“སློབ་པ་གཉིས་དང་བྱེད་པ་གཅིག”སྐོར་གྱི་དྲི་བ་དྲིས་ལན། ༢

༡.ཏང་གི་སློབ་ཁྲིད་ཇི་ལྟར་བྱེད་པ།

ཏང་གི་སློབ་ཁྲིད་དེ་སྤྱིར་བཏང་དུ་ཏང་ཀྲི་པུའུ་ནང་ནས་བྱེད་ཆོགཏང་ཀྲི་པུའུ་ཡིས་ཆེད་དོན་སློབ་སྦྱོང་བགྲོ་གླེང་དང་ཟུང་འབྲེལ་བྱས་ཏེ།ཏང་གི་སློབ་ཁྲིད་ཀྱི་ནང་དོན་དང་དུས་ཚོད།བྱེད་སྟངས་བཅས་བཀོད་སྒྲིག་བྱེད་ཆོག  ཏང་ཡོན་མགོ་ཁྲིད་ལས་བྱེད་པས་རང་ཉིད་གནས་སའི་ཏང་ཀྲི་པུའུ་ལ་ཏང་གི་སློབ་ཁྲིད་བྱེད་དགོས་ཤིང་།ཞིང་སྡེ་དང་སྡེ་ཁུལ།ཁེ་ལས།སློབ་གྲྭ་སོགས་གཞི་རིམ་གྱི་ཏང་ཀྲི་པུའུ་ཁྲོད་དུ་སོང་ནས་ཏང་གི་སློབ་ཁྲིད་བྱེད་དགོས།

ཏང་གི་སློབ་གྲྭའི་དགེ་རྒན་དང་འཆད་ཁྲིད་དགེ་རྒན་ཚོགས་པའི་ཁོངས་མི།སྔོན་ཐོན་མིག་དཔེ་བཅས་གཞི་རིམ་དུ་ཡོད་པའི་ཏང་ཀྲི་པུའུ་ཁྲོད་དུ་སོང་ནས་ཏང་གི་སློབ་ཁྲིད་བྱེད་དགོས།གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཏང་ཡོན་ཕལ་བས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཏང་གི་སློབ་ཁྲིད་བྱེད་པར་སྐུལ་མ་གཏོང་ཞིང་མཛུབ་སྟོན་བྱེད་དགོས།

ཉེ་འགྲམ་གྱི་དཔེ་མཚོན་སྤྱད་པའམ་རང་གི་མྱོང་ཚོར་བཤད་པ་བཅས་ཀྱིས་ཕན་ཚུན་བརྗེ་རེས་དང་།དྲི་བ་དྲིས་ལན་བཏབ་ནས་དོགས་པ་སེལ་བའམ་ནང་དོན་འགྲེལ་བཤད་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས།“བདུན་གཅིག”སྔ་གཞུག་ཏུ་ཏང་ཀྲི་པུའུ་ཡིས་ཏང་བཙུགས་ནས་ལོ་ངོ95འཁོར་བར་དྲན་གསོ་ཞུ་བའི་བྱ་འགུལ་སྤེལ་བ་དང་ཟུང་འབྲེལ་བྱས་ཏེ། གཅིག་བསྡུས་ཀྱིས་ཏང་གི་སློབ་ཁྲིད་ཐེངས་གཅིག་བྱེད་པར་བཀོད་སྒྲིག་བྱེད་དགོས།

༢.ཏང་ཀྲི་པུའུ་ཡི་ཆེད་དོན་རྩ་འཛུགས་འཚོ་བ་ཇི་ལྟར་བསྡུ་བ།

ལོ་མཇུག་གི་སྔོན་དུ་ཏང་ཀྲི་པུའུ་ཡིས་ཆེད་དོན་རྩ་འཛུགས་འཚོ་བ་བསྡུ་དགོས།ཀྲི་པུའུ་ཚན་ཁག་དང་དེའི་ཁོངས་མིས་རང་གི་འགན་ནུས་དང་འགན་འཁྲི་བསྡུར་ཐབས་ཀྱིས་ཏང་གཤིས་དབྱེ་ཞིབ་བྱེད་ཅིང་།བསམ་བློ་དང་རྩ་འཛུགས།སྤྱོད་ཚུལ།སྒྲིགས་ཁྲིམས་སོགས་ཕྱོགས་སུ་གནས་པའི་གནད་དོན་ལ་བསྡུར་བཤེར་བྱས་ནས་ཞིབ་མོར་བཤད་དགོས། ཏང་ཡོན་དང་མང་ཚོགས་ལ་ཁ་ཕྱོགས་ཏེ་རྒྱ་ཁྱབ་ཆེ་བའི་ངང་བསམ་འཆར་སྡུད་ལེན་བྱེད་པ་དང་། གཟབ་ནན་དང་ཏན་ཏན་གྱི་སྒོ་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་ཅིང་།གནད་དོན་འབུར་ཐོན་དང་ཞན་སར་དམིགས་ནས་ལེགས་སྒྲིག་དང་དག་བཅོས་བྱེད་པའི་བྱེད་ཐབས་འདོན་དགོས།ཏང་ཡོན་ཡོངས་རྫོགས་རྩ་འཛུགས་བྱས་ཏེ་ཀྲི་པུའུ་ཚན་ཁག་གི་བྱ་བ་དང་སྤྱོད་ཚུལ་སོགས་ལ་དཔྱད་མོལ་བྱེད་དགོས།

  ཏང་ཚན་ཆུང་གིས་ཏང་ཀྲི་པུའུ་ཡི་བླང་བྱ་ལྟར་ཆེད་དོན་རྩ་འཛུགས་འཚོ་བའི་ཚོགས་འདུ་བསྡུ་ཆོག

༣.ཏང་ཡོན་ལ་དམངས་གཙོའི་དཔྱད་མོལ་ཇི་ལྟར་སྤེལ་བ།

ཏང་ཀྲི་པུའུ་སྡེ་ཚན་བྱས་ཏེ་ཏང་ཡོན་ཚང་མ་ཞུགས་པའི་གྲོས་ཚོགས་བསྡུས་པ་བརྒྱུད།ཏང་ཡོན་རྣམས་རྩ་འཛུགས་བྱས་ཏེ་དམངས་གཙོའི་དཔྱད་མོལ་སྤེལ་དགོས།ཏང་ཡོན་གྱི་ཚད་གཞི་དང་རང་གིས་རང་ལ་དཔྱད་མོལ།ཏང་ཡོན་ཕན་ཚུན་ལ་དཔྱད་མོལ།དམངས་གཙོའི་དཔྱད་མོལ།རྩ་འཛུགས་ཀྱིས་དཔྱད་འཇོག་བྱེད་པ་བཅས་ཀྱི་གོ་རིམ་ལྟར་ཏང་ཡོན་རེ་རེ་བཞིན་དཔྱད་མོལ་བྱེད་དགོས།

ཏང་ཡོན་ཅུང་མང་བའི་ཏང་ཀྲི་པུའུ་ཡིས་རང་གིས་རང་ལ་དཔྱད་མོལ་དང་ཏང་ཡོན་ཕན་ཚུན་ལ་དཔྱད་མོལ་བྱེད་སྐབས་ཏང་ཚན་ཆུང་ལྟར་སྤེལ་ཆོག དམངས་གཙོའི་དཔྱད་མོལ་དང་ཟུང་འབྲེལ་བྱས་ཏེ་ཀྲི་པུའུ་ཚན་ཁག་གི་ཁོངས་མིས་ཏང་ཡོན་རེ་རེ་བཞིན་སེམས་གཏམ་བཤད་པའམ་གླེང་མོལ་བྱེད་དགོས། 

ཏང་ཀྲི་པུའུ་ཡིས་དམངས་གཙོའི་དཔྱད་མོལ་བྱས་པའི་གནས་ཚུལ་དང་ཏང་ཡོན་གྱི་དུས་རྒྱུན་གྱི་རྣམ་འགྱུར་ལྟར་དཔྱད་མོལ་སྤེལ་བའི་རིམ་པ་གཏན་འཁེལ་བྱེད་ཆོག ཕུལ་བྱུང་ཏང་ཡོན་ལ་གཟེངས་བསྟོད་བྱེད་པ་དང་ཚད་གཞི་དང་མི་མཐུན་པའི་ཏང་ཡོན་ལ་ཏང་གི་སྒྲིགས་ཡིག་དང་ཏང་ནང་གི་འབྲེལ་ཡོད་གཏན་འཁེལ་ལྟར།དངོས་ཡོད་གནས་ཚུལ་ལྟར་རྩ་འཛུགས་སྟེང་ནས་གཟབ་ནན་གྱིས་ཐག་གཅོད་འོས་འཚམ་བྱེད་དགོས།

༤. ཏང་ཡོན་གྱིས་རང་གི་ལས་རྐང་ནས་བྱས་རྗེས་འཇོག་པར་ཇི་ལྟར་སློབ་གསོ་དང་ཁྲིད་སྟོན་བྱེད་པ།

ཞིང་སྡེ་དང་སྡེ་ཁུལ་དུ་གཙོ་བོར་ཏང་ཡོན་ལ་ལས་རྐང་དང་འགན་འཁྲི་གཏན་འཁེལ་དང་རང་གི་ཁས་ལེན་དེ་ལག་ལེན་བྱེད་པའི་ལམ་ལུགས་དངོས་འབེབས་བྱེད་པ་དང་།རྒྱལ་དབང་ཁེ་ལས་དང་སྤྱི་དབང་ལམ་ལུགས་མ་ཡིན་པའི་ཁེ་ལས།སྤྱི་ཚོགས་རྩ་འཛུགས་བཅས་ནས་གཙོ་བོར་ཏང་ཡོན་དཔེ་སྟོན་ལས་རྐང་དང་ཏང་ཡོན་འགན་འཁྲིའི་ཁུལ་གྱི་ལམ་ལུགས་དངོས་འབེབས་བྱེད་པ།སྒེའུ་ཁུང་ལས་ཁུངས་དང་ཞབས་ཞུ་ལས་རིགས་ནས་གཙོ་བོར་ཏང་ཡོན་བྱང་བུ་འགེལ་བ་དང་མིང་ཐོབ་གསལ་སྟོན་ལམ་ལུགས་དངོས་འབེབས་བྱེད་པ།སྲིད་འཛིན་དང་དོན་ལས་ལས་ཁུངས་ནས་ཏང་ཡོན་གྱིས་ལས་རྐང་འགན་འཁྲི་ལག་ལེན་བྱེད་པའི་མིག་དཔེ་སྟོན་པར་སྐུལ་འདེད་གཏོང་ཞིང་། ཏང་ཡོན་སྡེ་ཁུལ་དུ་སོང་ནས་ཐད་ཀར་མང་ཚོགས་དང་འབྲེལ་གཏུག་བྱེད་པར་ཞབས་འདེགས་ཞུ་བའི་ལམ་ལུགས་དངོས་འབེབས་བྱེད་པ། སློབ་གྲྭ་ནས་གཙོ་བོར་ཏང་ཡོན་ཡིན་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་།རང་རྟོགས་ཀྱིས་ཏང་ལ་དགའ་ཞེན་དང་ཏང་ལ་བྱམས་སྐྱོང་།ཏང་གི་ཆེད་དུ་བྱ་བ་སྒྲུབ་པ།ལས་བཀུར་བློ་སྦྱོང་།སྤྱི་ཚོགས་ལ་གསོལ་འབུལ་བྱེད་པ་བཅས་ཀྱི་བླང་བྱ་འདོན་དགོས།

ཏང་བཙུགས་ནས་ལོ་ངོ95འཁོར་བར་དྲན་གསོ་ཞུ་བའི་བྱ་འགུལ་སྤེལ་བའི་ཁྲོད།ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་ཏང་དོན་སྒྲུབ་མཁན།སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་དཔྱད་འདེམ་བྱས་ཏེ་གཟེངས་བསྟོད་བྱེད་དགོས།

༥.མགོ་ཁྲིད་ལས་ཁུངས་ཀྱི་མགོ་ཁྲིད་ལས་བྱེད་པས་ཇི་ལྟར་མིག་དཔེ་སྟོན་པ།

ཏང་ཡོན་མགོ་ཁྲིད་ལས་བྱེད་པས“སློབ་པ་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་བྱ་འགུལ་སྤེལ་བའི་ཁྲོད་མདུན་དུ་སྐྱོད་ཅིང་སློབ་པའི་རིམ་པ་ཇེ་ཟབ་ཡིན་པ་ལས།རྩ་འཛུགས་འཚོ་བ་ཉིས་བརྩེགས་ལམ་ལུགས་ལག་བསྟར་ནན་ཏན་བྱས་འོག་ཏང་ཡོན་དཀྱུས་མའི་ཆ་ནས་རང་ཡོད་ཏང་ཀྲི་པུའུ་ཡི་རྩ་འཛུགས་འཚོ་བའི་ནང་ཞུགས་ཏེ།ཏང་ཡོན་ཚང་མ་དང་མཉམ་དུ་སློབ་སྦྱོང་བགྲོ་གླེང་བྱེད་ཅིང་མཉམ་དུ་གནད་དོན་རྩད་བཤེར་དང་ཐག་གཅོད་བྱེད་པ།མཉམ་དུ་སློབ་གསོ་དང་ལེན་བྱེད་པ།མཉམ་དུ་ཏང་ཡོན་དམངས་གཙོའི་དཔྱད་མོལ་ནང་ཞུགས་པ་བཅས་བྱེད་དགོས།

ཏང་བཙུགས་ནས་ལོ་ངོ95ལོན་པའི་སྐབས་སུ།མཚོ་སྔོན་ཞིང་ཆེན་བུད་མིད་ལས་བྱེད་པའི་སློབ་གྲྭའི་ཏང་ཀྲི་པུའུ་ཡིས“སློབ་པ་གཉིས་དང་བྱེད་པ་གཅིག”དེ་རང་འགན་དུ་བབས་པའི་བྱ་བའི་ཁྲོད་ལྷུར་བླངས་པར་མ་ཟད།རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་སོང་ནས་ལྟ་སྐོར་དང་སློབ་སྦྱོང་བྱས།འདི་ནི་ཉེ་སྔོན་ཏང་ཡོན་རྣམས་ཀྱིས་ཏང་དར་འོག་ཡང་བསྐྱར་ཏང་ནང་དུ་ཞུགས་པའི་མནའ་ཚིག་སྒྲོག་འདོན་བྱེད་པའི་ཚུལ་རེད།

ཏང་ཨུའི(ཏང་ཙུའུ)ཚོགས་འདུ་བསྡུས་ནས་ཏང་གི་སྒྲིགས་ཡིག་དང་ཏང་གི་སྒྲིགས་ཁྲིམས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབས་དང་རིམ་པ་བཅས་ལ་ཆེད་དུ་སློབ་སྦྱོང་བྱེད་དགོས་ཤིང་། ཏང་ཨུའི(ཏང་ཙུའུ)ལྟེ་གནས་ཚན་ཆུང་སོགས་རྣམ་པས་རྩ་འཛུགས་བྱས་ཏེ་གཅིག་བསྡུས་ཞིབ་བསྡུར་སྤེལ་ནས།སློབ་སྦྱོང་ལས་ཐོབ་པའི་ཕན་འབྲས་སྔར་ལས་ཇེ་ཟབ་ཏུ་གཏོང་དགོས།

ལོ་འཁོར་མོའི་དམངས་གཙོའི་འཚོ་བའི་ཚོགས་འདུར་ཡང“སློབ་པ་གཉིས་དང་བྱེད་པ་གཅིག”བརྗོད་བྱ་གཙོ་བོ་བྱེད་དགོས་ཤིང་།མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པས་རང་ཉིད་དཔེར་བཞག་སྟེ་གནས་པའི་གནད་དོན་འཚོལ་ཞིབ་བྱེད་དགོས།

༦.“སློབ་པ་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་ལ་སུས་རྩ་འཛུགས་དང་མགོ་ཁྲིད་བྱེད་པ་ཡིན།

“སློབ་པ་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་ནི་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་འོག་སྤེལ་བ་དང་། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་སྣེ་ཁྲིད་རྩ་འཛུགས་བྱས་འོག་ལག་བསྟར་བྱེད་ཅིང་།ཀྲུང་དབྱང་སྒྲིགས་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་དང་ཀྲུང་དབྱང་དྲིལ་སྒྲོག་པུའུ། ཀྲུང་དབྱང་ཏང་གི་སློབ་གྲྭ་བཅས་ཀྱིས་གཞོགས་འདེགས་བྱས་ཏེ་འབྲེལ་ཡོད་བྱ་བ་བསྒྲུབ་དགོས།

༧. རིམ་པ་སོ་སོའི་ཏང་ཨུས(ཏང་ཙུའུ)འགན་འཁྲི་ཇི་ལྟར་དངོས་འབེབས་བྱེད་པ།

  ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)དང་སྡེ་ཁག(མ་ལག)གི་ཏང་ཨུས(ཏང་ཙུའུ)དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བཀོད་སྒྲིག་བྱེད་ཅིང་།བྱེ་བྲག་གི་མཛུབ་སྟོན་བྱ་བར་ཤུགས་བསྣན་དགོས། རྫོང་རིམ་པའི་ཏང་ཨུས་གནད་འགག་གི་ནུས་པ་འདོན་སྤེལ་བྱས་ཏེ།བྱེ་བྲག་གི་ལག་བསྟར་ཐབས་ཇུས་གཏན་འཁེལ་བྱེད་པ་དང་།བྱ་བ་སྒྲུབ་ཤུགས་འགན་སྲུང་བྱེད་པ།ལྟ་སྐུལ་དང་མཛུབ་སྟོན།གནད་འགག་དམ་འཛིན་བཅས་ཐད་ཤུགས་བསྣན་དགོས།

གཞི་རིམ་གྱི་ཏང་ཨུས་རང་གི་ཁོངས་གཏོགས་ཀྱི་ཏང་ཀྲི་པུའུ་ཚང་མར་ཁེབས་པ་དང་གོ་རིམ་ཧྲིལ་པོར་ཁྱབ་པའི་ཡུལ་དངོས་མཛུབ་སྟོན་བྱས་ཏེ། ཏང་ཀྲི་པུའུ་ཡིས་སློབ་སྦྱོང་སློབ་གསོའི་འཆར་གཞི་གཏན་འཁེལ་བྱེད་རོགས་བྱེད་ཅིང་། མི་མངགས་ནས་ཏང་ཀྲི་པུའུ་ཡི་བྱ་འགུལ་སྣ་ཚོགས་ནང་ཞུགས་དགོས།    རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་འགན་འཁྲི་གཙོ་བོ་ཁུར་ཏེ། ལས་བྱེད་པར་དོ་དམ་གང་ལེགས་དང་ཚན་ཁག་ལ་སྣེ་ཁྲིད་གང་ལེགས་བྱེད་པ་ལས།ད་དུང་ཏང་ཡོན་ལ་དོ་དམ་གང་ལེགས་དང་དཔུང་སྡེར་སྣེ་ཁྲིད་གང་ལེགས་བྱས་ཏེ།རིམ་པ་ལྟར་གནོན་ཤུགས་བརྒྱུད་མཆེད་བྱེད་ཅིང་ནན་ཏན་དང་རྣལ་མའི་སྒོ་ནས་སློབ་སྦྱོང་སློབ་གསོ་ལེགས་པར་འཛིན་དགོས།

༨. རྩ་འཛུགས་སྟེང་གི་འགན་སྲུང་ལ་ཇི་ལྟར་ཤུགས་སྣོན་པ།

ནུས་མིད་ཟབ་ཟོབ་ཡིན་པའི་གཞི་རིམ་ཏང་རྩ་འཛུགས་ལ་དག་ཐེར་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་ནས།ཚན་ཁག་དང་ལྷག་པར་སྣེ་ཁྲིད་པ་ཆ་ཚང་དུ་བསྒྲིགས་པ་དང་ཇེ་དྲག་ཏུ་གཏོང་ཞིང་བྱ་བའི་ལམ་ལུགས་འཐུས་ཚང་དུ་བཏང་ནས།“སློབ་པ་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་བྱ་བ་འཛིན་མཁན་ཡོད་ལ་དོ་དམ་བྱེད་མཁན་ཡང་ཡོད་པར་བྱེད་དགོས།

ཏང་ཡོན་གྱི་རྩ་འཛུགས་འབྲེལ་བ་གཅིག་བསྡུས་ཀྱིས་སྒྲིགས་བཤེར་བྱས་ཏེ།“ཁུག་མ”ཏང་ཡོན་དང་ཡུན་རིང་པོར་ཏང་རྩ་འཛུགས་དང་འབྲེལ་བ་མིད་པའི་ཏང་ཡོན་གྱི་གནས་ཚུལ་གསལ་པོར་ཤེས་ཤིང་།ཏང་ཡོན་གྱི་རྩ་འཛུགས་འབྲེལ་བ་གང་དུ་ཡོད་པ་ཐོ་འགོད་གསལ་པོ་བྱེད་པ་དང་།ཏང་ཡོན་ཚང་མར་ཏང་རྩ་འཛུགས་ཀྱི་ནུས་ལྡན་དོ་དམ་ནང་ཚུད་དེ།སློབ་སྦྱོང་སློབ་གསོ་ནང་ཞུགས་སུ་འཇུག་དགོས།

གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་རྩ་འཛུགས་ཨུ་ཡོན།རྩ་འཛུགས་པ་བཅས་ཏང་དོན་སྒྲུབ་པའི་རྐང་འཛིན་པར་ཡོངས་ཁྱབ་ཏུ་གསོ་སྦྱོང་ཐེངས་ཤིག་བྱས་ཏེ།ཁོ་ཚོར་བྱ་བ་སྒྲུབ་ཐབས་ཤེས་སུ་འཇུག་རོགས་བྱེད་ཅིང་བྱ་བའི་བླང་བྱ་གསལ་པོར་ཤེས་སུ་འཇུག་དགོས།

༩.ལས་རིགས་མི་འདྲ་བའི་ཏང་རྩ་འཛུགས་ལ་ཇི་ལྟར་རིགས་དབྱེ་ནས་མཛུབ་སྟོན་བྱེད་པ།

སྤྱི་དབང་ལམ་ལུགས་མ་ཡིན་པའི་ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་བཅས་ལ་ཁེ་ལས་ཀྱི་གནས་ཚུལ་དང་བསྟུན་པ་དང་ལས་རྐང་གི་གནས་ཚུལ་ལ་བསྟུན་ནས་བཀོད་སྒྲིག་བྱེད་ཆོག

ཏང་ཡོན་ཉུང་བ་དང་ཏང་ཡོན་འགྲོ་སྐྱོད་རང་བཞིན་དྲག་པའི་ཏང་རྩ་འཛུགས་ཀྱིས་ས་ཁོངས་ཅན་གྱི་ཏང་ཡོན་ཞབས་ཞུ་ལྟེ་གནས་ལ་བརྟེན་ཅིང་སྒོ་འབྱེད་ཚུལ་གྱི་རྩ་འཛུགས་འཚོ་བ་སོགས་རྣམ་པ་བེད་སྤྱད་དེ།ཏང་ཡོན་རྩ་འཛུགས་བྱས་ནས་སློབ་སྦྱོང་དང་སློབ་གསོ་བྱ་འགུལ་ནང་ཞུགས་སུ་འཇུག་དགོས།

འགྲོ་སྐྱོད་ཏང་ཡོན་རྣམས་ལ་བྱ་བ་སྒྲུབ་པའི་ས་གནས་དང་ཡོང་སའི་ཏང་རྩ་འཛུགས་ཀྱིས་མཐུན་སྦྱོར་དང་གཞོགས་འདེགས་གང་ལེགས་བྱས་ཤིང་།བྱ་བ་སྒྲུབ་པའི་ས་གནས་གཙོ་བོ་ཡིན་པའི་རྩ་དོན་ལྟར་འགྲོ་སྐྱོད་ཏང་ཡོན་རྣམས་ཀྲི་པུའུ་གཅིག་གི་ནང་དུ་ཚུད་པར་བྱས་ཏེ།ཐག་ཉེ་ས་དང་སྟབས་བདེ་ས་ནས་སློབ་སྦྱོང་སློབ་གསོ་བྱ་འགུལ་ནང་ཞུགས་སུ་འཇུག་དགོས།

ལས་འཁྱུར་ངལ་གསོ་དང་ལས་བྲལ་ལས་བྱེད་པ་དང་ལས་བཟོ་པའི་ཏང་ཡོན་དང་དེ་མིན་ལོ་ན་རྒས་པ་དང་ལུས་སྟོབས་ཞན་པའི་ཏང་ཡོན་རྣམས་ལ་བླང་བྱ་ནན་མོ་འདོན་པར་མ་ཟད་ཁོ་ཚོའི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་བྱེད་སྟངས་འོས་འཚམ་གྱིས་རྩ་འཛུགས་བྱས་ཏེ།ཁོ་ཚོ་སློབ་སྦྱོང་དང་སློབ་གསོ་བྱ་འགུལ་ནང་ཞུགས་སུ་འཇུག་དགོས།

༡༠.སྨྱན་བྱད་བརྒྱུད་དེ་ཇི་ལྟར་སློབ་སྦྱོང་སློབ་གསོ་སྤེལ་བ།

གུང་ཁྲན་ཏང་ཡོན་གྱི་དྲ་བ་དང་ལག་ཁྱེར་ཁ་པར།བཪྙན་འཕྲིན་ལེ་ཚན།སྐད་ཕྲན།རྒྱང་བསྟེན་སློབ་གསོའི་སྟེགས་བུ་བཅས་བེད་སྤྱོད་གང་ལེགས་བྱས་འོགགཟིགས་སུ་བཀོད་ཡོད་ཅིང་ཐད་ཀར་ལྟ་ཐུབ་པ།ནང་དོན་ཕུན་སུམ་ཚོགས་པ་བཅས་ཀྱི་སློབ་སྦྱོང་ཐོན་ཁུངས་གསར་སྤེལ་བཟོ་སྐྲུན་བྱས་ཏེ།དུས་ཐོག་ཏུ་སློབ་སྦྱོང་གི་ནང་དོན་སྤེལ་དགོས། ཏང་ཡོན་གྱི་སྣེ་ཁྲིད་ཅིང་དྲ་རྒྱ་བེད་སྤྱད་དེ་རང་བདག་གིས་སློབ་སྦྱོང་དང་ཕན་ཚུན་བརྗེ་རེས་བྱས་ཏེ།སློབ་སྦྱོང་སློབ་གསོའི་ཁེབས་རྒྱ་ཇེ་ཆེར་གཏོང་དགོས། 

སྨྱན་བྱད་སྣ་ཚོགས་ཀྱིས“སློབ་པ་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་མྱོང་བའི་བྱེད་ཐབས་དང་ཐོབ་པའི་གྲུབ་འབྲས་དྲིལ་སྒྲོག་བྱེད་པ་དང་། གླེང་ཕྱོགས་ཀྱི་ཁྲིད་སྟོན་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས།ཉམས་སྣང་བཟང་པོ་ཞིག་བསྐྲུན་གང་ཐུབ་བྱེད་དགོས།།ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཞིན་ཧེ་སྲང་ལམ་སློབ་ཆུང་གིས“སློབ་པ་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་སྤེལ་བ་དང་ཟུང་འབྲེལ་བྱས་ཏེ།གོམ་གང་མདུན་སྤོས་ཀྱིས་ཏང་ཡོན་ཁྲོད་ཕུགས་བསམ་ཡིད་རྟོན་སློབ་གསོ་སྤེལ།འདི་ནི་ལས་གནས་སུ་ཡོད་པའི་ཏང་ཡོན་དང་ལས་འཁྱུར་ངལ་གསོ་བྱས་པའི་ཏང་ཡོན་རྣམས་མཉམ་དུ་འཛོམས་ནས་ལས་འཁྱུར་ངལ་གསོ་བྱས་པའི་ཏང་ཡོན་རྒན་པར་འཚམས་འདྲི་བྱེད་པའི་ཚུལ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།