ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་ལ་གཅིག་འགྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་ལས་དང་ཞིང་སྡེ་འཕེལ་བའི་རྨང་གཞི་སྔར་ལས་བརྟན་པོར་གཏོང་བའི་སྐོར་གྱི་བསམ་འཆར་འགའ།(༥)

ལྔ་བ། ཞིང་སྡེའི་གཞི་རིམ་མཐུན་ཚོགས་ཀྱི་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ཞིང་སྡེའི་ཏང་གི་སྲིད་སྐྱོང་རྨང་གཞི་སྲ་བརྟན་དུ་གཏོང་དགོས།

25.ཞིང་སྡེའི་གཞི་རིམ་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དང་ལེཊ་སྒྱུར་བྱ་དགོས། 

ཞིང་སྡེའི་གཞི་རིམ་ཏང་རྩ་འཛུཊ་ཀྱི་ལས་དོན་ལ་གསར་སྐྲུན་སྐུལ་འདེད་གཏོང་བ་དང་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཞིང་སྡེའི་མཐུན་ཚོགས་གསར་བར་ཁེབས་ཚད་རྒྱ་སྐྱེད་ནས།ཞིང་པའི་ཆེད་ལས་མཉམ་ལས་ཁང་དང་ཆེད་ལས་མཐུན་ཚོགས།གླ་རྒྱག་ཏུ་སོང་བགམ་ཚོང་གཉེར་མི་སྣ་ལྟོས་བཅས་ཀྱིས་གཅིག་བསྡུས་ཡིན་པའི་ས་ཁུལ་ནས་ཏང་གི་ཚོགས་འཛུགས་པའི་བྱེད་སྟངས་ཁྱབ་གདལ་དུ་གཏོང་དགོས།ཤང་གྲོང་གི་ཏང་ཨུའི་ཧྲུའུ་ཅིའི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ཤང་གྲོང་གི་ཏང་ཨུའི་ཚན་ཁག་འདེམ་བསྐོ་དང་བཀོད་སྒྲིག་བཟང་པོ་བྱ་དགོས།སྡེ་བའི་ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་པའི་སྤུས་མཚག་མཐོར་འདེགས་དང་། ལས་སྤོས་དང་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་དང་ཕ་ཡུལ་དུ་ཕྱིར་ལོག་པའི་ན་གཞོན་དང་ཕྱུག་སྒྱུར་འཇོན་མི་སོགས་ཀྱི་ཏང་ཡོན་ཁྲོད་ནས་སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་འདེམ་སྒྲུག་བྱེད་པར་དོ་སྣང་བྱ་དགོས།ལས་འགན་གསལ་བོ་དང་དཔྱད་བཤེར་ལྟ་སྐུལ་དང་ཞབས་ཞུ་འགན་སྲུང་བཅས་གནད་ཆེ་ས་བྱས་ཏེ།ཤང་དང་སྡེ་བའི་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་ཚན་ཁག་གི་དོ་དམ་ལ་ཤུགས་སྣོན་པ་དང་།དུས་ཐོག་ཏུ་ཞིང་སྡེའི་སྟོབས་ཞན་ནུས་མེད་དུ་གྱུར་བའི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཚན་ཁག་ལེགས་སྒྲིག་བྱ་བ།ཡུན་རིང་བོར་གཞི་རིམ་དང་དཀའ་ཚེགས་ཆེ་བའི་རྒྱང་ཁུལ་དུ་ལས་དོན་བསྐྱངས་པ་དང་།རིང་བོར་རྫོང་དང་ཤང་གི་ཏང་སྲིད་མགོ་ཁྲིད་ཀྱི་ལས་འགན་ཁུར་བའི་ལས་བྱེད་པར་ཟླ་ཕོགས་དང་འཚོ་བའི་ཐད་ནས་ཕྱོགས་ཞེན་སྲིད་ཇུས་ལག་བསྟར་བྱས་ཏེ།སྡེ་བའི་ལས་བྱེད་པའི“གཏན་འཁེལ་གཅིག་དང་ཡོད་པ་གསུམ”གྱི་སྲིད་ཇུས་སྔར་ལས་འཐུས་ཚང་དུ་གཏོང་ཞིང་།སྡེ་བའི་ལས་བྱེད་པ་ཕུལ་བྱུང་ཅན་གྱི་ནང་ནས་ཤང་གྲོང་གི་གཞུང་གཉེར་པར་རྒྱུགས་སྤྲོད་སྐུད་ལེན་དང་ཤང་གྲོང་གི་མགོ་ཁྲིད་ལས་བྱེད་པ་འདེམས་བསྐོ་བྱེད་བར་སྐུལ་འདེད་གཏོང་དགོས།བརྟན་ཞིང་ཚད་ལྡན་ཅན་གྱི་ཞིང་སྡེའི་གཞི་རིམ་ཚོགས་པའི་ལས་སྐྱོང་གྲོན་དངུལ་གྱི་འགན་སྲུང་ལམ་ལུགས་བཙུགས་ཏེ།སྡེ་བ་རིམ་པའི་ཚོགས་པའི་བྱ་འགུལ་སྤེལ་ས་དང་ཞིང་སྡེའི་ཏང་ཡོན་ལས་བྱེད་པའི་དེང་རབས་རྒྱང་བསྟེན་སློབ་གསོ་དྲ་བའི་འཛུགས་སྐྲུན་ཇེ་མགྱོ གས་སུ་གཏོང་དགོས།མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་མུ་མཐུད་དུ་འདེམ་སྤྱོད་བྱས་ཏེ་སྡེ་བའི་ལས་འགན་ཁུར་དུ་འཇུག་པ་དང་།གཞི་རིམ་དུ་འགྲོ་ཐུབ་པ་དང་སྡོད་ཐུབ་པ་དང་བཟང་བོར་ལས་ཐུབ་པ།བརྗེ་སྤོ་ཐུབ་པའི་ཡུན་ཕན་འདུམ་སྲོལ་འཐུས་ཚང་དུ་གཏོང་དགོས།ཞིང་སྡེའི་ཏང་གི་འཛུགས་སྐྲུན་གྱི་རིམ་གསུམ་མཉམ་སྐྲུན་བྱ་འགུལ་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་བ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཏང་འཛུཊ་ལས་དོན་གཅིག་གྱུར་འཆར་འགོད་བྱེད་པ།ཞིང་སྡེའི་འགྲིམ་སྐྱོད་ཏང་ཡོན་གྱི་སློབ་གསོ་དོ་དམ་ཞབས་ཞུ་ལམ་ལུགས་གསར་སྐྲུན་དང་འཐུས་ཚང་དུ་བཏང་ནས།ཞིང་པ་ཞོར་ལས་པའི་ཁྲོད་ཀྱི་ཏང་གི་ལས་དོན་ལ་དངོས་གནས་ཤུཊ་སྣོན་དགོས།ཏང་གཤིས་དང་ཏང་སྲོལ་དང་ཏང་གི་སྒྲིག་ཁྲིམས་བཅས་ཀྱི་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས།ཞིང་སྡེའི་གཞི་རིམ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།

26. རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་ཞིང་སྡེའི་གཞི་རིམ་བཅོས་སྐྱོང་འདུམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་དགོས།

ཏང་གིས་མགོ་ཁྲིད་བྱེད་པའི་སྡེ་བ་རིམ་པའི་དམངས་གཙོ་རང་སྐྱོང་ནང་རྐྱེན་ཇེ་བརྟན་ཇེ་རྒྱས་སུ་བཏང་ནས།སྡེ་བ་རིམ་པའི་དམངས་གཙོས་འདེམ་བསྐོ་དང་དམངས་གཙོས་ཇུས་གཅོད།དམངས་གཙོས་གཉེར་སྐྱོང་། དམངས་གཙོས་ལྟ་སྐུལ་བཅས་ཀྱི་གོ་རིམ་ཚད་ལྡན་དུ་གཏོང་དགོས།ས་གནས་སོ་སོའི་ཉམས་མྱོང་ཕྱོགས་བསྡོམས་བྱས་ཏེ།སྡེ་བ་རང་གི་ལས་དོན་ཆེན་པོ་ནི་སྡེ་བའི་ཏང་ཀྲི་པུའུ་ཡིས་གྲོས་གཞི་འདོན་པ་དང་ཀྲི་པུའུ་ཨུ་ཡོན་ལྷན་ཚོགས་དང་སྡེ་དམངས་ཨུ་ཡོན་ལྷན་ཚོགས་ཀྱི་མཉམ་འབྲེལ་གྲོས་ཚོགས་ཀྱིས་གྲོས་མོལ་བྱེད་པ།སྡེ་བ་ཡོངས་ཀྱི་ཏང་ཡོན་ཚོགས་ཆེན་གྱིས་གྲོས་བསྡུར་བྱེད་ཅིང་སྡེ་དམངས་ཀྱི་འཐུས་མི་གྲོས་ཚོགས་སམ་ཡང་ན་སྡེ་དམངས་གྲོས་ཚོགས་ཀྱིས་གྲོས་གཅོད་བྱེད་པ་དང་།དེ་མིན་གྲོས་ཆོད་མངོན་གསལ་དང་ལག་ཏུ་བསྟར་བའི་འབྲས་བུ་མངོན་གསལ་སོགས་ཀྱི་བྱེད་ཐབས་ཡུལ་བབ་དང་བསྟུན་པར་ཁྱབ་གདལ་དུ་གཏོང་དགོས།སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཚོཊ་ཀྱི་སྐབས་བརྗེ་འདེམ་བསྐོའི་མགོ་ཁྲིད་དང་མཛུབ་སྟོན་ལ་ཤུགས་སྣོན་དགོས་པར་མ་ཟད།འདེམ་ཤོག་བླུ་བ་དང་རྒྱུ་ངོ་ཟས་ངོར་བལྟས་ནས་བདམས་ཐོན་བྱུང་བ་སོགས་ཀྱི་བྱ་སྤྱོད་ནན་ཏན་སྒོས་ཞིབ་བཤེར་ཐག་གཅོད་བྱས་ཏེ།འདེམ་བསྐོ་བརྟན་ཞིང་གོ་རིམ་ཡོད་པའི་སྒོ་ནས་སྤེལ་བར་ཁག་ཐེག་ནན་ཏན་དགོས་པ་དང་།ཆོས་ལུགས་དང་རིགས་རུས་སོགས་སྟོབས་ཤུགས་ལ་བརྟེན་ནས་ཞིང་སྡེའི་སྤྱི་པའི་ལས་དོན་ལ་ཐེ་གཏོགས་གཏོང་བར་སྔོན་འགོག་དང་རྟིང་འགོག་བྱ་དགོས།ཞིང་སྡེའི་ཐུན་མོང་མ་དངུལ་དང་རྒྱུ་ནོར་དང་ཐོན་ཁུངས་དོ་དམ་བཅས་ལ་ཤུགས་བསྣན་ནས།སྡེ་དོན་ཡོངས་བསྒྲག་དང་དམངས་གཙོས་དོ་དམ་བྱེད་པའི“གནད་འགག་སྡེ་བའི”བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས།ཞིང་སྡེ་དང་སྡེ་ཁུལ་འཛུགས་སྐྲུན་གྱི་བྱ་འགུལ་སྤེལ་ནས་ཞབས་ཞུ་སྒྲིག་ཆས་སྐྲུན་པར་ཤུགས་སྣོན་པ་དང་།སྡེ་ཁུལ་གྱི་ཞབས་ཞུ་ཅན་དང་སྤྱི་ཕན་ཅན་དང་རོགས་རེས་ཅན་བཅས་ཀྱི་སྤྱི་ཚོགས་མཐུན་ཚོགས་གསོ་སྦྱོང་དང་གོང་འཕེལ་བྱ་དགོས།ཤང་གྲོང་སྲིད་གཞུང་གི་སྤྱི་ཚོགས་དོ་དམ་དང་སྤྱི་པའི་ཞབས་ཞུའི་འགན་ནུས་ལ་ཤུགས་བསྣན་ནས་ཕྱོགས་བསྡུས་ཞབས་ཞུའི་སྟེགས་བུ་འཛུགས་དགོས།ཆ་རྐྱེན་ཡོད་པའི་ཤང་གྲོང་གིས་དམངས་བདེ་ཞབས་ཞུ་ལྟེ་གནས་འཛུགས་པ་དང་སྡེ་བས་ལས་ཚབ་བྱེད་ས་བཙུགས་ནས་ཞིང་པ་རྣམས་ལ་རེས་ཐེངས་གཅིག་གི་ཞབས་འདེགས་ཞུ་དགོས།

27.ཞིང་སྡེའི་སྤྱི་ཚོགས་ཀྱི་གཏན་འཇགས་དངོས་གནས་སྲུང་སྐྱོང་བྱ་དགོས།

ཏང་དང་སྲིད་གཞུང་གིས་ཁྲིད་འཕེར་བའི་མང་ཚོགས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པའི་འདུམ་སྲོལ་འཐུས་ཚང་དུ་བཏང་ནས།ཞིང་སྡེའི་ས་ཞིང་སྐུད་བཤུག་དང་ཁོར་ཡུག་བཙོག་སྒྱུར།གནས་སྤོ་ཡུལ་མི་བཀོད་སྒྲིག ཐུན་མོང་གི་རྒྱུ་ནོར་དོ་དམ་སོགས་ཀྱི་ཐད་ནས་ཞིང་པའི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་འབུར་ཐོན་གནད་དོན་དངོས་གནས་ཐག་གཅོད་དགོས།ཞིང་སྡེའི་ཁྲིམས་ལུགས་སློབ་གསོར་ཤུགས་སྣོན་པ་དང་ཞིང་སྡེའི་ཡིག་སྐུར་ངོ་གཏུག་ཐབས་ལམ་བདེ་ཐིངས་བྱས་ཏེ།ཞིང་པ་མང་ཚོགས་ཀྱིས་ཁྲིམས་ལྟར་ལུགས་དང་མཐུན་པའི་རེ་ཞུ་འདོན་པར་སྣེ་ཁྲིད་དེ་རང་སྟེང་གི་ཁེ་དབང་སྲུང་སྐྱོང་བྱ་བ།ཞིང་སྡེའི་ཕྱོགས་བསྡུས་ཁྲིམས་བསྟར་སྤེལ་ནས།ཞིང་སྡེའི་བདེ་འཇགས་གསར་སྐྲུན་གྱི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་དང་།མང་ཚོགས་ཀྱིས་ནད་འགོག་དང་སྨན་བཅོས་སོགས་མང་ཚོགས་ལ་བརྟེན་པ་རྒྱུན་འཁྱོངས་བྱས་ཏེ།ཞིང་སྡེའི་སྤྱི་ཚོགས་བདེ་འཇཊ་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱེད་ཅིང་།ཞིང་སྡེའི་ཟོན་འཛུགས་སྐྲུན་ལ་སྔར་ལས་སྐུལ་འདེད་བཏང་ནས། ནག་སྤྱོད་སྟོབས་ཤུགས་དང་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་མོ་བྱ་དགོས།ཞིང་སྡེའི་མེ་གསོད་བྱ་བར་ཤུགས་བསྣན་ནས་བབ་བསྟུན་ཐབས་འདོན་གྱི་འདུམ་སྲོལ་འཐུས་ཚང་དུ་གཏོང་དགོས།ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་དོན་བྱའི་གཞི་རྩའི་བྱེད་ཕྱོགས་སྒོ་ཀུན་ནས་ལག་ལེན་མཐར་ཕྱིན་བྱས་ཏེ།མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཇེ་མགྱོ གས་སུ་གཏོང་བ་དང།ཁྲིམས་ལྟར་ཞིང་སྡེའི་ཆོས་ལུགས་ལས་དོན་དོ་དམ་བྱེད་དགོས།

རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་ཏང་གི་སྲིད་སྐྱོང་རྨང་གཞི་སྲ་བརྟན་དུ་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས་ཏང་གིས་ཞིང་སྡེའི་ལས་དོན་ལ་མགོ་ཁྲིད་པར་དངོས་གནས་ཤུགས་སྣོན་དང་ལེགས་བཅོས་བྱ་དགོས།ཞིང་སྡེའི་གཞི་རིམ་གྱིས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་བྱེད་པའི་བྱ་འགུལ་གྱི་འབྲས་བུ་སྲ་བརྟན་དུ་བཏང་ནས།ཏང་ཡོན་ལས་བྱེད་པར་སློབ་གསོ་ཐོབ་པ་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཆུ་ཚད་དུ་བསླེབ་པ།ཞིང་པ་མང་ཚོགས་ལ་ཕན་དངོས་ཐོབ་པ་བཅས་ཀྱི་ཡུན་ཕན་འདུམ་སྲོལ་འཛུགས་དགོས།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཏང་སྲིད་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པའི་དཔྱད་བཤེར་གདེང་འཇོག་བྱེད་ཐབས་ཀྱི་བླང་བྱ་ལྟར། ས་གནས་ཀྱིས་དཔྱད་བཤེར་ཚད་གཞི་ཇེ་ཞིབ་ཏུ་གཏོང་བར་མཛུབ་སྟོན་བྱས་ཏེ།འབྲུ་རིགས་ཀྱི་ཐོན་སྐྱེད་དང་ཞིང་པའི་ཡོང་སྒོ་འཕར་བ།རྨོ་ཞིང་སྲུང་སྐྱོང་།ཁོར་ཡུག་བཅོས་སྐྱོང་།འཆམ་མཐུན་གཏན་འཇགས་བཅས་དེ་ས་གནས་ཀྱི་ཏང་སྲིད་མགོ་ཁྲིད་ཚན་ཁག་གི་ལས་ཕྱོད་དཔྱད་བཤེར་ནང་འཇོག་དགོས།ཞིང་སྡེའི་ལས་དོན་གྱི་མགོ་ཁྲིད་སྒྲིག་སྲོལ་དང་ལས་ཀ་འཐུས་ཚང་དུ་བཏང་ནས།གལ་ཆེན་ནང་གི་འགངས་ཆེན་གྱི་བླང་བྱ་དེ་མགོ་ཁྲིད་པའི་ལས་བགོས་དང་སྒྲིག་སྲོལ་འཛུགས་པ་དང་ལས་བྱེད་པའི་བཀོད་སྒྲིག་བཅས་སུ་དོན་འཁྱོལ་བྱས་ཏེ།མུ་མཐུད་དུ་ཞིང་སྡེ་དོན་གྱི་མགོ་ཁྲིད་ཆུ་ཚད་ཇེ་མཐོར་གཏོང་དགོས།ཞིང་སྡེའི་སྲིད་ཇུས་དངོས་འབེབས་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས།དུས་ཐོག་ཏུ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱེད་དུ་འཇུག་དགོས།རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་ཏང་གི་སྤྱོད་ཚུལ་བཟང་བོ་དར་སྤེལ་དང་མང་ཚོགས་དང་འབྲེལ་འདྲིས་དམ་པོ་བྱས་ཏེ་གསར་སྐྲུན་ཚུལ་གྱིས་ལས་ཀུན་སྤེལ་དགོས།དམངས་གཙོ་ཏང་ཁག་དང་མི་དམངས་ཚོགས་པ།སྤྱི་ཚོགས་མཐུན་ཚོགས།བཟོ་ཚོང་ཁེ་ལས་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།དེང་རབས་ཞིང་ལས་གོང་སྤེལ་དང་སྤྱི་ཚོཊ་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་ཆེན་པོ་ཆགས་འཇུག་དགོས།

2010ལོའི་ཞིང་ལས་དང་ཞིང་སྡེ་ལས་དོན་ལེགས་སྐྱོང་བྱ་བ་དོན་སྙིང་ཧ་ཅང་གལ་ཆེན་ཡིན་པས།ང་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ།སྙིང་སྟོབས་ཆེར་སྐྱེད་དང་གསར་གཏོད་ཧུར་ཐག་དང་ལས་ཀ་ནན་ཏན་བཅས་བྱས་ནས་འབད་བརྩོན་སྒོས་ཞིང་ལས་དང་ཞིང་སྡེ་ལས་དོན་གྱི་་རྣམ་པ་གསར་བ་སྐྲུན་དགོས།། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།