱ་རྒྱུ་གཞི་རྩའི་བླང་བྱར་བརྩི་ཞིང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་གྱིས་ཏང་ཡོངས་ལ་དྲག་ཆས་སྤྲ་བ་རྩ་བའི་ལས་འགན་དུ་བརྩིས་ནས། ཏང་ཡོན་ཚང་མས་ཏང་ཡོན་གྱི་ཚད་གཞི་ལྟར་རང་ཉིད་ཀྱི་གཏམ་སྤྱོད་ཚད་ལྡན་དུ་གཏོང་བར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།

  ཕུགས་འདུན་གྱི་འདུ་ཤེས་སྔར་ལས་སྲ་བརྟན་དུ་བཏང་ནས། ཏང་གཤིས་གོ་རྟོགས་ཇེ་མཐོར་གཏོང་དགོས།

  ཆབ་སྲིད་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས།སྙིང་པོའི་འདུ་ཤེས།གྲལ་མཉམ་འདུ་ཤེས་བཅས་སྔར་ལས་ཇེ་དྲག་ཏུ་བཏང་ནས།ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་ཇེ་བརྟན་དུ་གཏོང་དགོས།

  སྲོལ་བཟང་དར་བའི་ཉམས་སྣང་ཞིག་སྐྱོང་ཅི་ཐུབ་བྱས་ཏེ།ཆབ་སྲིད་སྒྲིགས་ཁྲིམས་དང་ཆབ་སྲིད་སྒྲིགས་ལམ་དམ་དུ་སྲུང་དགོས།

དམིགས་ཡུལ་འདུ་ཤེས་སྔར་ལས་ཀྱང་ཇེ་དྲག་ཏུ་གཏོང་བ་དང་།འགན་འཁྲི་ཁུར་ཕོད་ཅིང་ལས་འགན་སྒྲུབ་ཕོད་པ་བྱས་ཏེ་ཐོན་སྐྱེད་དང་བྱ་བ།སྤྱི་ཚོགས་འཚོ་བ་བཅས་ཀྱི་ཁྲོད་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས།བསམ་བློ་དང་ཆབ་སྲིད།འགུལ་སྐྱོད་བཅས་ཀྱི་སྟེང་ནས་ཏང་ནང་དུ་མཐུན་སྒྲིལ་ཡོང་བར་རྨང་གཞི་བརྟན་པོ་འདིང་ཞིང་།“ཁྱོན་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་དེ་མཐུན་སྦྱོར་ངང་སྤེལ་བ་དང་འཕེལ་རྒྱས་སུ་གཏོང་བའི་འདུ་ཤེས་ཆེན་པོ་ལྔ་ལག་ལེན་མཐར་ཕྱིན་བྱེད་པའི་ཆེད་དུ་རྩ་འཛུགས་ཀྱི་སྟེང་ནས་ཁག་ཐེག་བརྟན་པོ་བྱེད་དགོས།

༦. སློབ་སྦྱོང་སློབ་གསོའི་བྱ་འགུལ་སྤེལ་བའི་ཁྲོད་གནད་དོན་གང་དག་ཐག་གཅོད་བྱེད་དགོས།

  ཏང་ཡོན་ཁ་ཤས་ཀྱི་ཕུགས་འདུན་འདུ་ཤེས་གསལ་ལ་མི་གསལ་དང་གཡོ་འགུལ་ཆེ་བའི་གནད་དོན་ཐག་གཅོད་བྱེད་དགོས་པ་སྟེ།གཙོ་བོ་གུང་ཁྲན་རིང་ལུགས་ལ་དད་མོས་མི་བྱེད་པ་དང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་ཡིད་ཆེས་མི་འདང་བ།སེམས་གཏད་ས་མིད་པ།ནུབ་ཕྱོགས་ཀྱི་རིན་ཐང་འདུ་ཤེས་ལ་དད་བཀུར་བྱེད་པ། བཀས་བཀོད་རྒྱུད་འཛིན་གྱི་མིངས་དད་བྱ་འགུལ་རྩ་འཛུགས་བྱེད་པའམ་དེའི་ནང་དུ་ཞུགས་པ་སོགས།

ཏང་ཡོན་ཁ་ཤས་ཀྱི་ཏང་གི་འདུ་ཤེས་ཇེ་ཞན་དུ་སོང་བའི་གནད་དོན་ཐག་གཅོད་ཅི་ཐུབ་བྱེད་དགོས་པ་སྟེ།གཙོ་བོ་ནི་གྲལ་མཉམ་འདུ་ཤེས་མི་དྲག་པ་དང་།ཆབ་སྲིད་སྒྲིགས་ཁྲིམས་དང་ཆབ་སྲིད་སྒྲིགས་ལམ་བརྩི་སྲུང་མི་བྱེད་པ།ཏང་ནང་དུ་ཞུགས་རུང་ཏང་དོན་མི་སྒྲུབ་པ་དང་།ཏང་ལ་དགའ་ཞེན་མི་བྱེད་པ།ཏང་ལ་བྱམས་སྐྱོང་མི་བྱེད་པ།ཏང་གི་ཆེད་དུ་བསམ་བློ་མི་གཏོང་བ།རྩ་འཛུགས་སྒྲིགས་ཁྲིམས་བག་མིད་རྣམ་གཡེང་བྱེད་པ།གཏན་འཁེལ་ལྟར་ཏང་གི་རྩ་འཛུགས་འཚོ་བའི་ནང་མི་ཞུགས་པ།དུས་ཐོག་ཏུ་ཏང་གི་གྲོན་དངུལ་མི་སྤྲོད་པ།ཏང་རྩ་འཛུགས་ཀྱིས་སྤྲད་པའི་ལས་འགན་མི་སྒྲུབ་པ།ཏང་གི་རྩ་འཛུགས་རྩ་དོན་ལྟར་བྱ་བ་མི་སྒྲུབ་པ་སོགས།

ནུས་ཤུགས་བཏོན་ནས་ཏང་ཡོན་ཁ་ཤས་ཀྱི་དམིགས་ཡུལ་འདུ་ཤེས་ཞན་པའི་གནད་དོན་ཐག་གཅོད་བྱེད་པ་སྟེ།གཙོ་བོ་ནི་རང་ཕན་རིང་ལུགས་ཀྱི་སྣང་ཚུལ་ཚབས་ཆེན་ཡིན་པ་དང་།མང་ཚོགས་ཀྱི་དཀའ་སྡུག་སྣང་མིད་དུ་བཏང་ནས་མང་ཚོགས་དང་ཕན་ཁེ་འཕྲོག་རེས་བྱེད་པ།ཁྲིམས་བསྟར་དྲང་གཞག་མིན་པ།བཟའ་ལེན་བཙིར་སློང་།གཞུང་བསྙད་སྒེར་ཕན་བཅས་ཀྱིས་མང་ཚོགས་ཀྱི་ཕན་ཁེ་ལ་གནོད་འཚེ་བཏང་ཞིང་།མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འཇིགས་སྐུལ་ཐེབས་པའི་སྐབས་སུ་དཔའ་ཞུམ་གོམ་བཤོལ་བྱེད་པ་སོགས།

ཏང་ཡོན་ཁ་ཤས་ཉ་བེ་ཉོ་བེ་ཡིན་པའི་གནད་དོན་ལ་ནུས་ཤུགས་བཏོན་ནས་ཐག་གཅོད་བྱེད་པ་སྟེ། གཙོ་བོ་ནི་ལས་ཀར་ཉབ་ཉོབ་བྱས་ཏེ་བྱ་བར་ཧུར་བརྩོན་མི་བྱེད་པ་དང་བྱ་བ་སྒྲུབ་མི་ཤེས་པ།སྒྲུབ་མི་མཁས་པ།འགན་འཁྲི་གཡོལ་ཐབས་བྱེད་པ།གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་མི་བྱེད་པ་སོགས།ནུས་ཤུགས་བཏོན་ནས་ཏང་ཡོན་ཁ་ཤས་ཀྱི་ཀུན་སྤྱོད་བྱ་སྤྱོད་མི་བཟང་བའི་གནད་དོན་ཐག་གཅོད་བྱེད་པ་སྟེ།གཙོ་བོ་ནི་སྤྱི་ཚོགས་ཀྱི་ཀུན་སྤྱོད་དང་ལས་རིགས་ཀྱི་ཀུན་སྤྱོད།ཁྱིམ་ཚང་གི་ཀུན་སྤྱོད་བཅས་དང་འགལ་ཞིང་།སྒེར་གྱི་ཀུན་སྤྱོད་ལ་དོ་སྣང་མི་བྱེད་པར་སྐྱིད་ཆགས་སྡུག་གཡོལ་དང་རྒྱས་སྤྲོས་ཆུད་ཟོས་བྱེད་པ་སོགས།

༧.“སློབ་པ་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་སྤེལ་བའི་ཁྲོད་ཅི་ཞིག་རྒྱུན་འཁྱོངས་བྱེད་དགོས་པ།

  དྲང་ཕྱོགས་ཀྱི་སློབ་གསོ་གཏོང་བ་གཙོ་བྱས་ཏེ། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་ཀླད་པར་དྲག་ཆས་སྤྲ་བ་རྒྱུན་འཁྱོངས་བྱེད་པ།

  སྦྱངས་པ་དང་སྤྱོད་པ་གཉིས་ཟུང་འབྲེལ་བྱས་ཏེ།ཤེས་པ་དང་ཉམས་ལེན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་པ།

  གནད་དོན་ཐག་གཅོད་པ་ཁྲིད་ཕྱོགས་སུ་བརྩིས་ནས།ཕན་དངོས་ལེན་པར་གཙིགས་མཐོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ།

  མགོ་ཁྲིད་པས་སྣེ་ཁྲིད་དེ་གོང་ནས་འོག་ལ་མིག་དཔེ་སྟོན་པ་རྒྱུན་འཁྱོངས་བྱེད་པ།

  དོན་དངོས་གཞིར་བཟུང་ཞིང་རིགས་དབྱེ་ནས་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ།

༨. ཏང་གི་སྒྲིགས་ཡིག་དང་ཏང་གི་སྒྲིགས་སྲོལ་ལ་ཇི་ལྟར་སློབ་སྦྱོང་བཟང་པོ་བྱེད་པ།

དོན་ཚན་རེ་རེ་དང་ཚིག་རྐང་རེ་རེ་ལྟར་ཏང་གི་སྒྲིགས་ཡིག་མགོ་ནས་མཇུག་བར་བཀླགས་ནས།ཏང་གི་རྩ་འཛིན་ཁྱོན་ཡོངས་ནས་རྒྱུས་ལོན་བྱེད་ཅིང་།ཏང་གི་དམ་བཅའི་ཚིག་དང་ཏང་གི་དམིགས་ཡུལ་ཡིད་ལ་དམ་དུ་འཛིན་པ་དང་།ཏང་ཡོན་གྱི་འོས་འགན་དང་ཁེ་དབང་ཡིད་ལ་དམ་དུ་འཛིན་པ།

  《ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་གཅུན་ཚད་གཞི》དང《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིགས་ཁྲིམས་ཆད་གཅོད་སྲོལ་ཡིག》སོགས་ཏང་ནང་གི་ཁྲིམས་སྲོལ་སློབ་སྦྱོང་ནན་ཏན་བྱེད་པ།

  ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་གསར་བརྗེ་སྔོན་རབས་པ་དང་སྔོན་ཐོན་མིག་དཔེ་བཅས་ལ་སློབ་སྦྱོང་བྱེད་པ།

  ཀྲོའུ་ཡུན་ཁང་དང་པོ་ཞི་ལའེ།ཞུའེ་ཚའེ་ཧོའུ།ཀུའོ་པོ་ཞུང་།ལིན་ཅི་ཧྭ་སོགས་ཀྱི་ཁྲིམས་འགལ་གྱོད་གཞི་ཁྲོད་ནས་བསླབ་བྱ་ལེན་ཞིང་ཤུགས་རྐྱེན་ངན་པ་རྩ་མིད་གཙང་དག་བྱེད་པ།

༩.གསུང་བཤད་རབས་དང་རིམ་པར་ཇི་ལྟར་སློབ་སྦྱོང་བཟང་པོ་བྱེད་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་བཅོས་བསྒྱུར་གོང་འཕེལ་དང་བརྟན་འཇགས།ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་།ཏང་སྐྱོང་རྒྱལ་སྐྱོང་དང་དམག་སྐྱོང་བཅས་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་ནན་ཏན་བྱེད་པ།

བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་གཉེར་ཕྱོགས་ཀྱི་འདུ་ཤེས་གསར་པ་དང་།དགོངས་པ་གསར་པ།འཐབ་ཇུས་གསར་པ་བཅས་ལ་སློབ་སྦྱོང་ནན་ཏན་བྱེད་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབས་དང་རིམ་པར་སློབ་སྦྱོང་བྱེད་པ་དེ་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ།ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་དམ་པོ་བྱེད་པ་བཅས་སོ།།

༡༠.ཚད་དང་མཐུན་པའི་ཏང་ཡོན་གྱི་ཚད་གཞི་ཅི་ཡིན།

ཆབ་སྲིད་ལ་དོ་སྣང་བྱེད་པ་དང་ཕུགས་འདུན་ཡོད་པ།སྒྲིགས་ལམ་བརྩི་སྲུང་བྱེད་པ།སྒྲིགས་ཁྲིམས་བརྩི་སྲུང་བྱེད་པ།ཀུན་སྤྱོད་བཟང་བ།གཤིས་རྒྱུད་བཟང་བ།གསོལ་འབུལ་བྱེད་ཕོད་པ།བྱས་རྗེས་འཇོག་ཕོད་པ་བཅས་སོ།།

༡༡. ཚད་དང་མཐུན་པའི་ཏང་ཡོན་ཞིག་ཇི་ལྟར་བྱེད་པ།

  ཆབ་སྲིད་ཀྱི་འདུ་ཤེས་སྔར་ལས་ཇེ་དྲག་དང་ཆབ་སྲིད་ཀྱི་ངོ་བོ་སྲུང་འཛིན་བྱས་ཏེ།ཕུགས་འདུན་དང་ཡིད་ཆེས་དུས་ནམ་ཡང་རང་ཉིད་ཀྱི་བྱ་སྤྱོད་སྟེང་གང་ནུས་ཀྱིས་མཚོན་ཐབས་བྱེད་པ།

བློ་ཤུགས་བརྟན་ཅིང་རང་རྟོགས་ཀྱིས་བསམ་བློ་དང་ཆབ་སྲིད།འགུལ་སྐྱོད་བཅས་སྟེང་ནས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོན་པོ་བྱས་ཏེ།རྒྱུན་དུ་རང་འགུལ་གྱིས་ཏང་ཀྲུང་དབྱང་དང་གྲལ་མཉམ་བྱེད་ཅིང་།ཏང་གི་རིགས་པའི་གཞུང་ལུགས་དང་།ལམ་ཕྱོགས།བྱེད་ཕྱོགས།སྲིད་ཇུས་བཅས་དང་གྲལ་མཉམ་བྱས་ཏེ།ཆབ་སྲིད་སྟེང་གསལ་ཆ་ལྡན་པའི་མི་ཞིག་བྱེད་པ།

ཏང་གི་དམིགས་ཡུལ་ལག་ལེན་བྱེད་པ་དང་།སྤྱི་ཞབས་པའི་བརྩེ་སེམས་ཡོད་ཅིང་གུང་ཁྲན་ཏང་ཡོན་ནི་ནམ་ཡང་ངལ་རྩོལ་མི་དམངས་ཁྲོད་ཀྱི་སྤྱི་དམངས་ཕལ་བ་ཞིག་ཡིན་པ་ཡིད་ལ་དམ་པོར་བཟུང་སྟེ།མང་ཚོགས་དང་འབྲེལ་གཏུག་དམ་པོ་བྱེད་ཅིང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ།

ཏང་གཤིས་སྦྱོང་བརྡར་དང་ཀུན་སྤྱོད་བློ་སྦྱོང་ཐད་སྔར་ལས་ཤུགས་བསྣན་ནས།བཀུར་ཞིང་སྐྲག་པའི་བསམ་པ་ཡོད་ཅིང་ལག་ཏུ་ཤིང་ལྕག་འཛིན་པ།སྤྱོད་པ་གཙང་བས་སྲིད་དོན་གཉེར་བ།ཁྱིམ་སྐྱོང་ནན་མོ་བཅས་ཀྱིས་རུལ་སུངས་འགོག་པའི་འཛིང་རགས་ཇེ་བརྟན་དུ་གཏོང་བ།ནམ་ཡང་ལས་སྒྲུབ་ལས་སྐྲུན་དང་གསར་གཏོད་བརྩོན་ལེན་བྱེད་ཕོད་པའི་སྙིང་སྟོབས་བསྐྱེད་དེ།རྒྱུན་དུ་མིག་ལམ་དུ་མཐོང་ཐུབ་ལ་འགག་རྩར་ཐུག་པའི་དུས་སུ་གདོང་མཆོང་བྱེད་ཕོད་པ།

༡༢.སློབ་སྦྱོང་དང་བགྲོ་གླེང་ཇི་ལྟར་བྱེད་པ།

“ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”གི་ལམ་ལུགས་ལྟར། ཏང་ཚན་ཆུང་གིས་དུས་བཅད་ལྟར་ཏང་ཡོན་རྣམས་རྩ་འཛུགས་བྱས་ཏེ་གཅིག་བསྡུས་སློབ་སྦྱོང་བྱེད་པ་དང་།ཏང་གི་ཚན་ཆུང་བཙུགས་མིད་ན།ཏང་ཀྲི་པུའུ་རེ་སྡེ་ཚན་བྱས་ཏེ་གཅིག་བསྡུས་སློབ་སྦྱོང་བྱེད་པ།ཏང་ཀྲི་པུའུ་ཡིས་དུས་ཚིགས་རེར་ཏང་ཡོན་ཚང་མ་ཞུགས་པའི་ཚོགས་འདུ་རེ་བསྡུ་ཞིང་།ཐེངས་རེ་རེར་ཆེད་དོན་གཅིག་ལ་དམིགས་ནས་བགྲོ་གླེང་བྱེད་པ།

སློབ་སྦྱོང་དང་བགྲོ་གླེང་བྱེད་སྐབས་དོན་དངོས་དང་ཟུང་འབྲེལ་བྱེད་ཅིང་།སྒེར་གྱི་བསམ་བློ་དང་བྱ་བ།འཚོ་བ་བཅས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རང་ཉིད་ཀྱིས་ལས་འགན་གསར་པ་དང་ཉམས་སད་གསར་པའི་མདུན་དུ་གུང་ཁྲན་ཏང་མིའི་དད་མོས་དང་ཡིད་ཆེས།དམིགས་ཡུལ་བཅས་དམ་སྲུང་བྱེད་ཐུབ་མིན་དང་།གཞུང་དང་སྒེར།དྲང་བདེན་དང་སྒེར་ཕན།མི་སྒེར་དང་རྩ་འཛུགས།མི་སྒེར་དང་མང་ཚོགས་བཅས་ཀྱི་འབྲེལ་བ་ཡང་དག་པས་ཐག་གཅོད་བྱེད་ཐུབ་མིན།ཡ་རབས་ཀྱི་ཀུན་སྤྱོད་སྙེག་ཅིང་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་ལེན་བྱེད་ཐུབ་མིན་དང་།དགེ་མཚན་ལྡན་ཞིང་སྐྱོན་དང་བྲལ་བའི་འཚོ་བའི་རོལ་སྟངས་སྲུང་འཛིན་བྱེད་ཐུབ་མིན།རང་རྟོགས་ཀྱིས་ཏང་གི་སྒྲིགས་ལམ་དང་ཏང་གི་སྒྲིགས་ཁྲིམས་ཀྱི་མདུན་དུ་བཀུར་ཞིང་སྐྲག་སྟེ་སྒྲིགས་ལམ་ལ་བརྩི་སྲུང་བྱེད་ཐུབ་མིན།སྙིང་སྟོབས་ཆེར་སྐྱེད་ཀྱིས་ཏང་གི་ལས་དོན་ཆེད་དུ་འགན་འཁྲི་ཁུར་ཕོད་ཅིང་བྱས་རྗེས་འཇོག་ཐུབ་མིན་བཅས་ལ་བལྟ་དགོས།(མུ་འགོད)   

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།